Skip to main content Skip to search
15 Jun 2018
15 min 36 sec
Ariana Maki
Video Overview
Creators: 
Thupten Dargee

For most of his life, Padma Zangbo has consistently been devoted to Tibetan performing arts.

མི་ལོ་དྲུག་ཅུ་རེ་གསུམ་ལ་བོད་ལྭ་དང་གླུ་གར་ལ་ཁ་བྲལ་མ་མྱོང་བའི་མི་བུ་ཞིག་ཡིན།

པདྨ་བཟང་པོ་ནི།   

ཁམས་རོང་རྫོང་སྨེ་རི་མ་འབྲོག་སྡེ་ནས་༡༩༥༥་ལོར་སྐྱེས་ཤིང་ལོ་ངོ་བཅུ་གསུམ་གྱི་སྟེང་ནས་ནོར་རྫི་བྱས།    ཆུང་དུས་ནས་གླུ་གར་ལ་ཧ་ཅང་དགའ་མཁན་ཞིག་ཡིན་པས་ཁོ་རང་ནམ་རྒྱུན་རྫི་བོ་བྱེད་ཞོར་དུ་གླིང་བུ་འབུད་རྒྱུ་དང་གླུ་ལེན་རྒྱུ། བྲོ་འཁྲབ་རྒྱུ་སོགས་རང་སྦྱོང་བྱས།    

ཁོ་བོས་བཤད་རྒྱུ་ན་ལོ་ངོ་བཅུ་གསུམ་གྱི་སྟེང་ནས་བཟུང་སྟེ་ད་ལྟ་ལོ་ངོ་དྲུག་ཅུ་རེ་གསུམ་བར་དུ་རང་གི་སྡེ་བའི་ནང་ལ་དགོན་སྟོན་དང་ཆོས་སྟོན། སྡེ་བའི་དགའ་སྟོན་དང་གཉེན་སྟོན་སོགས་ཀྱི་སྟེང་དུ་གླུ་བྲོ་མང་དུ་བྱས་མྱོང་ལ། ཁོ་བོ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཧ་ཅང་དགའ་མཁན་ཞིག་ཡིན་སྟབས།   རྒྱུན་པར་སྐྲ་བསླ་རྒྱུ་དང་བོད་ལྭ་གྱོན་རྒྱུ། ཐ་ན་སྐ་རགས་ཚང་མ་་བོད་ཆས་དག་མ་བྱེད་མཁན་ཞིག་ཡིན།

一位63年来从未离开过藏装及歌舞艺术的老人。

白玛桑布于1955年出生在康区新龙县麻日玛村,13岁那年他成为了一名牧人。从小酷爱歌舞的他总是一边放牧,一边自学吹笛,练习唱歌、跳舞等。据他自述,他从13岁到63岁的五十年中,只要是村里举行的各种节庆活动,比如寺庙竣工、佛法仪式、传统节日及婚礼上,他都常常主动献歌献舞。作为一名忠实的藏族传统文化爱好者,他经常穿藏装、编发股,连腰带都是纯藏式的。

Transcript search
No results found for this search
0 of 0