Skip to main content Skip to search
09 Aug 2012
11 min 20 sec
Otto Wendekar
Video Overview
Creators: 
Unknown

Lubum recounts the adventures of when his elder brother set out on foot for pilgrimage to Lhasa from Rongwo Monastery.

རེབ་གོང་གི་ཆུ་མ་སྡེ་བའི་རྒན་པོ་ཀླུ་འབུམ་ལགས་ཀྱིས་རང་གི་སྤུན་ཆེ་བ་པདྨ་དོན་གྲུབ་ཆུང་དུས་སུ་རྐང་ཐང་གིས་ལྷ་སར་གནས་མཇལ་ལ་སོང་བའི་ལམ་སྐབས་ཀྱི་གནས་ཚུལ་མདོར་བསྡུས་ཤིག་ངོ་སྤྲོད་བྱས་ཡོད་ལ། ཁོང་གི་སྤུན་པདྨ་དོན་གྲུབ་ནི་སྤྱི་ཚོགས་རྙིང་བར་རོང་བོ་དགོན་པའི་གྲྭ་བ་ཡིན་པ་དང་། རེབ་གོང་སྐྱབས་མགོན་སྐུ་ཕྲེང་དྲུག་པའི་སྐུ་དབོན་གྱི་སློབ་མ་དང་གྲྭ་ཕྲུག་རེད། པདྨ་དོན་གྲུབ་རང་ལོ་བཅུ་དགུའི་སྟེང་རོང་བོ་དགོན་པའི་གྲྭ་བ་འགའ་དང་ལྷན་དུ་ལྷ་སར་རྐང་ཐང་གིས་བསྐྱོད་པ་དང་། རི་བོ་ལྡིང་ལའི་ཉེ་འདབས་སུ་ཉིན་མང་པོར་ཁ་བའི་ནང་དུ་སོང་བས། རྐང་པ་ཕྱིད་དེ་ས་དེར་ལུས་པ་དང་། རྒྱགས་ཀྱིས་མི་འདང་བར་དམིགས་ཏེ་དབུས་རོགས་རྣམས་ཀྱང་འགྲོ་རུ་བཅུག་པས། ས་དེར་ཉིན་གཉིས་ལྷག་ལ་ལུས་པ་དང་། ཉིན་ཞིག་མདོ་སྨད་ཀྱི་བླ་མ་གང་ཞིག་གི་དཔོན་གཡོག་འཁོར་དང་བཅས་པས་མཐོང་སྟེ་སྨན་བཅོས་བྱས་པ་དང་། ལྷན་དུ་ལྷ་སར་བསྐྱོད་པ་རེད།

རྒན་པོ་ཀླུ་འབུམ་གྱིས་རང་གི་སྤུན་ཆེ་བ་པདྨ་དོན་གྲུབ་ཆུང་དུས་སུ་རྐང་ཐང་གིས་ལྷ་སར་གནས་མཇལ་ལ་སོང་བའི་གནས་ཚུལ་མདོར་བསྡུས་ཤིག་ངོ་སྤྲོད་བྱེད་པ།

Transcript search
No results found for this search
0 of 0