Skip to main content Skip to search
25 Aug 2018
1 min 51 sec
Ariana Maki
Video Overview
Creators: 
Dawa Tshering, Tseten Tshering

Rinchen from Bongo Gewog (county) in Chukha district, sing various categories of tsangmo (ballad) songs. It is a form of ballad which is sung with different tunes. It can be in various genres such as happy tsangmo, love tsangmo, sad tsangmo, enmity tsangmo and friendly tsangmo. During the old days people used to express and share their feelings through tsangmo. It was a means for them to communicate with each other. They sang tsangmo when they worked in the field or during leisure times but now such traditions are replaced by modern technologies and it is practiced no more. Now tsangmo is conducted as competitions among students to prevent its decline.

 

ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ སྐྱུང་ཁ་གཡུས་ཚན་ནང་ལས་ ཨམ་རིན་ཆེན་གྱི་ རྩང་མོ་གི་དབྱེ་ཁག་མ་འདྲཝ་ལེ་ཤ་འཐེན་ནི་འདུག རྩང་མོ་འདི་ གདངས་དབྱངས་མ་འདྲཝ་ལེ་ཤ་གི་ཐོག་ལས་འཐེནམ་ཨིན། རྩང་མོ་ལུ དབྱེ་བ་ དགྲ་དང་སྙན་ དགའ་བ་དང་སྐྱོ་བ་ དེ་ལས་སྤྲོ་བའི་རྩང་མོ་ཟེར་ལེ་ཤ་ཡོདཔ་ཨིན། ཧེ་མ་འབད་བ་ཅིན་ མི་ཚུ་གི་ཁོང་རའི་ཚོར་བ་ཚུ་ རྩང་མོའི་ཐོག་ལས་བཤདཔ་ཨིན། ཧེ་མ་འབད་བ་ཅིན་ རྩང་མོ་འདི་ ཞིང་ནང་ལཱ་འབད་བའི་སྐབས་དང་ དལ་ཁོམ་ཡོད་པའི་སྐབས་འཐེནམ་ཨིནམ་དང་ ད་རེས་ནངས་པ་ རྒྱལ་ཁབ་གོང་འཕེལ་ལས་རྟེན་ འདི་བཟུམ་མའི་སྲོལ་འདི་ལག་ལེན་མི་འཐབ་དོ་ཡོདཔ་ཨིན། ཨིན་རུང་ སྲོལ་འདི་མི་མཉམ་ནིའི་དོན་ལུ་ སློབ་གྲྭ་ནང་ལུ་ སློབ་ཕྲུག་ཧུའི་བར་ན་ འགྲན་བསྡུར་འབད་འགོ་འདྲེན་འཐབ་ཨིན། 

 

Transcript search
No results found for this search
0 of 0
  • རིན་ཆེན Rinchen
    ཆུ་གཅིག་ཟམ་པའི་ལ་ འོག་ལས་ཉ་གཅིག་བཟུང་དགོ་ལ་བསམ་པ་གསེར་གྱི་བརྐོ་མ་མེད་པ་ ཐོབ་ཐོབ་འདྲཝ་ར་མིན་ནུག་ ཁྱོད་ནི་རྒྱ་མཚོ་ལ་ཕར་ཁར་ ང་ནི་རྒྱ་མཚོ་ལ་ཚུར་ཁར་ལས་དང་སྨོན་ལམ་ཡོད་ན་ རྒྱ་མཚོ་སྦུག་ལུ་ འཛོམས་དགེ། ཤར་རི་ལོག་གི་ལ་བྱི་ཅུང་ ནུབ་རི་ལོག་གི་བྱི་ཅུང་བྱི་ཅུང་བསྐལ་བཟང་སྒྲོ་ལ་ཚང་ལ་ནི་ག་འཚོལ་མ་ཤེས།
    Though I wish to go fishing under that bridge but I don't have a fish hook and I think I won't get the fish. You're on the other side of the ocean and I am [here] on the opposite. If there is karma let us meet in the middle of the ocean. The bird of the east and the west the bird called Kelzang Dolma is confused in finding his nest.