Skip to main content Skip to search
30 Aug 2018
1 min 22 sec
Ariana Maki
Video Overview
Creators: 
Sonam Tobgye, Sangay Tshomo

A golden Vajrapani (bodhisattva, protector of the Budda) statue from a golden place is considered as sacred yet the composer does not want to receive its blessing, the composer is not devoted to the golden statue. Similarly, the stag from an auspicious meadow moves up and down calmly but the composer never cared for his calm, rather he wanted to shoot it with an arrow. This is an antagonizing tsangmo, showing hatred through the use of the above mentioned examples.

ལ་མཐོ་ས་སྐྱེ་མི་ངང་སྒོང་མེ་ཏོག་ཟེར་མི་འདི་ ཁཝ་རྐྱབ་རུང་སྐམ་ནི་མེད་པར་འགྱུར་བ་མེད་པར་སྡོད་མི་ཅིག་ཨིནམ་ད་ ནཱི་བཟུམ་སྦེ་ རྩོམ་པ་པོའི་སྐེད་ལུ་བཏགས་མི་ སྲུང་འཁོར་གའུ་འདིའི་གསུང་སྐད་འདི་ཡང་ ག་ཅི་དེ་ལས་ཧན་ཏོང་ཏོ་ཡོདཔ་ལས་ ག་དེ་ཅིག་སྦེ་ རང་གི་དགའ་བའི་མི་འདིའི་གདོང་ཁར་རྩེ་བ་ཅིན་ འཁྲིལ་སི་སི་བཟོ་ཨིན་ཟེར་མས། འདི་གི་སྦེ་འདི་ར་ རྩང་མོ་འདི་ནང་ རྩོམ་པ་པོ་འདི་གིས་ མི་ཅིག་ལུ་སེམས་ཤོར་སྟེ་ བློ་བརྐུ་ནིའི་དོནལ་ུ་ ཁྱོད་ཀྱི་གསུང་སྐད་འདི་ འགྱུར་བ་མེད་པར་ཧན་ཏོང་ཏོ་འདུག་ཟེར་ བསྟོད་པ་རྐྱབ་ཨིནམ་ད་ ད་ལྟོ་མོ་གིས་འཐེན་མི་རྩངམོ་འདི་ རྒྱལ་ཁབ་ནང་འཁོད་ལས་ མི་གཞན་མི་ཚུ་གིས་འཐེན་མི་དང་ ཨ་ཙི་མ་འདྲཝ་སྦེ་འདུག། 

 

Transcript search
No results found for this search
0 of 0
  • འཕྲིན་ལེ་དཔལ་སྒྲོན། Thinley Pelden
    ཕུ་གི་ངང་སྒོང་མེ་ཏོག་ལེ་ཤོག་ལེ་མོ་ཡ། །སྒོ་གསུམ་བར་ཅིག་ཤར་དོ་ལོ་ཤོག་ལེ་མོ་ཡ། །
    The Ngangong flower of mount, Blossoms in mid of tri door.
  • འཕྲིན་ལེ་དཔལ་སྒྲོན། Thinley Pelden
    ཁ་བ་ལོ་གསུམ་བབས་ཀྱང་རུང་ཤོག་ལེ་མོ་ཡ། །དཀར་ཁ་ཡལ་ས་མིན་འདུག་ལོ་ཤོག་ལེ་མོ་ཡ། །
    Even snow falls for three years, Its whiteness won’t fade.
  • འཕྲིན་ལེ་དཔལ་སྒྲོན། Thinley Pelden
    ཁྱོད་ཀྱི་ཕྱག་གི་དུང་དཀར་འདི་ཤོག་ལེ་མོ་ཡ། །སྐད་ལ་བལྟ་ར་མི་བལྟ་བས་ཤོག་ལེ་མོ་ཡ། །
    The conch in your hand, You never hang around your neck.
  • འཕྲིན་ལེ་དཔལ་སྒྲོན། Thinley Pelden
    ལན་གཅིག་ང་གིས་འཕུཝ་ད་ལུ་ཤོག་ལེ་མོ་ཡ། །འཁྲུལ་སྣང་ལངས་པའི་སྐད་གོཝ་མས་ཤོག་ལེ་མོ་ཡ། །ལགས་སོ།། །།
    When ones blown for me, It gives delusive sound. Thank you.