Skip to main content Skip to search
26 Apr 2019
6 min 49 sec
Ariana Maki
Video Overview
Creators: 
Dradul Dorjay, Tsegona

Tserik refers to a widely known dance found in Amdo cultural areas. 

འདིར་བརྗོད་པའི་རྩེད་རིགས་ནི་ཨ་མདོ་ས་ཆར་དར་ཆེ་བའི་ཞབས་བྲོའི་རྣམ་པ་ཞིག་གི་མིང་ཡིན།

安多藏区非常流行的一种舞蹈。

སྤྱིར་རྩེད་རིགས་ཞེས་པ་ནི་རོལ་རྩེད་ཀྱི་བྱེད་སྒོའི་རིགས་ལ་གོ་དགོས་ཏེ། དཔེར་ན་བོད་ཀྱི་མིག་མངས་དང་། བོད་ཀྱི་གཞས་དང་བྲོ། རྟ་རྒྱུག་རོལ་རྩེད་སོགས་དང་། འཁྲབ་པ། ལེན་པ་སོགས་ཚང་མར་རྩེད་རིགས་ཞེས་བརྗོད་ཀྱི་ཡོད་ནའང་། འདིར་བརྗོད་པའི་རྩེད་རིགས་ནི་ཨ་མདོའི་ས་ཆར་དར་ཆེ་བའི་ཞབས་བྲོའི་རྣམ་པ་ཞིག་གི་མིང་ཡིན། དེའི་འཁྲབ་སྟངས་ནི་ཨ་རྩེད་དང་ཆ་འདྲ་སྟེ། དེ་ནི་མི་གཉིས་སམ་གསུམ། ཡང་ན་དེ་ལས་མང་བ་མཉམ་གཅིག་ཏུ་འདུས་ཏེ་ཕན་ཚུན་གྱིས་མཉམ་ལེན་དང་། སྐབས་འགར་མི་གཅིག་གིས་གླུ་མགོ་བཀྱག་མ་ཐག་གཞན་རྣམས་ཀྱིས་ཀྱང་མཉམ་དུ་ལེན་པའི་རྩེད་རིགས་ཀྱི་རྣམ་པ་ཞིག་ཡིན། 

一般而言,既是游戏则包括了藏棋、歌舞、赛马等各种娱乐项目。但是,在这里专指安多藏区非常流行的一种舞蹈,其表演方式与“阿泽”说唱较为接近,一般由两人或三人以上对唱,由一人起唱后,其他人随之一起唱。