Skip to main content Skip to search
14 Feb 2017
7 min 3 sec
Ariana Maki
Video Overview
Creators: 
Jamyang Gyamtso, འཇམ་དབྱངས་རྒྱ་མཚོ།

The process of fastening wooden 'feathers' to an arrow before painting it.

བརྙན་ཐུང་འདིའི་ནང་དུ་མདའ་སྒྲོ་སྒྲོན་སྟངས་དང་།དེ་སྒྲོན་བྱེད་ཀྱི་རྩིད་སྐུད།ཚོན་གྱི་རྒྱག་སྟངས།སྣག་ཚ་ལས་སྟངས་དང་དཔུང་རྒྱན་དཔར་སྟངས་སོགས་ཕབ་ཡོད།

དངོས་བཤུས་གློག་བརྙན་འདིའི་ནང་དུ་རྔ་བ་ས་ཁུལ་གྱི་སྲོལ་རྒྱུན་གྱི་ཤིང་མདའ་ལས་སྟངས་ཀྱི་གནས་ཚུལ་བརྗོད་ཡོད་ལ།གནས་ཚུལ་དེ་བརྙན་དུ་ཕབ་པའི་རྒྱུ་མཚན་ནི། ད་ལྟའི་དུས་སུ་རྔ་བ་ས་ཁུལ་དུ་སྲོལ་རྒྱུན་གྱི་ཤིང་མདའ་ལས་ཚུལ་གྱི་ལག་རྩལ་ཉམས་དམས་སུ་སོང་ནས་རྒྱུན་ཆད་གྱིན་འདུག་ལ།གལ་ཏེ་ད་ལྟའི་དུས་སུ་རིག་གནས་སྣང་ཚུལ་དེ་དངོས་ཟིན་གློག་བརྙན་དུ་ཕབ་མ་ཐུབ་ན།ལོ་ངོ་འགའ་ཤས་ཀྱི་རྗེས་སུ་སྲོལ་རྒྱུན་གྱི་ལག་རྩལ་དེ་ང་ཚོའི་སྤྱི་ཚོགས་ལས་རྩ་ཆད་དུ་འགྲོ་སྲིད་པ་ཞིག་རེད། དེ་བས་དངོས་བཤུས་གློག་བརྙན་ཁ་ཚང་དེ་བརྙན་དུ་ཕབ་པ་ཡིན། དངོས་བཤུས་གློག་རྙན་འདི་ལ་ཁྱོན་ལེའུ་གསུམ་ཡོད་པ་ལས་འདི་ནི་ལེའུ་གཉིས་པ་་རེད།ལེའུ་འདིའི་ནང་དུ་མདའ་སྒྲོ་ཇི་ལྟར་སྒྲོན་པ་དང་། དེ་སྒྲོན་བྱེད་ཀྱི་རྩིད་སྐུད་འཁེལ་སྟངས། ཚོན་གྱི་རྒྱག་སྟངས་དང་དེའི་བཤད་པ། སྣག་ཚ་ལས་སྟངས་དང་དཔུང་རྒྱན་དཔར་སྟངས་སོགས་ཀྱི་གོ་རིམ་ཁ་ཚང་མ་ལུས་པར་ཞིབ་བརྗོད་བྱས་ཡོད།

本片通过影像记录了阿坝地区的传统手工艺品木箭制作过程中的第二道工序,即将木质的“羽毛”粘合在箭身上,并为木箭上色。

《木箭》是一部纪录阿坝地区传统制作木箭(拉孜)工艺的纪录片,该片一共分为三个短视频。片中制作的传统木箭在当地主要用于在节日庆典或宗教祭典中祭祀山神。本片纪录了制作木箭的第二道工序,即工匠使用牦牛的毛发将“箭羽”固定在箭身上面的工序,以及给木箭上色的过程。片中当地的工匠介绍了箭身上绘制颜色的重要性,以及因制经幡所使用的黑色颜料的制作工序。

Transcript search
No results found for this search
0 of 0
  • བཤད་མཁན་དང་པོ། Narrator 1
    ད་ཆོག་གི/
    It is good now./
    >>讲解员一:可以了。/
  • བཤད་མཁན་གཉིས་པ། Narrator 2
    དེ་ཅི་ཞིག་རེད།/
    What is that?/
    >>讲解员二:这是什么?/
  • བཤད་མཁན་དང་པོ། Narrator 1
    མདའ་སྒྲོ་ལས་དགོས་པ་རེད།/
    The feathers that are attached to the arrow./
    >>讲解员一:是用来粘连在箭上的羽毛。/
  • >>འཛིན་སྤྱད་དམ་མདའ་སྒྲོ་ལས་སྤྱད།/
    >>Use this to make the arrow feathers./
    >>用这个来绑箭羽。/
  • >>རྩིད་པ་རེད།/
    >>It's yak hair./
    >>这是牛毛。/
  • བཤད་མཁན་གཉིས་པ། Narrator 2
    རྩིད་པ་ཡིས་རྩིད་སྐུད་ལས་དགོས་སམ།/
    Make some yarn from the yak hair./
    >>讲解员二:用牛毛做的线砂/
  • བཤད་མཁན་དང་པོ། Narrator 1
    རྩིད་སྐུད་ལས་དགོས་པ་ཡིན་ལ་ཡར་ལ་མདའ་སྒྲོ་འདོགས་པ་རེད།/
    Make some yarn and [use it to] tie the arrow feather./
    >>讲解员一:做的线纱可以用来绑箭羽。/
  • བཤད་མཁན་གཉིས་པ། Narrator 2
    ཁབ་འདི་འགྲིག་གམ།/
    Does this needle work?/
    >>讲解员二:这针可以吗?/
  • བཤད་མཁན་དང་པོ། Narrator 1
    འགྲིག་གི།/
    It works./
    >>讲解员一:可以。/
  • >>སྐྱོན་མེད།/
    >>It doesn't matter./
    >>没关系。/
  • >>གཅོ་བོ་མདའ་དྲང་དགོས་པ་རེད།/
    >>The important thing is the arrow has to be straight./
    >>重要的是箭身要直。/
  • བཤད་མཁན་གཉིས་པ། Narrator 2
    སྐུད་པར་མདུད་པ་རྒྱག་འེ་དགོས།/
    Does the string have to be knotted?/
    >>讲解员二:线要打结吗?/
  • བཤད་མཁན་དང་པོ། Narrator 1
    མི་དགོས།/
    No need./
    >>讲解员一:不用。/
  • བཤད་མཁན་གཉིས་པ། Narrator 2
    གནའ་ཡི་ལས་སྟངས་འདི་འདྲ་རེད།/
    This is how to make it in the traditional way./
    >>讲解员二:这就是传统的做法。/
  • >>དེ་ལས་ལྷག་པ་ཞིག་ཡོད་པ་མ་རེད།/
    >>Nothing is better than this./
    >>没有比这更好的了。/
  • >>འཐེན་ན་དམ་འགྲོ།/
    >>It will be tight if you pull it here./
    >>这样系会比较紧。/
  • >>འོག་སྦོམ་པ་རེད།/
    >>It is thicker down here./
    >>下面比较粗。/
  • བཤད་མཁན་དང་པོ། Narrator 1
    སྦོམ་ས་ནས་འཐེན་དགོས།/
    It has to be pulled here./
    >>讲解员一:粗的这头拉紧点。/
  • >>ད་འགྲིག་འདུག/
    >>It is good now./
    >>好了。/
  • བཤད་མཁན་གཉིས་པ། Narrator 2
    ད་ཐོག་མར་མཚོན་བྱུག་དགོས་པ་འེ་རེད།/
    Now we have to paint the colors first?/
    >>讲解员二:首先是要涂颜料吗?/
  • བཤད་མཁན་དང་པོ། Narrator 1
    རེད།/
    Yes./
    >>讲解员一:是的。/
  • བཤད་མཁན་གཉིས་པ། Narrator 2
    མཚོན་བྱུག་རྗེས་དཔུང་རྒྱན་འདོག་དགོས་པ་འེ་རེད།/
    Should we tie prayer flags after we've finished painting?/
    >>讲解员二:涂完颜色就要系经幡吗?/
  • བཤད་མཁན་དང་པོ། Narrator 1
    དཔུང་རྒྱན་འདོག་དགོས་པ་རེད།/
    Yes, we must tie prayer flags then./
    >>讲解员一:是的,要系经幡。/
  • >>ད་འགྲིག་གི།/
    >>It is good now./
    >>可以了。/
  • བཤད་མཁན་གཉིས་པ། Narrator 2
    ད་མཚོན་འབྱུག་ཡ།/
    Let's paint now./
    >>讲解员一:现在来涂颜色吧。/
  • >>དེར་དམར་པོ་བྱུག་དགོས་པ་འེ་རེད།/
    >>Should I paint it red here?/
    >>这里是涂红色吗?/
  • བཤད་མཁན་དང་པོ། Narrator 1
    རེད། མདུང་མགོར་དམར་པོ་བྱུག་དགོས་པ་རེད།/
    Yes, paint red on the arrowhead./
    >>讲解员一:是的, 箭头要涂红色。/
  • >>བཙན་པོའི་མདའ་དམར་ཟེར།/
    >>There is a saying, the hero's arrow is red./
    >>古语有言,勇者红箭。/
  • >>ཕྱུག་པོའི་མདའ་ནག་ཟེར་ནི་རེད།/
    >>The rich man's arrow is black./
    >>富者黑箭。/
  • >>འདི་མདུང་དཀྲིས་རེད།/
    >>This is the arrow tie./
    >>这叫箭带。/
  • བཤད་མཁན་གཉིས་པ། Narrator 2
    མདུང་དཀྲིས་ཡང་དམར་པོ་བྱེད་དགོས་པ་འེ་རེད།/
    Should the arrow tie also be painted red?/
    >>讲解员二:箭带也要涂红色吗?/
  • བཤད་མཁན་དང་པོ། Narrator 1
    དམར་པོ་བཞག་ན་ཆོག་པ་རེད།/
    It is okay to paint it red./
    >>讲解员一:可以涂红色。/
  • བཤད་མཁན་གཉིས་པ། Narrator 2
    གཞན་པ་བྱས་ནའང་ཆོག་གམ།/
    Can we paint it another color?/
    >>讲解员二:可以涂其他的颜色吗?/
  • བཤད་མཁན་དང་པོ། Narrator 1
    གཞན་པ་ལྗང་ཁུ་ཡིས་ལས་ན་ཆོག/
    We can paint it green./
    >>讲解员一:其他还可以涂绿色。/
  • >>སེར་པོ་ཡིས་ལས་ན་ཆོག་གི།/
    >>We can also paint it yellow./
    >>也可以涂黄色。/
  • >>དམར་པོ་ཡག་པ་རེད།/
    >>Red is beautiful./
    >>红色比较好看。/
  • >>དེ་ནས་བར་ལ་དཔུང་རྒྱན་གདག་དགོས།/
    >>Tie the prayer flags afterward./
    >>然后系经幡。/
  • >>མདུང་དཀྲིས།/
    >>Arrow tie./
    >>箭带。/
  • >>འདི་དམར་པོ་བྱེད།/
    >>Paint some red right here./
    >>这儿涂一些红色。/
  • >>ཁྱོད་ཀྱིས་ཚོན་ལག་ཏུ་བཟུང་།/
    >>Please hold the pigment./
    >>你端着颜料。/
  • >>ཚོན་དམར་པོ།/
    >>The red pigment./
    >>红色颜料。/
  • བཤད་མཁན་གསུམ་པ། Narrator 3
    ཟངས་ངོས་ནས་དྲེག་པ་བླངས་ནས་སྣག་ཚ་ལས་དགོས་པ་རེད།/
    Take pot gray from the bottom of the pot and make ink./
    >>讲解员三:取下锅底的锅灰来做墨水。/
  • བཤད་མཁན་དང་པོ། Narrator 1
    ངའི་ལག་ཏུ་ཞོག་དང་།/
    Please give it to me./
    >>讲解员一:递给我。/