Video Overview
A small part of nomad Sonam's life.
- བསོད་རྣམས་སྙན་གྲགས།ངའི་མིང་ལ་བསོད་ནམས་སྙན་གྲགས་ཟེར་ནི་རེད།
- ངའི་ཕ་ཡུན་ནི་གླག་ཁོག་སྡེ་བ་རེད།
- ང་ཚོ་འབྲོག་པ་ཁྱིམ་ཚང་དུད་ཁ་བརྒྱད་བརྒྱ་ལྷག་ཡོད་པ་རེད།
- དེའི་ནང་ན་སྡེ་བ་བཞི་ཙམ་ཡོད་རེད།
- དེ་ལས་ང་ནི་སྡེ་བ་གཉིས་པའི་ནང་གི་རེད།
- དེ་ནས་ཟོག་རྫི་ལ་སོང་ན་ཟོག་ཕར་འདེད་པ་དང་ཚུར་བསྐོར་བ་རེད།
- དེ་ནས་ཚུར་ལ་བསྐོར་ནས་ཡོང་སྟེ་ཕྱི་དྲོ་ཐོན་དུས་དུས་ཚོད་ལྔ་ཡས་མས་ལ།
- ཟོག་ཐམས་ཅད་ར་མཐའ་ལ་བསྐོར་ནས།
- ངེད་ཆ་གས་ཧོར་ཆུ་(རྫི་ཇ)ཟེར་ནི་རེད།
- དེ་འཐུང་ནས་ག་ལེ་ག་ལེ།
- མུན་རུབ་ལ་ཁད་ཐོན་དུས།
- ཕར་སོང་ནས་ཟོག་ཟོག་ཁང་དུ་འདེད་པ་དང་།
- དེ་ནས་ང་ཚོས་བེའུ་ཆ་ག་སྦྲའི་ནང་དུ་བཏགས་ནས།
- ད་ལྟ་དགུན་ཁ་བེའུ་ཆ་གར་ཙག་རྒྱག་པ་དང་འཁྱགས་པ་རེད།
- དེ་བས་བེའི་ཆ་ག་སྦྲའི་ནང་དུ་འཇུག་པ་རེད།
- དེ་ནས་ང་ཚོས་བེའུ་བཏགས་ཚར་རྗེས།
- ང་ཚོས་མཉམ་དུ་ནུབ་ཇ་དལ་མོར་འཐུང་བ་རེད།
- སྔ་མོ་འདྲ་ཡིན་ན།
- ངེད་ཆ་གའི་ཨ་ཅེ་ཡར་ལངས་ནས་ཞོགས་ཇ་སྐོལ་ནས།
- ཚང་མས་ལྷན་དུ་འཐུང་བ་རེད།
- ཟོག་རིག་སར་སོང་ནས་ཟོག་ཚུར་ལ་བསྐོར།
- དེ་ནས་ཚུར་ཡོང་ནས།
- ངས་ཟོག་ཚོ་ར་བའི་ནང་དུ་བརྒྱབ་རྗེས།
- ངའི་སྲིང་མོ་ཆེ་བས་ཟོག་བཞོ།
- དེ་ནས་ངའི་སྲིང་མོ་ཆུང་བ་ངེད་གཉིས་ཟོག་འཚོ་སར་འགྲོ་བ་རེད།
- དེ་ནས་ཟོག་ཨེ་ཚང་ཅི་ལྟར་བལྟ་བ་རེད་ཟེར་ན།
- ཡ་རུ་ཉི་ཤུ་སུམ་ཅུ་ག་ཚོད་ཡོད་ན་ལྷན་དུ་གྲལ་ལ་བརྩི་བ་རེད།
- དེ་བཞིན་ང་ཚོས་ཤད་ཟེར་བ་རེད།
- ཤད་བཅུ་ཁ་ཉི་ཤུ་ག་ཚོད་ཡོད་ན་ཡང་ལྷན་དུ་བརྩི་བ་རེད།
- དེ་ནས་ཡང་ཤད་ཀྱི་འཕྲོར་ང་ཚོས་གྱིས་ཚིག་ཟེར་བ་རེད།
- གྱིས་ཚིག་ག་ཚོད་ཡོད་ནའང་དེ་དག་ལྷན་དུ་བརྩི་བ་རེད།
- འབྲི་ཡིན་ན་ཆོག་གི་གཡག་ཡིན་ན་ཆོག་གི་དེ་ལྟར་བརྩི་བ་རེད།
- དེ་ནས་གྱིས་གཉིས་དང་གྱིས་གསུམ་ཆ་བོ་ལྷན་དུ་བརྩི།
- དེ་ནས་གྱིས་བཞི་ཟེར་བ་རེད།
- འབྲི་ཡིན་ན་གཡག་ཡིན་ན་དེ་ནས་ཡར་ལ་ལོ་ལོན་ཡོད་པ་རེད།
- ཁོ་ཚོ་ན་ཟླ་ཆ་བོ་ལྷན་དུ་བརྩིས་ནས།
- དེ་ནས་གྱིས་ལྔ་ཡང་ལྷན་ནུ་བརྩིས།
- དེ་ནས་རྒས་སོང་དུས་ཚང་མ་ཁྱོན་བསྡོམས་ནས་མཉམ་དུ་བརྩི་བ་རེད།
- བསོད་ནམས་དང་ཚེ་གོ
- ང་ཚོས་བརྩི་རྒྱུ་ཡིན་ནམ།
- བསྐོར་ནས་བརྩི་རྒྱུ་ཡིན་ནམ།
- ངའི་ཨ་རྒྱས་བློ་ནས་བརྩི་བ་རེད། ངས་ཕྲེང་བས་བརྩི་བ་རེད།
- ཟོག་བཞོས་ཚར་དུས་ཟོག་ཚོ་རི་མགོར་རྒྱག་པ་རེད།
- ང་འདྲ་ཞིག་ཡིན་ན་ངའི་ཨ་ཡེ་ཨ་མྱེས་ཚང་མ་འབྲོག་པ་རེད།
- འབྲོག་པའི་རྩྭ་ཐང་ནས་སྐྱེས་པ་རེད།
- ངའི་ཕ་མ་མཉིིས་ཀྱང་དེ་ལྟར་ལག་ཆགས་པ་རེད།
- དེ་ནས་ང་འདྲ་ཡིན་ན་ང་ལོ་ཉི་ཤུ་རྩ་གཅིག་ལ་ཐོན་ཡོད་ཀི
- ད་བར་དུ་འབྲོག་པའི་འཚོ་བ་རོལ་ནས་ཡོང་བ་རེད།
- སློབ་གྲྭའི་སྐོར་འགྲིམ་མྱོང་མཁན་ཞིག་མིན།
- སྐྱིད་ཀི་བསམ་པ་འདྲ།
- འབྲོག་པ་ཚོས་སྦྲ་ནག་ཕུག
- དེ་ནས་རྟ་ནོར་ལུག་གསུམ་ཚོ་དབྱར་ཁར་སྤང་ཐང་ལ་བཀྲམ།
- དེ་ནས་ཆུ་གཙང་མ་འདྲ་ཡོད་ས།
- དེ་འདྲ་ཡིན་པས་འབྲོག་པའི་ས་ཆ་དེ་སྐྱིད་ཀི་བསམ་རྒྱུའི་བག་ཆགས་ཡོད་ཀི
- སྐྱིད་པས་ཁ་བྲལ་བསམ་རྒྱུ་འདྲ་མེད་ཀི
- དེ་བས་མི་སུ་དང་སུ་ཡིན་ན་འབྲོག་པའི་བསྟན་པ་དེ་མི་བསྣུབ་པར།
- འབྲོག་པ་རྒྱུད་འཛིན་ཨེ་ཐུབ་ན་བསམ་རྒྱུའི་རང་ལ་བསམ་པ་ཡོད་ཀི
- འབྲོག་པ་ཡར་རྒྱས་སོང་ན་ངོ་མས་ཡག་གི་བསམ་རྒྱུ་འདྲ་ཡོད་ཀི
- ཡག་པའི་མ་ཚད་རིན་ཐང་ཆེན་པོ་ཡོད་ཀི་བསམ་གི
- དེ་བས་ང་ཚོ་སུ་དང་སུ་ཡིན་ན་འབྲོག་པའི་སྲོལ་རྒྱུན་དེ་མི་བསྣུབ་པར།
- འབྲོག་པ་ཡར་རྒྱས་ཨེ་ཡོང་མི་ཡོང་བྱེད་རྒྱུ་དང་།
- འབྲོག་པ་བྱས་ནས་འདུག་པ་ལས་རོང་སར་མི་འབབ་རྒྱུ་དང་།
- འབྲོག་པ་དེ་རྒྱུན་སྐྱོང་བྱེད་པ།
- རང་ཉིད་ལ་མཚོན་ན་བསམ་རྒྱུ་དེ་འདྲ་ཞིག་ཡོད་ཀི