Skip to main content Skip to search
01 Feb 2012
34 min 36 sec
David Germano
Video Overview
Creators: 
Columbia University, Tibetan Academy of Social Sciences, Tibet University, University of Virginia

A woodcarver in Lhokha describes the design elements of carvings that border a shrine cabinet, the process of making custom orders, and his family history. He ends with a demonstration of carving the decorative border for a shrine, using a wire saw and various hand chisels and gouges.

ལྷོ་ཁའི་ཤིང་བཟོ་བ་ཞིག་གིས་མཆོད་གཤོམ་གྱི་རི་མོར་ངོ་སྤྲོད་བྱེད་པ་དང་། ཤིང་རྐོའི་བཟོ་ཐབས་འགའ་དངོས་སུ་སྟོན་པ།

Transcript search
No results found for this search
0 of 0
  • འདི་བུམ་པ་བྱས། གཤམ་འདི། བུམ་པའི་ནང་ནས་མེ་ཏོག་འདུག་སེ་བྱས་འདའི་བྱས། ཨཱ་ནི་འདུག་སེ་བྱས་གཤམ་འདི་ནས་མར་བྱས། འདི་ཁྱིམ། འདི་རྩ་བྱས། འདའི་ལོ་མ་བྱས།
    This bottom one is the vase. The flower springs out of it with its branches and leaves spreading around.
  • མེ་ཏོག་འདིའི་ལོ་མ་འདི་ནས་ཨཱ་ནི་འདུག་སེ་བྱས་དཀར་ཡོལ་འདིའི་སྒང་འདི་ནས་འབྲུག་འདུག་སེ་ཡར་བཏང་བྱས། འདུག་སེ་མེ་ཏོག་འདི་ནས་ཡར་འདུག་སེ་སླེབས་པ་རེད། འདི་ནས་ཕར་བྱས་མེ་ཏོག་ལོ་མང་འདི་དང་འདི་ཁྱིམ་འདིའི་དཀར་ཡོལ་ཡང་འདི་ནས་འདུག་སེ་བྱས་བཏང་བཞག་ཡོག་རེད། ལྟ་འདི་ནས་འབྲུག་གི་གཟུགས་པོ་འདི་དཀར་ཡོལ་འདི་འདི་ནས་གཤམ་ལ་མར་ཕབ་འབྲུག་གི་གཟུགས་པོ་སྒང་ལ་བཞག འདུག་སེ་བྱས་འབྲུག་གི་གཟུགས་པོའི་ཞུ་གུ་འདའི་བཞག ཨཱ་ནི་གཟུགས་པོ་འདི་འདི་ནས་དཀར་ཡོལ་དཀར་ཡོལ་སྒང་ལ་བྱས། འབྲུག་གི་གཟུགས་པོ་འདི་དཀར་ཡོལ་འོག་ལ་མར་ཕབ། ཡང་འདུག་སེ་བྱས་ལྟ་འདུག་སེ་བྱས་འབྲུག་ཀ
    The dragon is rising from here from through the leaves and flowers. In the lower section, the body of the dragon lies above other things and then it goes behind the other motifs.
  • དེའི་དཀྱིལ་གྱི་ཤིང་འདི་རེད། འབྲུག་གི་ཀ་བ་ཟེར་ཀ་བ་ལྟེ་བ་འདི་རེད། འདའི་འདུག་སེ་བྱས་སྐོར་བ་བརྒྱབ་བྱས་བསྡད་ཡོག་རེད། འབྲུག་གིས་འདུག་སེ་བྱས། དེ་ནས་སྒང་འདིར་བྱས་འདུག་སེ་འདིའི་རྒྱབ་དེར་བྱས་ནས། ཨཱ་ནི་འདུག་སེ་བྱས་འདིའི་སྒང་དེར་ཚུར་སླེབས། ལྟ་ད་ལྟ་ཧྲོབ་བསྡུས་ཙམ་འདུག་སེ་རེད།
    In the center, we insert this pole. When we say dragon pillar, practically speaking, this is the central part of the support. The dragon's body is twisting around this pole. Roughly speaking, it is like that.
  • ཨཱ་ནི་འབྲུག་ག་པར་ཡོག་རེད།
    Where is the dragon then?
  • ལྟ་ད་ལྟ་འདའི་འབྲུག་གི་གཟུགས་པོ་འདུག་སེ་རེད། འདི་ཚར་བ་དང་མགོ་འདི་འདུག་སེ། མགོ་འདི་འདུག་སེ་ཡང་ཁོ་ར་ཁ་སྤྲོད་རེད། འབྲུག་གང་ཡིན་བྱས་ན་ནང་ཁུལ་བྱས་འདུག་སེ། ཁོ་ར་གཙང་མ་ཡག་པོ་བཟོས་བཞག་ཡོག་རེད། ལྟ་འདི་འདུག་སེ་བྱས་འདའི་འདུག་སེ། འདུག་སེ་བྱས་སྒར་ཡོག་རེད། འདི་གཞོགས་གཡས་དེར་འདུག་སེ་རེད། ལྟ་གཞོགས་འདི་ལྟ་ད་ག་རེད་ད་ལྟའི་ཀ་བ་གཅིག་པོ་འདི་བྱས། ཆ་རེད། ལྟ་མགོ་འདི་གས་ལྟ་འདུག་སེ་རེད། ལྟ་ཁ་སྤྲོད་བྱས་འདུག་སེ།
    This is the main dragon body. After completing it, you attach the head like this. This one is on the right side of the altar, and this one is for the other side. We place the set of two dragons facing each other on the two sides of the altar.
  • འོག་ལ་བཀྱག་གང་ཡོག་མ་རེད་པས་བརྐོས་ཀྱི།
    Is there a base to support the piece?
  • འོག་ལ་བཀྱག་ཡོག་རེད། འོག་ལ་བཀྱག་སེང་ཁྲི། ཡང་སེང་ཁྲི་བྱས་སེང་གེས་ལྟ་འདི་མདུན་གྱི་སྒྲོག་འདིའི་རེད།
    There is one base to support it.
  • འོག་ལ་བཀྱག་ཡང་སེང་ཁྲི་ཨ་ཅག ཡང་སེང་ཁྲི་བྱས་སེང་གེས། ལྟ་འདི་སྒྲོམ་འདི་རེད། ལྟ་འདིའི་འོག་འདིར་སེང་ཁྲི་ཟེར་མཁན་དེ་སེང་གེས་ཁོ་ར་འདི་འདི་ཡར་འདུག་སེ་བཀྱག་བསྡད་ཡོག་ལྟ་འདུག་སེ། འདུག་སེ་ཡར་བཀྱག་བསྡད་ནས་སེང་གི་གཉིས་ཁ་སྤྲོད་རེད། དཀྱིང་དེར་ལྟ་རྡོ་རྗེ་རྒྱ་གྲམ་བྱས། གཡས་གཡོན་རྡོ་རྗེ་རྒྱ་གྲམ་གཉིས་ལ་སེང་གེ་ཁ་སྤྲོད་བྱས། སེང་གེ་ཁ་སྤྲོད་བྱས་སེང་གི་གཉིས་པ་དེ་མཆོད་ཤོམ་ཡར་བཀྱག་འོ་འདི་འདྲས་བསྡད་ཡོག་རེད། ལྟ་ད་ལྟ་རྡོ་རྗེ་དེར་སེང་གེ་འདུག་སེ་ཨ་ལའི་འདུག་སེ། སེང་གེ་འོ་འདུག་སེ་རེད་ཤག
    This rectangular piece is a frame. In case of a lion throne, the lion is shown raising the altar. Like this. There will be two lions on the opposite sites a crossed-vajras, which will lie in the middle. The lion will be placed like this.
  • མཆོད་ཤོམ་འདི་འདྲས་བཟོས་པར་ག་ཚོད་འགོར་གནང་གི་འདུག བཙུགས་ཏེ་བཟོ་ལོང་ཡོད་ན།
    How long does it take to make one altar?
  • བཙུགས་ཏེ་བཟོས་ན་ཤིང་བཟོ་གཅིག་གིས་ཟླ་བ་གཅིག་དང་ཟླ་ཕྱེད་འགོར་གྱི་རེད། ཡང་ཤིང་བཟོ་གསུམ་བརྐོས་རྒྱག་མཁན་གཉིས་བྱས་ལྕགས་སྐུད་གཏོང་མཁན་གཅིག་གསུམ་ཙམ་གྱིས་བཟོས་པ་ཡིན་ན་ཟླ་བ་གཅིག་ཙམ་ནང་ཚར་གྱི་ཡོག་རེད། ཡང་ཧྲོབ་བསྡུས་ཙམ་བཟོས་པ་ཡིན་ན་བྱེད་ཀྱི་མི་འདུག་ག ཡང་ཏིང་ཙོ་(Ch.定做)གོང་ཡང་སྔོན་ནས་གཏན་འབེབས་ཡག་པོ་བཟོ་གི་འདུག་ག བརྐོས་ཡིན་ནའི་སེམས་ཅན་སེང་གེ་འདི་འདྲས་ཆ་བཞག་ནའི་ཁ་འདུག་སེ་བྱས། ཁ་ནང་ཁུལ་དེ་རྦད་དེ་བསྔོག་བྱས་གཙང་མ་ཡག་པོ་བཟོས་དགོས་ཀྱི་འདུག་ག སེང་གེའི་ལག་པ་ཆ་བཞག་ནའི་གཙང་མ་ཡག་པོ་བྱས་གསལ་ལ་མི་གསལ་འདི་འདྲས་མེད་པ་བྱས། གཙང་མ་བྱས་སྒྲ་དག་པོ་དགོས་ཀྱི་འདུག་ག རྒྱབ་འདི་གས་ད་ག་ནང་བཞིན་འདུག་སེ་བྱས་བཟོ་གི་འདུག་ག བྱས་ཙང་རུ་ང་པོ་འདི་འདྲས་བཟོ་སྟངས་ཟླ་བ་ཤིང་བཟོ་གཅིག་གིས་མི་གཅིག་གིས་བཟོས་ན་ཟླ་བ་གཅིག་དང་གཉིས་མན་ཙམ་བཟོ་དགོས་ཀྱི་ཡོད།
    If a wood craftsman works continuously, it takes about between one and one and half months. If a team of three wood craftsmen work together, where one cutting with the string saw and other two doing the carvings, it takes less than one month. A simplified version will even take less time. Custom ordered one pays in advance and [those] require great care with decorative designs like lions. This lion's claw, for example, needs beautiful carving and should be very clean. The backside of the lion also requires the same attention to details. If one craftsman works on the same project alone, it will take about two months to complete it.
  • ལྟ་ཧྲོབ་བསྡུས་ཤིག་བཟོས་པ་ཡིན་ན་ཉིན་པ་བཅོ་ལྔ་ཉི་ཤུ་ཙམ་ནང་ཚར་གྱི་ཡོད་འགྲོ། ལྟ་ང་ཚོ་ཏིང་ཙོ་བྱས་པ་ཡིན་ཙང་རུ་ཁག་དང་ཤིང་ཆ་ཡག་པོ་སྤུས་དག་པོ་སྔོན་ནས་སེམས་ཅན་ཆ་བཞག་ནའི་སྒྲ་དག་པོ་དེ་འདྲས་དགོས་ཀྱི་འདུག་ག
    For a simplified version, it takes about 15 to 20 days finish it. Those custom ordered ones usually take little longer because they often want the best terms of detailed carvings and wood, and thus require more effort.
  • ཁྱེད་རང་གི་འདི་མི་ལ་བཟོས་གནང་དུས་ཤིང་ཆ་ཁྱེད་རང་གི་བཏང་གནང་གི་ཡོད་པས།
    Do you supply your wood for any woodcraft project?
  • ལྟ་ཤིང་ཆ་ཁ་ཤས་ཤིང་ཆ་ངས་བཏང་། ངས་བཟོས་ཕར་བཙོངས་ཡག་བྱས། ཡང་ཁ་ཤས་ཕར་མི་ལག་འདི་འདྲས་ཤོག་ཟེར་གསུངས་ཀྱི་འདུག ཡང་ཕར་མི་ལག་འདི་འདྲས་གཅིག ལྟ་སྣ་མིན་སྣ་ཚོགས་འདུག་སེ་ར་ཅིག
    In some cases, I provide wood and then charge my clients. Sometimes, I work as a contract employee. So there are all kinds.
  • ཁྱེད་རང་པཱ་ལགས་སྔས་མ་ཆུང་ཆུང་སྒང་དུས་ཆོས་མཛད་ལ་ཞུ་གི་མ་རེད། རེད་པཱ།
    Your father was not called Chödzé when he was young, correct?
  • ལྟ་ཆུང་དུས་ཁོ་ལྟ་སྦྱིན་བདག་ལ་ཟེ་ཡང་ཞུ་གེ་རེད།
    He was called Jindak la (Master).
  • ལྟ་ཞུ་གུ་འདའ་ཡ་ཡར་ཀླུང་གི་ཆོས་མཛད་ལགས་སེ།
    So later he was called Yarlung Chödzé.
  • ཨཱ་ནི་ལྟ་རྗེས་ལ་ལྟ་ངའི་ཨ་མ་དང་ཁོང་རྣམ་གཉིས་ལྟ་ཕར་ཚུར་མི་འདུག་སེ་ཞལ་འཛོམས་བྱུང་ནས་ཨཱ་ནི་གཞི་ནས་འདུག་སེ་བྱས་ཡང་འདའི་དམངས་ཆས་ཡར་ཀླུང་ཡར་སྟོད་འདའི་བཞུགས་པ་འདྲ།
    Later my father met my mother and spent most of their time at Yartö.
  • ཨཱ་ལས་ཡར་སྟོད་འདའི་བཞུགས་པ་རེད།
    I see, so they stayed at Yartö?
  • ཡར་སྟོད་འདི་ནས་ཡར་བཞུགས་པ་རེད།
    Yes, at Yartö.
  • ཨཱ་ནི་པཱ་ལགས་ཨ་མ་ལགས་འཁྲུངས་ས་ཡར་སྟོད་ནས་རེད་པས།
    Was your father born in Yartö?/Was your father born in Yartö also?
  • ཨོའོ་ལྟ་ངའི་པཱ་ལགས་སྐྱེས་ས་ལྷ་ས་རེད།
    My father was born in Lhasa.
  • ཨཱ་འང་།
    I see.
  • ལྷ་ས་རེད།
    Yes, in Lhasa.
  • ལྟ་ངའི་ཨ་མ་རྣམ་སྲས་གླིང་ནས་རེད།
    My mother is from Namsé Ling.
  • པཱ་ལགས་ཡར་སྟོད་ལ་གང་འདྲ་བཞུགས་པ་རེད།
    How did your father earn his living in Yartö?
  • ཡར་སྟོད་ལ་ཡར་སྟོད་རྟག་བརྟན་གླིང་དགོན་པ་ཟེར་ཡག་དེར་ཕྱག་ལས་གནང་། དགོན་པ་དེར་ཕྱག་ལས་གནང་བྱས་རྒྱུན་རིང་པོ་བཞུགས་པ་རེད།
    At Yartö, he worked for Takten Ling monastery and stayed there for a long time.
  • དགོན་པའི་ནང་ལ་ཤིང་བཟོ་བསྐྱོན་བྱས་བྱས།
    Did he work as a wood craftsman inside the monastery?
  • དགོན་པའི་ནང་ལ་ཤིང་བཟོ་བསྐྱོན་འོ་འདུག་སེ།
    Yes, he worked as a wood craftsman.
  • ཨཱ་ནི་འོ་འདི་ནས་ཆོས་མཛད་ལགས་སེ་འོ་འདུག་སེ་བྱས་སྐབས་དེ་དུས་ཙམ་ལ་འདུག་སེ་ལབ་པ་འདྲ།
    There people started to address him as Chödzéla.
  • དེ་དུས་པཱ་ལགས་དགུང་ལོ་ག་ཚོད་ཕེབས་ཀྱི་ཡོད་ན།
    How old was your father then?
  • ལྟ་དེ་དུས་དགུང་ལོ་ག་ཚོད་ཙམ་ཡིན་ནམ་དེ་དུས་ཙམ་ལ་ང་ཡང་སྤུ་བུ་ཆུང་ཆུང་ཟེར་དགོས་ཀྱི་རེད་པས།
    I don't know how old he was then because, at that time, I was just a kid.
  • བཞི་བཅུ་ཞེ་གྲངས་ཙམ་ཡིན་ནམ།
    Maybe he was in his 40s.
  • བཞི་བཅུ་འདི་འདྲས་ཤིག་ཕལ་ཆེར་མིན་འགྲོ།
    I also think he was in his 40s at the time.
  • ཁྱེད་རང་ལ་སྐུ་མཆེད་ག་ཚོད་ཡོད། པཱ་ལགས་ཀྱི་སྤུ་གུ
    How many relatives do you have from your father's side?
  • རྒན་གཞོན་ཟེར་དགོས་ཀྱི་རེད་པ།
    Did you mean both elder and younger ones?
  • འོ།
    Yes.
  • རྒན་གཞོན་སྤུ་གུ་གསུམ། བཞི་ཡོག་རེད།
    I have three brothers.
  • བུ་བཞི་སྒང་ག་བསྡད་ཡོག་རེད་པ།
    Are all of them still alive?
  • བུ་གསུམ་བསྡད་ཡོག་རེད། ལྟ་ང་ཚོའི་གཅེན་རྒན་ཤོས་དེ་མེད་པ་ཆགས་པ་རེད།
    Our eldest brother passed away. The other two are still there.
  • ཨཱ་ནི་ཚང་མར་ཤིང་བཟོ་ལག་རྩལ་བསླབས་གནང་ཡོད་རེད་པས།
    Did you father teach carpentry to all of you?
  • ལྟ་ཤིང་བཟོ་ང་གཏོགས་ངའི་འོག་མ་གཅིག་ལ་འཐག་འཐག་ཡག་འདི་འདྲས་བསླབས་གནང་བ་རེད། ལྟ་གཞོན་གཞོན་དེར་ཡང་ག་རེ་ཟེར་དགོས་ཀྱི་རེད་ཀུང་(Ch.工)འདི་འདྲས་རེད།
    I am the only one who learned carpentry. A younger one learned to weave. The youngest one is a laborer.
  • བུ་མོ་རེད་པ།
    Is the weaver a girl?
  • བུ་རེད།
    It is my brother.
  • སྤུ་གུ་བཞི་ཅར་བུ་རེད།
    All four children are boys.
  • ཨཱ་ནི་པཱ་ལགས་ཀྱི་བརྒྱུད་པ་དང་ཤིང་བཟོའི་ལག་རྩལ་ཡོད་པ་ཁྱེད་རང་གཅིག་རེད།
    So are you the only one to inherit your father's skill?
  • ལྟ་ང་གཅིག་པོ་ཟེར་དགོས་ཀྱི་རེད་པ།
    Yes, I am the only one.
  • ལྟ་ཁྱེད་རང་ཕྱག་ལས་ཤིག་གནང་རོགས་གནང་།
    Please show me how you work.
  • ལགས་སེ།
    Okay.
  • བརྐོས་རྒྱག་ཡག ཡང་འདི་བྱས་ནའི།
    Either how you carve, or that one is fine too.
  • འདིའི་ཡ་གཅིག་ཨ་ཅག་འདི་རེད། ལྟ་ཨ་ལས་འདི་གཅིག་བཟོ་ཀ་བྱེད་འགྲོ
    This one is the other pair. I will work on it now.
  • འདི་གང་འདྲ་བྱེད་དགོས་རེད། གཟོང་བཟོ་ལྟ་དེས་ག་རེད་བྱེད་དགོས་ཀྱི་རེད།
    How would you use this tool?
  • འདི་ལ།
    Did you mean this one?
  • འོ།
    Yes.
  • འདི་་་
    This...
  • འདིའི་མིང་ལ་གང་ཟེར།
    What is it called?
  • སྦ་སོ་ཟེར་གྱི་རེད།
    Called baso.
  • སྦ་སོ།
    Baso?
  • སྦ་སོ་རེད།
    Yes, it is called baso.
  • གང་འདྲ་བེད་སྤྱོད་གཏོང་དགོས་ཀྱི་རེད།
    How do you use it?
  • འདི་ཁོ་ལྕགས་སྐུད་དེ་འདོན་ཡག་འདི་འདིར་འདུག་སེ་བྱས་འདི་བྱེད་དགོས་ཀྱི་རེད།
    This one make holes for the purpose of using string saw.
  • ཨི་ཁུང་འདུག་སེ་བྱས་འདི་གས་ཕུག་ཚར་བ་དང་ལྕགས་སྐུད་དེ་གཏོང་དགོས་ཀྱི་རེད།
    After making all these holes, then you use the string saw.
  • དེ་གང་འདྲ་སེ་བེད་སྤྱོད་གཏོང་དགོས་ཀྱི་རེད་ཕ་གི་གཅིག་བཏང་ག་གནང་དང་།
    Can you please show me how to use that tool?
  • འདི་ལགས།
    You mean this one?
  • འོ།
    Yes.
  • ལྟ་འདི་ལྟ།
    This one.
  • ཡང་འདའི་འདུག་སེ་བྱས། འདིའི་འགུག་ཙམ་ཞིག
    Like this. You need to twist it a little bit.
  • ལྟ་མེ་ཏོག་འདི་འདྲ་བཟོ་ལྟ་འདིར་ཁ་རིལ་འདི་སྦོམ་ཕྲ་གསུམ་བཞི་དགོས་ཀྱི་འདུག་ག ལྟ་འདི་ཆུང་ཤོས་དེ་འདའི་བེད་སྤྱོད་གཏོང་དགོས་ཀྱི་འདུག་ག
    For carving this type of flowers, we have three to four different sizes gouge carving chisels. Here I am using the smallest size.
  • ལག་ཆ་འདིའང་ལོ་མ་བཟོ་དུས་ཙམ་ལ་ཡང་ལག་ཆ་འདི་བེད་སྤྱོད་གཏོང་དགོས་ཀྱི་རེད། འདུག་སེ་བྱས་གཅིག་བརྒྱབ།
    This one is used for creating leaves. Like this.
  • ལྟ་མེ་ཏོག་ཆུང་ཆུང་བཟོ་དུས་ཙམ་ལ། མེ་ཏོག་དཀྱིལ་འདི། དཀྱིལ་འདི་ཡང་འདུག་སེ་བྱས། ལག་ཆ་འདི་མེ་ཏོག་བཟོ་དུས་དགོས་རེད།
    For smaller sized flowers, we use this one. It is also useful for carving the center of the flower. Like this. This tool is essential for cutting flowers.
  • ལྟ་འདི་ལོ་མ་འདི་འདྲས་བཟོ་དུས་ཙམ་ལ་འདུག་སེ། འདུག་སེ་བྱས་ལག་ཆ་འདི་རྒྱས་སྤྱིར་བཏང་རྨང་གཞི་འདི་གས་རེད། ལྟ་ཆེ་ཆུང་སྦོམ་ཕྲ་སྣ་མིན་སྣ་ཚོགས་ཡོག་རེད་པ། ཡང་ཁོ་ཆེས་འབྲིང་ཚད་ཅིག་ཆ་བཞག་ན་ཡང་འདུག་སེ་ཡང་མེ་ཏོག་འདི་འདྲས།
  • མེ་ཏོག་འདི་འདྲས་བཟོ་དུས་ཙམ་ལ་ལག་ཆ་འདི་བེད་སྤྱོད་གཏོང་དགོས་ཀྱི་རེད། ལྟ་ཕ་ཤོས་འདི་འདའི། འབྲུག་གི་ལག་པ་བཟོ་དུས་ཙམ་ལ་ལག་ཆ་ཡང་འོ་འདི་དགོས་རེད། འབྲུག་གི་ལག་པ་བཟོ་དུས་ཙམ་ལ་ལག་ཆ་འདི་དགོས་རེད།
    For carving flowers, we use this smaller chisel. This one is the smallest chisel which we need for creating detailed dragon claws. Like this.
  • ལྟ་མེ་ཏོག་ཆེ་བ་འདི་འདྲས་བཟོ་དུས་ཙམ་ལ་ཁ་རིལ་ཆེས་འདི་འདི་ཡང་མེ་ཏོག་འདའི་འདུག་སེ། མེ་ཏོག་ཆེས་འདི་འདྲས་བཟོ་དུས་ཙམ་ལ་ལག་ཆ་འདི་བྱས།
    For working big floral desgin, we use bigger gouge carving chisel.
  • ལྟ་འདི་གསེང་གསུམ་ཟེར་མཁན་འདི་རེད། ཡང་ད་ལྟ་ཁ་རིལ་འདི་གས་འདི་ནས་ཚུར་བཏང་བ་རེད་པཱ། ཡང་འདུས་མར་བཅད་དགོས་ཀྱི་རེད། ཁ་ཐུག་མར་འདུག་སེ་བྱས།
    This one is called sengsum. After using gouge carving chisel, we use this one to cut these like this by applying it directly.
  • ལྟ་བརྐོས་མིན་པའི་དཔེར་ན་མདོང་མོའི་འདི་འདྲས་ལྟ་བུ་བཟོ་དུས་ག་རེ་མང་ཤོས་བེད་སྤྱོད་གཏོང་གི་རེད་ལག་ཆ། བརྐོས་མེད་པའི་འདིའི་བཟོ་ལྟ་བཟོས་ན་ལག་ཆ་ག་རེ་མང་ཤོས་བེད་སྤྱོད་གཏོང་གི་རེད།
    Which are the primary tools you use for making wooden products that do not require carving? For example, for a wood churn.
  • ལྟ་འདི་འདྲ་བཟོས་པ་ཡིན་ན་ལག་ཆ་འདི་གས་བེད་སྤྱོད་མེད་པ། ཡང་འདི་རེད་ཨ་ཅག ལྟ་འདི་གས་སྤྱིར་བཏང་བླུགས་བཞག
    We don't use these tools for such products. We pack them all.
  • འདི་ག་རེད་བཟོས་གནང་ཡག་ཡིན་པཱ།
    What are you going to make with this piece?
  • འདི་མདོང་མ་བཟོ་ཡག་ཡིན།
    This is for making a tea-churn.
  • མདོང་མོ་བཟོ་དུས་དང་པོ་ནས་ཤིང་འདི་འདྲས་རེད་པས། དོང་དོང་འདི་འདྲས་རེད་པས།
    Does the wood come in a curved shape like this?
  • དང་པོ་དོང་དོང་འདི་འདྲས་མ་རེད། ཁོ་གྲུ་བཞི་རེད། གྲུ་བཞི་དེ་གཞི་གནས་ལག་ཆ་འདི། ཨ་ཅག་ཕ་གི་གཅིག་སྟོན་གནང་དང་། འོ་འདི།
    No, it doesn't. We turn a solid wood into a curved shape using that tool. Can you please pass me that one.
  • འདི་མིང་ལ་ག་རེ་ཟེར་ལག་ཆ་འདི།
    What is the name of this tool?
  • འདི་འབུར་ལེན།
    It is plane.
  • དང་པོ་གྲུ་བཞི་བྱས། གྲུ་བཞི་རེད་པས།
    Initially, it is solid wood.
  • གྲུ་བཞི་ཕལ་ཆེར་མཐུག་པོ་དགོས་རེད་པ། མཐུག་པོ་མེད་ན་བྲུས་ཐུབ་ཀྱི་མ་རེད།
  • མཐུག་པོ་མེད་ན་འདི་ཀོང་ཀོང་འདི་ཡང་འདི་བྱེད་ཀྱི་མ་རེད། སྲབ་པོ་བྱས་ན་ཀོང་ཀོང་བཟོས་ན་ཡང་ཁོ་སྲབ་པོ་ཆགས་འགྲོ་གི་རེད་པ། དང་པོ་མཐུག་ལོས་འདི་འདྲ་གཅིག་དགོས་ཀྱི་འདུག་ག སྔོན་ལ་ཧྲོབ་ཙམ་རྒྱག་དགོས་ཀྱི་རེད།
    If the wood is not thick, then churn will become very think when you plane the wood. So the material should have a thickness of this size and then plane it lightly.
  • འདི་ག་རེ་རེད། འབུར་ལེན་རེད་པ།
    Is it a plane?
  • འདི་འབུར་ལེན་རེད། ལྟ་བརྒྱབ་ཚར་བ་དང་།
    Yes, it is a plane. After that, use this one.
  • དེ་གཅིག་སྟོན་གནང་དང་། ཨའང་།
    Please show that one. Oh, I see.
  • འདི་ཁ་རིལ་རེད། ལྟ་ཀོང་ཀོང་འདའི་རེད་པ། འདི་གཞི་ནས་འདི་རྒྱག་གི་ཡོག་རེད། འདུག་སེ་བྱས།
    This one has curved blade head for the making cylindrical shape. For example, we use this tool for this segment.
  • ཡང་བསྐྱར་གཅིག་གནང་དང་། ད་ལྟའི་ཆུང་ཆུང་ཁ་རིལ་འདི།
    Please, repeat last step one more time using the carving plane tool you just used.
  • འོ་འདི་ཀོང་ཀོང་བཟོ་ཡག་འདི་རེད། དང་པོ་ལྟ་གྲུབ་བཞི་འདི་འདྲས་རེད། གྲུ་བཞི་འདི་འདྲས་བྱས། དེ་ནས་གཞི་ནས་འབུར་ལེན་བརྒྱབ་ཚར་བ་དང་ལམ་སེང་འདི་བརྒྱབ་བྱས་ཀོང་ཀོང་འདུག་སེ་བྱས། ལྟ་འདི་དང་པོ་གྲུ་བཞི་རེད་པ། འདའི་འདུག་སེ་བརྒྱབ།
    This cylindrical body is created by cutting a solid wood with a plane tool like I am doing it right now.
  • སོག་ལེ་ག་རེ་ག་རེ་བེད་སྤྱོད་གཏོང་གནང་གི་ཡོད་འདའི།
    What are the types of saw you use here?
  • ལྟ་འདའི་སོག་ལེ་་་
    Here the saw used...
  • གློག་གི་སོག་ལེ་མེད་ཙང་།
    When there is no electric saw.
  • སོག་ལེ་འདི་ཡང་འདི་རེད། ཨ་ཅག་ཡང་འདི་དང་པོ་གྲུ་བཞི་རེད། གྲུ་བཞི་བྱས་གཞི་ནས་བྱས་མདོང་མོ་ཟེར་དུས་སྒོར་སྒོར་རེད་པ། སྒོར་སྒོར་འདའི་སྦོམ་ཕྲ་འདིར་གཞིགས་པའི་སྒོར་གྱི་རྟགས་ཤིག་བརྒྱབ། ཡང་འདའི་སྒོར་སྒོར་འདི་བཟོ་དུས་སོག་ལེ་འདི་ཕ་བ་ཡོག་རེད། འདི་ཕ་བ་ཡོག་རེད། ཕ་པོ་འདིས་ཡང་འདུག་སེ་བྱས་ཨཱ་ནི་ཁོ་ར་འདུག་སེ་བྱས་སྐོར་ར་བརྒྱབ་སྒོར་ཡག་འདི་ཕ་པོ་ཡིན་ཙང་སྒོར་བདེ་པོ་འདུག་ག
    This one is cut out from solid wood by marking it with a circle because a tea-churn got a cylindrical shape. Then we use this thin saw and shape the wood into a circular disc. Because it is a small saw, it is more useful for making this purpose.
  • ལྟ་སོག་ལེ་འདི་ཡང་སྒོར་ཡག་འདི་སྒོར་ཐུབ་ཀྱི་མ་རེད། ཡང་འདིར་ཕ་བ་འདིས་འདུག་སེ།
    This saw is not helpful for making a circular disc.
  • འདི་སྒོར་སྒོར་བཟོ་ཡག་རེད་པ།
    Is this for making a circular shape?
  • སྒོར་སྒོར་བཟོ་ཡག་རེད། ལྟ་འདི་སྒོར་སྒོར་འདི་མདོང་མ་འདིའི་མཐིལ་པང་འདི་ཁོ་གང་འདྲ་བཟོ་དགོས་ཀྱི་རེད། ཁོ་སྔོན་ལ་བཟོ་དགོས་ཀྱི་རེད་པ།
    Yes, it is. You have the make this disc of wooden tea churn first.
  • མཐིལ་པང་ཆེ་ཆུང་ལ་ལྟོས་བྱས་འདིའི་ཞེང་ཁ་འདི་བྱེད་དགོས་ཀྱི་རེད་པ།
    So you have to make wooden churn based on the diameter of the plate.
  • འོ་འདི་བཟོ་དགོས་ཀྱི་རེད། ཆེན་པོ་བཟོས་ན་སྔོན་ལ་མཐིལ་པང་འདི་ཆེན་པོ་བཟོས། ཆུང་ཆུང་ཡིན་ན་ཆུང་ཆུང་བྱས། ཨཱ་ནི་སྒོར་མཐིལ་འདིའི་ཆེ་ཆུང་ལ་དཔག་པའི་འདི་ཀོང་ཀོང་འདི་འདི་འདྲས་རྒྱག་དགོས་འདུག་ག འོ་འདུག་སེ་བྱས་འདའི་འདུག་སེ་བྱས་མཐིལ་པང་འདི་སྔོན་ལ་བཟོས། ཨཱ་ནི་འདི་ནས་འདུག་སེ་བྱས་རྣམ་པ་རེ་རེ་འདུག་སེ་འབྱར་བྱས། འོ་འདུག་སེ་འབྱར་བྱས།
    That's correct. If you need a capacity churn, you need a larger disc and vice versa. Then you attach those walls of the cylinder, like this.
  • འོ་འདུག་སེ་རེད།
    Like this.
  • སྔོན་ལ་མཐིལ་པང་འདི་བཟོ་དགོས་ཀྱི་འདུག་ག
    You have to create this circular base first.