Skip to main content Skip to search
01 Sep 2018
3 min 49 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

Karma Wangmo and Sangay Chozom from Bayling Gewog (county) in Tashiyangtse Dzongkhag (district), sing a Boedra song called "Choera Nangpa". It is performed with a circular dance at times of a gathering or tshechu (festival). The song tells us that whatever we do, we should join and work together. The lyrics wish for a great harvest, abundant rainfall and tranquility. There's also mention of hoisting a white prayer pole together.

༉  གླུ་གཞས་ ཁྱོད་རང་རྣམ་པ་ལ་མོ་གཡས་ནས་ཤོག་ཟེར་མི་གླུ་གཞས་འདི་ བཀྲ་ཤིས་གཡང་རྩེ་སྦས་གླིང་ལས་ཨིན་མི་ ཀརྨ་དབང་མོ་དང་སངས་རྒྱས་ཆོས་འཛོམས་གཉིས་ཀྱིས་འཐེན་ཏེ་འདུག འབྲུག་རྒྱལ་ཁབ་ནང་ཡོངས་གྲགས་གནམ་མེད་ས་མེད་ཅིག་མེད་པའི་བོད་སྒྲའི་གླུ་གཞས་ ཁྱོད་རང་རྣམ་པ་ལ་མོ་གཡས་ནས་ཤོག །ང་རང་རྣམ་པ་ལ་མོ་གཡོན་ནས་ཤོག །ལ་ལ་ལབ་རྩ་བཙུགས་རུང་མཉམ་དུ་བཙུགས། །ལ་དར་དཀར་པོ་འཕྱར་རུང་མཉམ་དུ་འཕྱར་ཟེར་ དམ་ཚིག་ཅན་གྱི་མི་ཚུ་ ལཱ་དང་བྱ་བ་ག་ཅི་ར་ཨིན་རུང་ གཅིག་ཁར་འབད་དེ་ མདོར་བསྡུ་བ་ཅིན་ མི་ཚེ་ཨིན་རུང་གཅིག་ཁར་རྫོགས་གེ་ཟེར་ དགའཝ་མཐུནམ་གི་བར་ན་འཐེན་ནི་གི་གླུ་གཞས་ཅིག་ཨིན་མས།

Transcript search
No results found for this search
0 of 0
  • ཀརྨ་དབང་མོ་དང་སངྱས་ཆོས་འཛོམས་ Karma Wangmo & Sangay Chozom
    ཁྱོད་རང་རྣམ་པ་ལ་མོ་གཡས་ནས་ཤོག །ང་རང་རྣམ་པ་ལ་མོ་གཡོན་ནས་ཤོག །ལ་མོ་ལབ་རྩ་བཙུགས་རུང་མཉམ་དུ་བཙུགས། །ལྷ་དར་དཀར་པོ་ཤར་(འཕྱར་)རུང་མཉམ་དུ་ཤར(འཕྱར)། །ལྷ་དར་དཀར་པོ་ཤར་(འཕྱར་)རུང་མཉམ་དུ་ཤར(འཕྱར)། །
    You, the group of girls, can come from right, I, the girl, will come from left. Even if we construct a cairn, we will construct together, Even if we hoisted white prayer pole, we will hoist together.
  • ཀརྨ་དབང་མོ་དང་སངྱས་ཆོས་འཛོམས་ Karma Wangmo & Sangay Chozom
    ཁྱོད་རང་དགོན་བཟང་ཁྲ་མོ་གཡས་ནས་ཤོག །ང་རང་དགོན་བཟང་ཁྲ་མོ་གཡོན་ནས་ཤོག །དགོན་ལ་མཚན་ལྡན་བླ་མ་མཉམ་དུ་[བཙུགས?]། །བྱིན་རླབས་དམ་རྫས་ཞུ་རུང་མཉམ་དུ་ཞུ། །བྱིན་རླབས་དམ་རྫས་ཞུ་རུང་མཉམ་དུ་ཞུ། །
    You can come from right side of the Abbey. I will come from left side of the Abbey. Abbey, where Tsheden Lama set to audience there. Together we will recieve blessing and scared substances.
  • ཀརྨ་དབང་མོ་དང་སངྱས་ཆོས་འཛོམས་ Karma Wangmo & Sangay Chozom
    ཁྱོད་རང་རྫོང་ཆེན་ཁྲ་མོ་གཡས་ནས་ཤོག །ང་རང་རྫོང་ཆེན་ཁྲ་མོ་གཡོན་ནས་ཤོག །རྫོང་ལ་དབང་ཆེན་བཙུགས་རུང་མཉམ་དུ་བཙུགས། །གཏམ་དང་ཚིག་གསུམ་ཞུ་རུང་མཉམ་དུ་ཞུ། །གཏམ་དང་ཚིག་གསུམ་ཞུ་རུང་མཉམ་དུ་ཞུ། །
    You can run from right side of the fortress. I will run from left side of the fortress. Even if we met a lord, we will met him together. Even if he told us inner words, we will recieve together.
  • ཀརྨ་དབང་མོ་དང་སངྱས་ཆོས་འཛོམས་ Karma Wangmo & Sangay Chozom
    ཁྱོད་རང་གཡུས་བཟང་ཁྲ་མོ་གཡས་ནས་ཤོག །ང་རང་གཡུས་བཟང་ཁྲ་མོ་གཡོན་ནས་ཤོག །ཡབ་ཆེན་ཨ་པ་མཉམ་དུ་བཞུགས། །བུ་དང་བུ་མོ་ཞུ་རུང་མཉམ་དུ་ཞུ། །བུ་དང་བུ་མོ་ཞུ་རུང་མཉམ་དུ་ཞུ། །
    You can come from the right side of the pretty village, I will come from left side of the village where my sublime father reside above, Even if the sons and daughters reside, we will reside together.
  • སངས་རྒྱས་ཆོས་འཛོམས་ Sangay Chozom
    ལགས་སོ་ལགས།། །།
    Thank you.