Skip to main content Skip to search
21 Jun 2018
2 min 43 sec
Ariana Maki
Video Overview
Creators: 
Sonam Chophel, Duptho

A boedra song entitled “Karma Lingi Lingtoed” is sung by Samten Wangmo from Bimkhar village, Yangtse Gewog, Trashiyangtse Dzongkhag. The song’s title, Karma Lingi Lingtoed, loosely translates to “In the Upper Reaches of Karmaling.” The song describes a beautiful queen, Tashi Drolkar, whose appearance is compared to Tsari Nyungma (a special species of bamboo).  

 

བོད་སྒྲའི་ གླུུ་གཞས་སྐར་མ་ལ་གླིང་གིས་ གླིང་སྟོད་ན་ཟེར་མི་འདི་ སྦིམ་མཁར་གཡུས་མཚན་ལས་ཨིན་མི་ བསམ་གཏན་དབང་མོ་གིས་ འཐེན་འདི་ ཡོདཔ་ཨིན་མས། གླུ་གཞས་འདི་གིས་ སྐར་མ་གླིང་ཟེར་ས་ལུ་ ཨ་ཞེས་བཀྲ་ཤིས་སྒྲོལ་དཀར་སྐོར་ལས་བཤད་འདི་ ཡོདཔ་ཨིན་མས། ཨ་ཞེས་འདི་ སྐུ་གཟུགས་རྩ་རི་མྱོང་མ་བཟུམ་འབད་ མཐོང་དོ་ཡོདཔ་ཨིན་མས། གླུ་གཞས་འདི་ ཨ་ཞེས་ལུ་ བསྟོད་པའི་ གླུ་གཞས་ཅིག་ཨིན་མས།

 

Transcript search
No results found for this search
0 of 0
  • བསམ་གཏན་དབང་མོ་ Samten Wangmo
    སྐར་མ་གླིང་སྟོད་གླིང་སྟོད་ལེགས་སོ། །གླིང་སྨད་ལེགས་སོ། །
  • བསམ་གཏན་དབང་མོ་ Samten Wangmo
    ཨ་ཞེ་ལ་བཀྲིས་སྒྲོལ་དཀར་སྐུ་གཟུགས་ལེགས་སོ། །ཙཱ་རི་སྨྱུག་མ་ལེགས། །སྭོ་ཙཱ་རི་སྨྱུག་མ་ལེགས། །
  • བསམ་གཏན་དབང་མོ་ Samten Wangmo
    ཆོས་ཅིག་དྲན་བྱུང་ཡར་འགྲོ་ཨ་མའི། །དཔོན་པོས་བཀའ་ཅིག་གནང་ས། །སྭོ་གནང་ས་ལ་ཏ་གནང་། །སྭོ་གནང་ས་ལ་ཏ་གནང་། །
  • བསམ་གཏན་དབང་མོ་ Samten Wangmo
    སྐར་མ་གླིང་སྟོད་གླིང་སྟོད་ལེགས་སོ། །གླིང་སྨད་ལེགས་སོ། །
  • བསམ་གཏན་དབང་མོ་ Samten Wangmo
    ཨ་ཞེ་ལ་བཀྲིས་སྒྲོལ་དཀར་ཞལ་རས་ལེགས་སོ། །དཀར་གསལ་ཟླ་བ་ལེགས། །སྭོ་དཀར་གསལ་ཟླ་བ་ལེགས། །
  • བསམ་གཏན་དབང་མོ་ Samten Wangmo
    ཆོས་ཅིག་དྲན་བྱུང་ཡར་འགྲོ་ཨ་མའི། །དཔོན་པོས་བཀའ་ཅིག་གནང་ས། །སྭོ་གནང་ས་ལ་ཏ་གནང་། །སྭོ་གནང་ས་ལ་ཏ་གནང་། ། ལགས་སོ་ལགས།། །།