Skip to main content Skip to search
21 Jun 2018
3 min 48 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

Choney, from Tongla village in Jamkhar Gewog, Trashiyangtse Dzongkhag, narrates “On Why One Should Follow the Bon Religion.” Bon religion here refers to the ancient shamanist religion of the area. Bon was the indigenous religion of the Himalayan region before the arrival of Buddhism in the 7th century AD.  Bhutanese have deep faith in Bon Buddhism, and Bon influenced daily rituals. It is difficult to say exactly when the practices of Bon religion first reached Bhutan.  

 

སྟོང་ལ་གཡུས་མཚན་ན་ལས་ཨིན་མི་ ཆོ་ནི་གིས་ བོནམ་ཆད་ལུ་བསྟན་དགོ་པའི་ ལོ་རྒྱུས་འདི་ཚུ་བཤད་འདི་ ཡོདཔ་ཨིན་མས།། འདི་ཡང་ ག་ཅི་འབད་ བོནམ་ཆོད་འདི་ བསྟན་དགོཔ་་ཨིན་ན་ སྐོར་ལས་ བཤད་འདི་ཡོདཔ་ཨིན་མས། བོནམ་ཆོས་འདི་ དཔའོ་དང་རྣལ་འབྱོར་པའི་ རྒྱུད་པ་ཅིག་ཨིན་དོ་ཡོདཔ་ཨིན་མས། འདི་ཡང་ ཡོ་ངོ་བདུན་གིས་ཧེ་མ་ ང་བཅས་རའི་ ནང་པའི་ཆོལ་ལུགས་འདི་ མ་དར་བའི་ཧ་མ་ བོད་རྒྱལ་ཁབ་ཀྱིས་ ཆོས་ལུགས་ཨིན་དོ་ཡོདཔ་ཨིན་མས། འདི་སྐབས་ འབྲུག་པ་ཚུ་ཡང་ བོནམ་ཆོས་ལུ་ ཡིད་ཆེ་ཡོདཔ་ཨིན་མས། འདི་ཁོང་ཚུ་གིས་ རིམ་འགྲོ་བཟུམ་ཅིག་ ཨིན་དོ་ཡོདཔ་ཨིན་མས།  

 

Transcript search
No results found for this search
0 of 0
  • ཆོས་ཉིད་ Choney
    ཏེ་ ང་བཅས་རའི་ གཡུས་ཁའི་མི་གནག་པའི་ལམ་ལུགས་སྲོལ་འབད་བ་ཅིན་ ག་དེ་སྦེ་སྨོ་ཟེར་བ་ཅིན་ དང་པ་རང་ནཝ་ད་ལུ་ བོན་པོ་ལས་རྩིས་གཅིག་བལྟཝ་ཨིན་ བལྟཝ་ད་ལུ་ ཧེ་མ་རང་བཙན་གསོལ་ཟེར་འཐོན་ནི་ཡོད།
  • ཆོས་ཉིད་ Choney
    བཙན་ལུ་བཏང་ཟེར་ཐོནམ་ད་ལུ་ ཧེ་མ་འདི་ བཙན་གྱི་ཐོན་བཏང་སྦེ་ ཏེ་ ནདཔ་ནམ་ནཝ་ཅིག་ བཙན་ཅིག་གསོལ་འདི་ ད་ལྟོ་འབད་བ་ཅིན་བདུད་འཇོམས་རིན་པོ་ཆེ་གིས་ ཏེ་ བཀའ་དམ་གཅིག་གནང་སྟེ་ བཀའ་དམ་འབད་ཞིནམ་ལས་འདི།
  • ཆོས་ཉིད་ Choney
    ལོ་ལྔ་ལྔ་དྲུག་དྲུག་ལུ་ བཤགས་པ་ཟེར་ཚར་རེ་བཏང་དོ་ མ་ཕུལ་རུང་ཁྱད་ཅིག་མིན་འདུག་ ཏེ་ བཙན་ལུ་རེ་དགོ་པའི་ཁུངས་ག་ཅི་སྨོ་ཟེར་བ་ཅིན་ དང་པོ་ས་ཆགས་པའི་སྐབས་རང་ དང་པ་རང་བཙན་བསྟེན་དགོ་ གཉིས་པ་ལུ་ ཀླུ་བསྟེན་དགོ་ གསུམ་པ་ལུ།
  • ཆོས་ཉིད་ Choney
    སྐྱེས་ལྷ་ཡུལ་ལྷ་དང་ ཆོས་སྐྱོང་སྲུང་མ་ཟེར་མི་ཅིག་བསྟེན་ཏེ་ ཆོས་སྲུང་ཚུ་བསྟེན་དགོ་པས་ ལྷ་ཚུ་བསྟེན་དགོཔ་ལས་ལཱ་ཁག་འདུག་ ཏེ་ འ་ནཱི་ཚུ་མ་བསྟེན་པ་ཅིན་ དང་ཕུ་སྨན་ཡང་མིན་འདུག།
  • ཆོས་ཉིད་ Choney
    དྲུང་འཚོ་ཡང་མིན་འདུག་ འ་ནཱི་ཚུ་ལུ་བརྟེན་ཏེ་ ད་ལྟོ་འཛམ་གླིང་ནང་ལུ་ཆགས་ནི་རང་ དེ་སྦེ་བཅགས་ཏེ་ཨིན་མས་ ཏེ་ བཙན་གྱིས་འབད་དགོ་པའི་ བཙན་ལུ་བཏང་དགོ་པའི་ཁུངས་ག་ཅི་སྨོ་ཟེར་བ་ཅིན།
  • ཆོས་ཉིད་ Choney
    དུས་མ་འོངས་པ་ལུ་ མི་གིས་མ་ལངས་པར་ཡར་སོང་པ་ཅིན་ རྒྱལ་ཁབ་གཞན་དང་གཅིག་ཁར་ཕྱད་མདའ་རྐྱབ་ད་ལུ་ ཏེ་ བཙན་ལུ་རེ་དགོ་ བཙན་ལུ་རེ་དགོཔ་ད་རང་ བཙན་ལུ་བསྟེན་ཏེ་ བཙན་ལུ་རྒྱབ་འཚོལ་ཏེ་རྐྱབ་པ་ཅིན་ བཙན་གྱིས་ཕུ་རང་འབྱུང་འཐུ་སྟེ་ ཤིང་དང་རྡོ་ཚུ།
  • ཆོས་ཉིད་ Choney
    གཡེབ་སྟེ་གསད་ནི་གི་ ཕར་ཧོངས་མའི་རྒྱལ་ཁབ་ལུ་ ཕྱད་མདའ་རྐྱབ་པར་ང་བཅས་མི་ འགྱོ་མ་དགོ་པར་འབད་ནི་ཅིག་ཡོད་ དེ་ལས་ དཔའ་བོ་དང་དཔའ་མོ་གིས་ ག་དེ་སྦེ་སྨོ་ཟེར་བ་ཅིན་ མཁའ་འགྲོ་དང་ཡི་དམ་ཚུ་ལུ།
  • ཆོས་ཉིད་ Choney
    ཁོང་ཚུ་ལུ་བསྟེན་ཏེ་ ཁོང་ཚུ་གིས་སྦེ་ དམག་བཟློག་ནི་ཡོད་ དེ་ལས་ ད་ ཆོས་སྲུང་ཚུ་གིས་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ང་བཅས་རའི་ད་ལྟོ་ ལྷ་ཁང་དགོན་སྡེ་ཚུ་ནང་ རྟག་བུ་རང་ ཏེ་ ཚེས་བཅུ་ཐམ་ བཅོ་ལྔ་ ཉི་ཤུ་ལྔ་ གནམ་སྒང་ལུ་ རྟག་བུ་རང་བཏངམ་ཨིན།
  • ཆོས་ཉིད་ Choney
    འ་ནཱི་ཚེས་བཅུ་བཏང་མི་འདི་ ང་བཅས་རའི་སྲུང་མ་ཚུ་གསོལ་ཏེ་ ལེགས་ཤོམ་སྦེ་ ཆོས་སྲུང་ཚུ་ལུ་ཕུལ་ཞིནམ་ལས་ ཏེ་ ང་བཅས་རའི་དམག་ ཨ་རྟག་རང་དམག་གི་བཟློག་ཐབས་སྦེ་བཏང་དོ་ གཡུས་ཁའི་མི་ཚུ་གིས་ཡང་བཏང་དོ།
  • ཆོས་ཉིད་ Choney
    དེ་ལས་ གྲྭ་ཚང་ཚུ་ནང་དགེ་སློང་ཚུ་གིས་ཡང་བཏང་དོ་འོང་ ང་བཅས་ཀྱིས་ཡང་བཏང་དོ་ བཏང་མི་འདི་ ག་ཅི་སྨོ་ཟེར་བ་ཅིན་ དང་པ་ང་བཅས་རའི་སྐྱབས་ཨིན་ གཉིས་པ་འདི་ ཕར་གྱི་བཟློག་ཐབས་ཨིན་ གསུམ་པ་ལུ་འདི་ རྒྱལ་ཁབ་ཀྱི་རྭཝ་ཨིན་ཟེར།
  • ཆོས་ཉིད་ Choney
    དེ་སྦེ་བཏང་དོ་ ང་བཅས་རྟག་བུ་ར་ བཏང་དགོ་པའི་ཁུངས་ག་ཅི་སྨོ་ཟེར་བ་ཅིན་ དང་ཕུ་ཕ་མའི་བསྟེན་བཞག་པའི་ ལྷ་ཆོས་སྲུང་ བཙན་ བདུད་ཟེར་མི་འདི་ བསྟེན་དགོ་པའི་ཁུངས་དེ་སྦེ་ཨིན་ བདུད་ལུ་ལེགས་ཤོམ་འབད་བ་ཅིན་ བདུད་ཀྱིས་ཡང་ཆ་རོགས་འབད་འོང་།
  • ཆོས་ཉིད་ Choney
    བཙན་ལུ་ལེགས་ཤོམ་འབད་བ་ཅིན་ བཙན་གྱིས་ཡང་ཆ་རོགས་འབད་འོང་ ཆོས་ལུ་ལེགས་ཤོམ་འབད་བ་ཅིན་ ཆོས་ཀྱིས་ཡང་ཆ་རོགས་འབད་འོང་ སྐྱབས་དང་རེ་སའི་གནས་ ག་ཏེ་ལུ་ཡང་མིན་འདུག་ ཁོང་ཚུ་ལུ་འབད་དེ།
  • ཆོས་ཉིད་ Choney
    ཆུང་ཀུ་ཅིག་ནཝ་ཅིག་ར་ ཁོང་ལུ་བསྟེན་ཏེ་འབད་འབདཝ་ཨིན་ལགས་ ལྷ་ཟེར་གཅིག་ཡོད་ བོན་པོའི་ལྷ་གཅིག་ འ་ནཱི་ལྷ་ཡང་གསོལ་དགོཔ་ཨིན་ ཏེ་ ད་རེས་ནངས་པ་ ཧེ་མ་བཟུམ་སྦེ་ སེམས་ཅན་སྲོག་གཅད་འབད་ནི་མེད།
  • ཆོས་ཉིད་ Choney
    བླ་མ་བླ་ཆེན་གྱིས་ འདུད་འཇོམས་སྐུ་ཚེ་གོང་མ་གཤགས་མི་གིས་ བཀའ་ཐམ་གཅིག་བཀྲམ་ཏེ་ དེ་སྦེ་འབད་བ་ལས་ མི་གཅིག་ནཝ་ད་ སེམས་ཅན་གསུམ་གསུམ་རེ་གསད་ནི་ཐོན་ནི་ཡོད་ དང་པ་ར་གླང་བསད་དགོ་ གཉིས་པ་ཕགཔ་བསད་དགོ་ གསུམ་པ་ལུག་གསད་དགོ་ ལ་ལུ་གིས་བྱ་པོད་བསད་དེས་ མི་གསུམ་གསུམ་རེ་བསད་དེ།
  • ཆོས་ཉིད་ Choney
    འ་ནཱི་འདི་ བཀའ་དྲིན་བསྐྱང་སྟེ་ བཀའ་དྲིན་ཆེ་ཡི་ ད་ལྟོ་འདི་ ཚོགས་སྐམ་ཅིག་ཕུལཝ་ད་ གནམ་མེད་ས་མེད་ལེགས་ཤོམ་ཨིན་མས་ཟེར་ གནམ་མེད་ས་མེད་ སངས་རྒྱས་ཀྱིས་གསུངས་མི་ལུ་ ཡིད་ཆེས་ཏེ་ ཏེ་ རོགས་བོན་པོ་ཚུ་ལུ་ཡང་ གནམ་མེད་ས་མེད་ཡིད་ཆེས་དགོཔ་ག་ཅི་སྨོ་ཟེར་བ་ཅིན།
  • ཆོས་ཉིད་ Choney
    ཨ་མ་གིས་སྐྱེསཝ་ད་ ཕོཝ་ནང་ན་སྡོདཔ་ད་ ཁོང་ལུ་བསྟེན་བཞག་ནི་དེ་གིས་ ཁོང་ལུ་སྐྱབས་མ་རེ་བ་ཐབས་མིན་འདུག་ ཏེ་ དང་ཕུ་བཟུམ་སྦེ་ ཤ་ཁྲག་འགྱོ་དགོཔ་ཡང་མིན་འདུག་ད་ལྟོ་འདི།
  • ཆོས་ཉིད་ Choney
    ལེགས་ཤོམ་སྦེ་སོང་ཡི་ དེ་འབད་ནི་དེ་གིས་ གནམ་མེད་ས་མེད་བཀའ་དྲིན་ཆེ་བས་ ཏེ་ ཆོས་སྐྱོང་སྲུང་མ་ཚུ་ལུ་ཡང་ གནམ་མེད་ས་མེད་ དྲོ་པ་ཕྱི་རུ་མེད་པར་ མཆོད་པ་ཡོན་ཆབ་ཕུལ་ཏེ་ ཡོདཔ་ད་ དུས་བཟང་ཚུ་ལུ།
  • ཆོས་ཉིད་ Choney
    དཀར་མེ་ཕུལ་ཏེ་ཡོདཔ་ད་ལུ་ རྟག་བུ་ན་བུ་རང་ ཀོངམོ་རེ་རེ་གཉིས་གཉིས་ཕུལ་དོ་ མེད་རུང་དུས་བཟང་ལུ་འདི་ ག་ར་ཕུལ་མི་ཨིན་ དེམ་ཅིག་ཨིན་ལགས་ངེའི།