Skip to main content Skip to search
31 Jan 2018
10 min 9 sec
Ariana Maki
Video Overview
Creators: 
Kalwangjyid, Tibetan and Himalayan Library

The film focuses on Tseten Wangchuk’s winter life and also reflects on annual traditional rituals.

བརྙན་འདིར་ཚེ་བརྟན་དབང་ཕྱུག་གི་དགུན་ཁའི་ཉིན་གཅིག་གི་འཚོ་བ་གཙོ་བོར་བསྟན་ཡོད་པ་དང་ཁོ་ཚོར་ལོ་རེར་ལོ་སྲུང་ཆོ་ག་འདོན་སྲོལ་ཡོད་པ་དེ་ཡང་བསྟན་ཡོད།

རྟའུ་རྫོང་སྨུག་རོང་ཡུལ་སྡེ་ལ་རོང་འབྲོག་གཉིས་ཡོད་པ་ལས་ཚེ་བརྟན་དབང་ཕྱུག་ཚང་ནི་རོང་བ་ཡིན་ལ་གྲོང་པའི་མིང་ལ་ཟམ་པ་ཁ་ཟེར། གྲོང་པའི་ཉེ་འཁོར་དུ་མཁར་རྫོང་འགའ་ཡོད། ཟམ་ཁ་གྲོང་དུ་དུད་ཚང་ལྔ་ཡོད། ཁོ་ཚོའི་ལས་ཀ་ནི་ཞིང་ལས་དང་སྒོ་ཕྱུགས་གསོ་སྐྱོང་། སྨན་རྩྭ་འཐུ་བ་སོགས་ཡིན། ཟམ་ཁ་གྲོང་པར་ལོ་གཅིག་གི་རིང་ལ་སྐུ་རིམ་སྣ་ཚོགས་འདོན་སྲོལ་ཡོད་པ་དང་། དབྱར་དུས་སུ་ལོ་ལེགས་པའི་ཆེད་དུ་གསེར་སྐྱེམས་མཆོད་པ་དང་གནས་རི་ལ་སྐོར་བ་བྱེད་པ། གཞི་བདག་གསོལ་བ་སོགས་མཆོད་པའི་ཆོ་ག་སྣ་ཚོགས་བྱེད།  སྟོན་དུས་སུ་ཡང་སེར་འགོག་འདོན་པ་དང་། དགུན་དུས་སུ་ཁྱིམ་ཚང་རང་རང་གི་ལོ་སྲུང་བཏོན་ནས་ལོ་གཅིག་གི་སྐུ་རིམ་བཅས་བྱེད། ཚེ་བརྟན་དབང་ཕྱུག་ཁོ་ནི་ཆུང་དུས་ནས་ཕ་མ་དང་ལྷན་དུ་ཞིང་ལས་ལ་ཞུགས་ནས་སློབ་གྲྭར་འགྲིམ་མྱོང་མེད་ལ།      ཁོ་རྒྱུན་དུ་ཞོགས་པ་སྔ་བོར་ཡར་ལངས་ནས་བསང་ཕུད་པ་དང་རང་གི་ཡུལ་ལྷ་གཞི་བདག་ལ་མཆོད་པ་སོགས་བྱེད།

这部影片主要反映了主人公才丹旺秀冬季一天的生活情景及他们村庄一年一度的佛教护佑仪式。

道孚县木茹乡分农牧两区,才丹旺秀则生于农区的桑巴卡乡。在这个乡周围留有好几座400多年的堡垒。桑巴卡乡有5户人家,他们主要以务农、圈养家畜、采集药材等为生。桑巴卡乡每年都要做各种各样的祈祷活动。比如,为了秋季丰收,人们则会选择在春季举行献“金酒”仪式、转神山、供养山神、念诵各种祷文等。在秋季,人们则会念诵各种消除天灾之祷文。冬季,每家每户都忙着完成自家一年的护佑法事。才丹旺秀因从小就跟着父母在家做农活而没能上学。然而,他每天早晨起床后都会煨桑供养这方的神灵。

Transcript search
No results found for this search
0 of 0