Skip to main content Skip to search
05 Sep 2018
3 min 32 sec
Samten Yeshi
Video Overview
Creators: 
Sonam Tobgye

Phuntsho Tshewang from Jasibi sings a Boedra song praising the sacred places of Serzhong and Samye Zhong. Although the places are no longer extant, it seems they reference the residences of Jowo Yeshé Norbu and Pekar Gyelpo.  Pekar Gyelpo, also known as Pehar Gyelpo or Pehar, is the main deity of Samyé. According to the lyrics the original author was glad and happy to see a display of the sacred statue of Jowo Yeshé Norbu and Pekar Gyelpo.

 

བོད་སྒྲའི་གླུ་གཞས་ ཨོ་ལོ་གཞོན་པ་མི་ཕྱིན་འདི་ ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་ རྒྱ་ས་སྦྱིས་གཡུས་ཚན་ལས་ ཕུན་ཚོགས་རྣམ་རྒྱལ་གྱིས་འཐེནམ་ཨིནམ་ད་ གླུ་གཞས་འདི་ཡང་ གསེར་གཞོང་དང་བསམ་ཡས་གཞོང་ལུ་བསྟོད་པ་རྐྱབ་ཨིན་མས། གསེར་གཞོང་དང་བསམ་ཡས་གཞོང་ཟེར་མི་འདི་ ག་ཏེ་ལུ་ཨིན་ན་དང་ བླམ་འདི་ག་ཨིན་ན་ ཁ་གསལ་ཅིག་མ་སླབ་རུང་ ཇོ་བོ་ཡེ་ཤེས་ནོར་བུ་དང་ དཔེ་ཧར་རྒྱལ་པོའི་བཞུགས་གནས་ཀྱི་སྐོར་ལས་ཨིན་མས། དཔེ་ཧར་རྒྱལཔོ་འདི་ བོད་བསམ་ཡས་ཀྱི་སྲུང་མ་ཆེན་མོ་ཨིནམ་ད་ གླུ་གཞས་འདི་ནང་ ཇོ་བོ་ཡེ་ཤེས་ནོར་བུ་དང་ དཔེ་ཧར་རྒྱལ་པོའི་སྐུ་འདྲ་མཇལ་ཁ་གནང་ས་ ལྷོད་དེ་སྐལ་བ་བཟང་ཡི་ཟེར་ ཇོ་བོ་དང་དེ་ཧར་རྒྱལ་པོ་གཉིས་ཀྱི་སྐུ་འདྲ་འདི་ བྱིན་ཅན་ཨིན་པའི་ལོ་རྒྱུས་སླབ་མས། 

 

Transcript search
No results found for this search
0 of 0
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    ཨོ་ལོས་གཞན་པ་མི་ཕྱིན་ཨོ་ལོས་གཞན་པ་ཕྱིན། །གསུངས་གཞན་པའི་ཨོ་ལོས་གཞན་པ་ཕྱིན་སོང་། །
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    ཨོ་ལོས་གཞན་པ་ཕྱིན་ན་ལྷ་ས་གཞུང་ལ་ཕྱིན། །གསུངས་གཞན་པའི་ལྷ་ས་གཞུང་ལ་ཕྱིན་སོང་། །
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    ཇོ་བོ་ཡིད་བཞིན་ནོར་བུ་མཇལ་ཁ་གནང་ལ་ཕྱིན། །གསུངས་གཞན་པའི་མཇལ་ཁ་གནང་ལ་ཕྱིན་སོང་། །
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    མཆོད་བཤམ་གཡུ་ཡི་པ་ཏྲ་གཡུ་དང་བྱི་རུས་གང་། །གསུངས་གཞན་པའི་གཡུ་དང་བྱི་རུས་གང་སོང་། །
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    ཀ་བ་འདི་ཡན་ཆད་གསེར་རེད་གདུང་མ་མན་ཆད་དངུལ། །གསུངས་གཞན་པའི་གདུང་མ་མན་ཆད་དངུལ་རེད། །
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    ཨོ་ལོས་གཞན་པ་མི་ཕྱིན་ཨོ་ལོས་གཞན་པ་ཕྱིན། །གསུངས་གཞན་པའི་ཨོ་ལོས་གཞན་པ་ཕྱིན། །
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    ཨོ་ལོས་གཞན་པ་ཕྱིན་ན་བསམ་ཡས་གཞུང་ལ་ཕྱིན། །གསུངས་གཞན་པའི་བསམ་ཡས་གཞུང་ལ་ཕྱིན་སོང་། །
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    བསམ་ཡས་པད་དཀར་རྒྱལ་པོ་མཇལ་ཁ་གནང་ཕྱིན། །གསུངས་གཞན་པའི་མཇལ་ཁ་གནང་ལ་ཕྱིན་སོང་། །
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    མཆོད་བཤམ་གཡུ་ཡི་པ་ཏྲ་གཡུ་དང་བྱི་རུས་གང་། །གསུངས་གཞན་པའི་གཡུ་དང་བྱི་རུས་གང་སོང་། །
  • ཕུན་ཚོགས་ཚེ་དབང་ Phuntsho Tshewang
    ཀ་བ་འདི་ཡན་ཆད་གསེར་རེད་གདུང་མ་མན་ཆད་དངུལ། །གསུངས་གཞན་པའི་གདུང་མ་མན་ཆད་དངུལ་རེད།། །།