Skip to main content Skip to search
11 Jan 2016
2 min 47 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Tashi Tsomo from Yak Village in Chentsa singing a song called "Upon the Golden Throne." This song is part of a collection of folk songs from the Rebgong cultural area.

འདི་ནི་གོས་དང་རྒྱན་ཆས་བརྒྱན་པའི་ན་ཆུང་བུ་མོ་ལ་བསྟོད་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་གསེར་ཏོག་ཅན་གྱི་ཁྲི་ཐོག་ན་ཡོན་ཏན་ཅན་གྱི་བླ་མ་བཞུགས་པ་དང་གོམ་ལག་ཅན་གྱི་རྟ་ཐོག་ན་ལྡེམ་མྱུར་ཅན་གྱི་བུ་ཆུང་བཞུགས་ཡོད་ཞེས་བརྗོད་དེ།  རིན་ཐང་ཅན་དང་རི་མོས་བརྒྱན་པའི་གོས་ཡག་པ་གྱོན་པའི་བུ་མོ་ཧ་ཅང་མཛེས་ཉམས་ཀྱིས་ཕྱུག་པ་བརྗོད་ཡོད།

Transcript search
No results found for this search
0 of 0
  • ༼ཡེ་་ལོངས་ལ་རེ་ལེན་གོ་་་གླུ་ཞིག་ལེན་གོ་ལོངས་ལ་རེ་ལེན་དགོ༽
  • གསེར་ཏོག་ཡག་གི༼ལོངས་ལ་རེ་ལེན་གོ༽ཁྲི་ཐོག་ན།།༼ལོངས་ལ་རེ་ལེན་གོ༽
  • ཡོན་ཏན་ཅན་གྱི༼ལོངས་ལ་རེ་ལེན་གོ༽བླ་མ་བཞུགས།།༼ལོངས་ལ་རེ་ལེན་གོ༽
  • ལྡེམ་མྱུར་ཅན་གྱི༼ལོངས་ལ་རེ་ལེན་གོ༽རྟ་ཐོག་ན།།༼ལོངས་ལ་རེ་ལེན་གོ༽
  • གོམ་ལག་ཅན་གྱི༼ལོངས་ལ་རེ་ལེན་གོ༽བུ་ཆུང་བཞུགས།།༼ལོངས་ལ་རེ་ལེན་གོ༽
  • ༼ཡེ་་ལོངས་ལ་རེ་ལེན་གོ་་་གླུ་ཞིག་ལེན་གོ་ལོངས་ལ་རེ་ལེན་དགོ༽
  • གོས་རི་མོ་ཅན་གྱི༼ལོངས་ལ་རེ་ལེན་གོ༽གོས་ནང་ན།།༼ལོངས་ལ་རེ་ལེན་གོ༽
  • རིན་ཐང་ཅན་གྱི༼ལོངས་ལ་རེ་ལེན་གོ༽བུ་མོ་བཞུགས།།༼ལོངས་ལ་རེ་ལེན་གོ༽
  • གླུ་ཤེས་ནི་མིན་ར༼ལོངས་ལ་རེ་ལེན་གོ༽དགའ་ནི་ཡིན།།༼ལོངས་ལ་རེ་ལེན་གོ༽