Skip to main content Skip to search
28 Aug 2018
3 min 51 sec
Ariana Maki
Video Overview
Creators: 
Sonam Tobgye

Every old Bhutanese song such as Boedra and Zhungdra songs are composed based on metaphoric verses. This particular song called "Neljor Diney Jel Tsana" references fruits that get destroyed during hurricanes and other natural disasters. In later verses it speaks of a flesh body which falls ill and dies. The song carries the message of the impermanence or ephemerality of life. The song may have been composed by a Yogi because the verses of the song resemble such a man's perspective.

 

ང་བཅས་རའི་ འབྲུག་གི་གཞུང་སྒྲ་དང་ བོད་སྒྲའི་གླུ་གཞས་འདི་ཚུ་ དཔེ་དོན་གྱི་ཐོག་ལས་སྦེ་ར་བརྩམས་ཡོདཔ་ད་ རྣལ་འབྱོར་འདི་ནས་མཇལ་ཙ་ན་ཟེར་མི་འདི་ ཤིང་འབྲས་རླུང་མ་དང་ རང་བཞིན་གྱི་རྐྱེན་ལས་མེད་བཏང་མི་ལུ་ དཔེ་སྦྱར་ཏེ་བརྩམས་འདུག། འདི་ལས་ཚིག་ཤུལ་མམ་ཚུ་ནང་ ན་ནི་དང་ཤི་ནི་ཡོད་པའི་ ཤ་དང་ཁྲལ་ལས་གྲུབ་པའི་ གཟུགས་འདིའི་སྐོར་ལས་སྦེ་ མདོར་བསྡུ་བ་ཅིན་ གླུ་གཞས་འདི་ནང་ ཚེ་མི་རྟག་པའི་སྐོར་ལས་བཤདཔ་མས། ཞབས་བྲོ་འདི་ཡང་ མིག་གིས་མཐོང་བ་དང་ ལུས་ཀྱིས་མྱོང་བ་ལུ་ གཞི་བཞག་ཡོདཔ་ལས་ རྣལ་འབྱོར་པ་ཅིག་གིས་ བརྩམས་བརྩམསམ་བཟུམ་ཅིག་འདུག། 

 

Transcript search
No results found for this search
0 of 0
  • སེངྒེ་བཟང་མོ་ Singye Zangmo
    རྣལ་འབྱོར་འདི་ནས་མཇལ་ཡར་ལ་ཙམ་(ཙ་)ན། །ཤིང་ལ་འབྲས་བུ་ལོ་འདབ་ལྗོན་ནས་བཞག །ཤིང་ལ་འབྲས་བུ་ལོ་འདབ་ལྗོན་ནས་བཞག །
  • སེངྒེ་བཟང་མོ་ Singye Zangmo
    ཤིང་ལ་འབྲས་བུ་ལོ་འདབ་ལྗོན་པ་འདི། །རྐྱེན་རླུང་འཚུབ་དྲག་པོས་བསྐྱུར་ནས་འགྲོ། །རྐྱེན་རླུང་འཚུབ་དྲག་པོས་བསྐྱུར་ནས་འགྲོ། །
    If come across with Yogis, won't keep weight of fruits on braches. The weight of fruits on the branch is, Blown by the windstorm.
  • སེངྒེ་བཟང་མོ་ Singye Zangmo
    རྐྱེན་རླུང་འཚུབ་དྲག་པོས་བསྐྱུར་བ་འདི། །འདི་ཡང་མི་རྟག་དྲན་ཤིང་(ཅིང་)བླ་མ་མཁྱེན། །འདི་ཡང་མི་རྟག་དྲན་ཤིང་(ཅིང་)བླ་མ་མཁྱེན། །
  • སེངྒེ་བཟང་མོ་ Singye Zangmo
    རྣལ་འབྱོར་རང་གི་ལུས་ལ་བལྟས་ཙམ་(ཙ་)ན། །ལུས་ལ་ཤ་ཁྲག་དབང་པོས་ལྗོན་ནས་ཡོད། །ལུས་ལ་ཤ་ཁྲག་དབང་པོས་ལྗོན་ནས་ཡོད། །
    The blowing of windstorm is, reminding of impermanence lord. If look into the yogis body, is made up of blood and flashes.
  • སེངྒེ་བཟང་མོ་ Singye Zangmo
    ལུས་ལ་ཤ་ཁྲག་དབང་པོས་ལྗོན་པ་འདི། །རྐྱེན་ནད་རིམས་དྲག་པོས་བསྐྱུར་ནས་འགྲོ། །རྐྱེན་ནད་རིམས་དྲག་པོས་བསྐྱུར་ནས་འགྲོ། །
  • སེངྒེ་བཟང་མོ་ Singye Zangmo
    རྐྱེན་ནད་རིམས་དྲག་པོས་བསྐྱུར་བ་འདི། །འདི་ཡང་མི་རྟག་དྲན་ཤིང་(ཅིང་)བླ་མ་མཁྱེན། །འདི་ཡང་མི་རྟག་དྲན་ཤིང་(ཅིང་) བླ་མ་མཁྱེན། །
    The body, which is, compose with blood and flash is, will take away by misfortune and disease. The misfortune of disease is, also reminding of impermanent lord.
  • སེངྒེ་བཟང་མོ་ Singye Zangmo
    ལགས་སོ་ལགས།། །།
    Thank you