Skip to main content Skip to search
29 Aug 2018
2 min 34 sec
Ariana Maki
Video Overview
Creators: 
Sonam Tobgye, Sangay Tshomo

ྩརྩང་མོ་ཟེར་མི་འདི་ རང་སོའི་སེམས་ཁར་ཡོད་པའི་སྐྱོང་སྣང་ཚུ་ སྐད་ཀྱི་གདངས་ལེ་ཤ་ཅིག་གི་ཐོག་ལས་ གཞན་ལུ་སླབ་མི་ཅིག་ཨིནམ་ད་ རྩང་མོ་ལུ་ དགྲ་གླུ་དང་གཉེན་གྲུ་ བསྟོད་གླུ་དང་ཁ་བཏང་ནི་ འདི་ལས་དགའ་གླུ་ཟེར་ དབྱེ་བ་ལེ་ཤ་ཅིག་ཡོདཔ་ད་ རྩང་མོ་འཐེན་པའི་སྐབས་ གཟུགས་ཀྱི་ལེའུ་བསྒྱུར་བའི་སྲོལ་འདི་ མ་པ་ལས་མེདཔ་ད་ སྤྱིར་བཏང་རྩང་མོ་ཟེར་མི་འདི་ ཚིགས་བཅད་བཞི་སྦེ་འོངམ་ཨིན། ད་ལྟོའི་རྩང་མོ་འདི་ བསྡུ་སྒྲིག་འབད་བཞག་ནིའི་དོན་ལུ་འབདཝ་ལས་  ཤེས་རབ་པདྨོ་གིས་ ཆ་མཉམ་སླ་བསྲེ་སྟེ་འཐེནམ་ཨིན་རུང་ ངོ་མ་འགྲན་བསྡུར་གྱི་དོན་ལུ་ཨིན་པ་ཅིན་ བྱང་ཕྱད་དང་འཁྲིལ་ཏེ་འཐེན་དགོཔ་ཨིན་མས། ད་ལྟོའི་རྩང་མོ་འདི་ འགོ་བཙུགསཔ་ད་བསྟོད་གླུ་གི་སྦེ་གོ་རིམ་སྒྲིག་སྟེ་འཐེན་རུང་ གཅིག་གིས་གཅིག་ལུ་དྲོད་འབར་བའི་བསྒང་ལས་ དགྲ་གླུ་འདི་དམའ་ཕབ་བཟུམ་ཅིག་ ལག་ལེན་འཐབ་ཡོདཔ་ད་ མཇུག་ལུ་ལྷོདཔ་ད་ འཆམ་ཁ་བཟོ་ཞིནམ་ལས་ གཉེན་གླུ་སྦེ་འཐེན་ནི་འདི་ ལུགས་སྲོལ་བཟུམ་ཅིག་ཨིན། 

 

Tsangmo is a type of song used to express individual's emotions, conveying their inner warmth and affection to another person, through numerious lyrical tunes. Tsangmo can be sung to express love, hatred and any other feelings. While it is sung, the Tsangmo songs are never sung with dance, as it is a poetry song for a singing expression without a dance. It is usually a composition limited to a verse of four lines for an expression. The current Tsangmo is a mixture of all categories of Tsangmo as Sherab Pemo sings it for archival purpose but in reality, if it is a competation, they will sing as per opponent's verses, whether it be question, answer etc. The current Tsangmo she sang was mixture of all genres of Tsangmo, generally  laudatory tsangmo is sing to impress each other but when they get to climax, they sang antagonizing tsangmo to defame. And it is usual that they comporise and sings befriending tshangmo and reconcile. 

 

Transcript search
No results found for this search
0 of 0
  • ཤེས་རབ་དཔལ་མོ། Sherab Pemo
    གནམ་ལ་སྤྲིན་པ་མེད་ན། །གོས་ཆེན་སྔོ་སང་ལ་འདྲ་དོ། ། མི་ལ་[འཇམ་པ་?]མེད་ན། །དགེ་སློང་བསྙེན་རྫོགས་འདྲ་དོ། །
    If sky don’t have cloud, It looks like silk without colors. If human don’t have compassion, It looks like vegetarian monk.
  • ཤེས་རབ་དཔལ་མོ། Sherab Pemo
    སྒྲོལ་མ་སྒྲོལ་དཀར་ཡིན་ཀྱང་། །ང་ལ་(ནི་)ཕྱག་དབང་མི་ཞུ། །
    [སྤྲང་ཀ་?]དཀར་པོ་གཅིག་ལ། །སྒྲོལ་མའི་སྐུ་གཅིག་བཞེངས་ཡོད། ། To the single white Trangka, The image of Tara is imprint. Even it’s white Tara, I won’t get blessings.
  • ཤེས་རབ་དཔལ་མོ། Sherab Pemo
    ཁྱོད་ནི་ལ་མོའི་ཕར་རི། །ང་ནི་ལ་མོའི་ཚུར་རི། ། ལས་དང་སྨོན་ལམ་ཡོད་ན། །ལ་མོའི་ལ་སྦུག་ལ་འཛོམས་ཤོག །
    You are other side of hill, Am this side of hill. If we have karma and aspiration, Let us meet in mid of hill.
  • ཤེས་རབ་དཔལ་མོ། Sherab Pemo
    ཆུ་མོ་ཆུ་ཐག་རིང་ཀྱང་(ཡང་)། །ཟམ་པ་རྐྱབ་ས་མིན་འདུག ། དགའ་བ་ལ་ས་ཐག་རིང་ཀྱང་(ཡང་)། །སྙིང་གཏམ་བཤད་ལུགས་མ་ལེགས། །
    Even river flows far, There is no place to built bridge. Even love one is far away, The expressing of love is so bad.
  • ཤེས་རབ་དཔལ་མོ། Sherab Pemo
    ཕར་རི་བྲག་གི་ལོགས་ལ། །ཤ་བ་ཡར་འགྲོ་མར་འགྲོ། ། ཡར་འགྲོ་རྩྭ་ནི་མ་ཟ། །མར་འགྲོ་ཆུ་ནི་མ་འཐུང་།། །།
    To the other side of cliff, Stags travel up and down. (I) Stag wont eat upper grass, (I) Stag wont drink flowing river.