Skip to main content Skip to search
31 Jan 2012
4 min 4 sec
David Germano
Video Overview
Creators: 
Georges Dreyfus

A tour of the most important chapels on the second floor of the great assembly hall at Drepung Monastery. The tour includes shots of the Maitreya chapel but focuses primarily on the Kangyur chapel and the religious art and relics inside. Narrated by Georges Dreyfus.

Transcript search
No results found for this search
0 of 0
  • འདི་ནི་འབྲས་སྤུངས་དགོན་པའི་ཚོམས་ཆེན་གྱི་ཕྱིའི་རྣམ་པ་རེད།
  • ད་ལྟ་ང་ཚོས་ཚོགས་ཆེན་གྱི་ཐོག་བརྩེགས་གཉིས་པར་ཡོད་པའི་ལྷ་ཁང་གཙོ་ཆེ་ཁ་ཆས་ལ་ལྟ་སྐོར་འགྲོ་གི་ཡིན།
  • དང་པོ་འདི་ནི་རྒྱལ་བ་བྱམས་པའི་ལྷ་ཁང་རེད། འདིའི་ནང་དུ་འབྲས་སྤུངས་དགོན་པར་ཡོད་པའི་སྐུ་འདྲ་རྩ་ཆེ་ཤོས་ཏེ་རྒྱལ་བ་བྱམས་པའི་སྐུ་འདྲ་འདི་རེད།
  • སྐུ་འདྲ་འདིའི་མཚན་ཡོངས་བསྒྲགས་ནི་བྱམས་པ་མཐོང་འགྲོལ་ཟེར།
  • འདི་ནི་རྗེ་ཙོང་ཁ་པ་ཆེན་པོ་ཁོང་རང་ཉིད་ཀྱིས་མངགས་པ་དང་རབ་གནས་གནང་བ་ཞིག་རེད།
  • སྐུ་འདྲ་འདིའི་གཟུངས་ཞུགས་ཀྱི་ནང་དུ་སངས་རྒྱས་འོད་སྲུང་གི་རིང་བསྲེལ་ཡོད་པ་དང་། ནམ་བཟའ་རྩ་ཆེན་རིགས། མི་ལ་རས་པའི་ཟྭ་བོའི་ཆ་ཤས། རྗེ་ཙོང་ཁ་པ་ཁོང་རང་ཉིད་ཀྱི་ནམ་བཟའ་ཡང་ཡོད།
  • ད་དུང་འདིའི་ནང་ལ་སྔགས་རྩ་ཆེན་གྱིས་བྱིན་གྱིས་བརླབས་པའི་དུང་དཀར་འགའ་ཤས་ཡོད།
  • ང་ཚོས་ད་ལྟ་མཐོང་ཐུབ་འདི་ནི་རྒྱལ་བ་བྱམས་པ་མཐོང་འགྲོལ་གྱི་སྐུ་འདྲ་མཇལ་བར་ཡོང་མཁན་ཆོས་ཞུ་བ་མང་པོའི་ནང་ནས་འགའ་ཤས་རེད།
  • དེ་ནས་ལྷ་ཁང་གལ་ཆེ་ཤོས་གཞན་ཞིག་ནི་ནང་བསྟན་གྱི་བཀའ་འགྱུར་ལྷ་ཁང་རེད། འདིར་ཡོད་པ་འདི་ཚོ་ནི་ལྷ་ཁང་འདིའི་ནང་ཡོད་པའི་སྐུ་འདྲ་འགའ་ཤས་རེད།
  • ལྷག་པར་དུ་འདིའི་ནང་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བོད་ཀྱི་ལྷ་ཁང་གཞན་ནས་འབྲས་སྤུངས་དགོན་པར་བསྣམས་ཕེབས་ཡོད་པའི་རྗེ་བཙུན་སྒྲོལ་མའི་སྐུ་འདྲ་འགའ་ཤས་རེད།
  • རྗེ་བཙུན་སྒྲོལ་མའི་སྐུ་འདྲ་འདི་ཚོ་འབྲས་སྤུངས་དགོན་དུ་གནས་སྤོས་བྱས་པའི་དུས་ནི་དུས་རབས་བཅུ་བདུན་པའི་ནང་ཡིན་ཞིང་།
  • དེའི་སྐབས་ལ་འབྲས་སྤུངས་དགོན་ནི་བོད་ཀྱི་ཆོས་སྲིད་ཀྱི་བསྟི་གནས་གཙོ་ཁག་ནང་ནས་གཅིག་ཡིན་པ་དང་། དགོན་པ་དེ་ལ་སྐབས་དེ་དུས་དབང་ཐང་ཇེ་ཆེར་རྒྱས་པའི་ཏཱ་ལའི་བླ་མའི་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད།
  • ལྷ་ཁང་འདིའི་ནང་དུ་དེ་མིན་གྱི་སྐུ་འདྲ་དང་དངོས་རྫས་རྩ་ཆེན་རིགས་མང་པོ་ཡོད། དེ་དག་གི་ནང་ནས་གཅིག་ནི་སྟོན་པ་ཤཱཀྱ་མུ་ནི་སྐུ་འདྲ་ཆུང་ཆུང་འདི་རེད།
  • འདི་ནི་མགོན་པོ་ཀླུ་སྒྲུབ་ཁོང་རང་ཉིད་ཀྱི་སྐུ་འདྲ་ཡིན་པར་གྲགས།
  • དེ་མིན་གྱི་སྐུ་འདྲ་གལ་ཆེ་གཞན་ཞིག་ནི་ཕྱག་མཛུབ་གཅིག་ཡར་བསྐྱངས་ནས་ཡོད་པའི་སྤྱན་རས་གཟིགས་ཀྱི་སྐུ་འདྲ་འདི་རེད།
  • བཤད་སྲོལ་ལ་འཕགས་ཡུལ་གྱི་སློབ་དཔོན་ཟླ་བ་གྲགས་པ་དང་སློབ་དཔོན་དཔའ་བོ་གཉིས་རྩོད་གླེང་གནང་སྐབས། སློབ་དཔོན་དཔའ་བོ་ཡིས་སློབ་དཔོན་ཟླ་བ་གྲགས་པའི་དྲི་བ་ཁག་པོ་ཁག་ལ་འཕྲལ་དུ་ལན་འདེབས་གནང་ཐུབ་ཀྱི་མེད།
  • འོན་ཀྱང་། ག་དུས་ཡིན་ཡང་དེའི་ཉིན་གཉིས་ལན་འདེབས་རན་པོ་གནང་གི་ཡོད་པས། སློབ་དཔོན་གྲགས་པ་ཐུགས་ཁྲོས་ནས་ཉིན་ཞིག་སློབ་དཔོན་དཔའ་བོའི་ཤག་ནང་ལྐོག་ལྟ་བྱེད་དུས། སྤྱན་རས་གཟིགས་ཀྱིས་སློབ་དཔོན་དཔའ་བོར་ལམ་སྟོན་གནང་གི་ཡོད་པ་གཟིགས།
  • སྤྱན་རས་གཟིགས་ཀྱིས་སློབ་དཔོན་ཟླ་བ་གྲགས་པ་མཐོང་མ་ཐག་གཡོ་འགུལ་མེད་པར་བཞུགས་ནས་སྐུ་འདྲ་འདི་བྱུང་ཡོད་པ་གྲགས།
  • ཡང་དེ་ནས་གལ་ཆེའི་དངོས་རྫས་གཞན་ཞིག་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བཀའ་མངགས་གནང་བའི་གསེར་ཡིག་ནང་བྲིས་པའི་བཀའ་འགྱུར་གྱི་དཔེ་ཆ་བ་སོའི་རྒྱན་ཡོད་པ་དེ་རེད།
  • ལྷ་ཁང་འདིའི་ནང་ཡང་རྩ་ཆེའི་གཟུངས་ཞུགས་ཁག་ཡོད། འདི་ནི་རྗེ་ཙོང་ཁའི་ཚེམས་ཤིག་རེད།
  • འདི་ནི་པཎ་ཆེན་བསོད་ནམས་གྲགས་པའི་སྐུ་རུས་རེད། ཁོང་ནི་དུས་རབས་བཅུ་དྲུག་པའི་དགེ་ལུགས་པའི་མི་སྣ་ཧ་ཅང་གལ་ཆེན་ཞིག་རེད། ཁོང་གི་བློ་གསལ་གླིང་དགོན་པའི་དཔེ་ཆ་གཙོ་གནས་མང་པོ་ལྗགས་རྩོམ་གནང་ཡོད།
  • མཐའ་མ་དེར་འཇིམ་གྱིས་བཟོས་པའི་ནག་པོ་ཆེན་པོའི་སྐུ་འདྲ་དེ་རེད། དེ་རྒྱལ་ཚབ་རྗེའི་སྐུ་ཁྲག་དང་འཇིམ་གཉིས་མཉམ་དུ་བསྲེས་ནས་བཞེངས་པ་ཞིག་རེད།
  • རྒྱལ་ཚབ་རྗེ་ཁོང་ནི་རྗེ་ཙོང་ཁ་པའི་སློབ་མ་གཙོ་བོ་ཞིག་རེད། སྐུ་འདྲ་འདི་ཚ་དགོན་ངག་དབང་གྲགས་པར་རྗེ་ཙོང་ཁ་པ་ཁོང་རང་ཉིད་ཀྱིས་དགེ་ལུགས་པའི་བསྟན་པ་ཁམས་ནང་དུ་དར་སྤེལ་ཡོང་བའི་ཆེད་དུ་གནང་བ་ཞིག་རེད།