Skip to main content Skip to search
06 Jan 2016
4 min 21 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Kelsang Kyi from Nyinshuk Township in Chentsa singing a song called "Tigers and Leopards Gathered in the Forest." This song is part of collection of folk songs from the Rebgong cultural area.

འདི་ནི་སྟོན་མོ་སོགས་ཀྱི་སྐབས་སུ་ཟས་ཞིམ་པོ་དང་ཆང་བདུད་རྩི་སོགས་འཛོམས་པར་བསྟོད་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་སྟག་གཟིག་སོགས་ནགས་ལ་འདུས་ཏེ་ཟས་ལ་རོལ་བ་དང་ཤ་བ་དང་རྒོ་བ་སོགས་སྤང་ལ་འདུས་ཏེ་སྤང་མེ་ཏོག་ཟ་བའི་སྐྱིད་ལ་རོལ་གྱིན་ཡོད་པའི་དཔེ་ལྟར་སྐྱེ་ཕོ་མོ་ཡོངས་ཁྱིམ་ལ་འདུས་ཏེ་ཞིམ་པའི་ཟས་དང་མངར་པའི་ཆང་ལ་རོལ་ཀྱིན་པ་བརྗོད་པའི་གླུ་ཞིག་རེད།

Transcript search
No results found for this search
0 of 0
  • ༼ཨོ་ཡེ་་་་གླུ་བ་ལོ་ལོ་་་དལ་མོར་ཉོན༽
  • སྟག་འདུས་གཟིག་འདུས་ནགས་ལ་འདུས།།༼ཡེ་་་་གླུ་བ་ལོ་ལོ་་་དལ་མོར་ཉོན༽
  • ནགས་སིལ་ཏོག་ཟ་བའི་སྐྱིད་ལ་འདུས།།༼ཡེ་་་་གླུ་བ་ལོ་ལོ་་་དལ་མོར་ཉོན༽
  • ༼ཨོ་ཡེ་་་་གླུ་བ་ལོ་ལོ་་་དལ་མོར་ཉོན༽
  • ཆེ་འདུས་ཆུང་འདུས་ཁྱིམ་ལ་འདུས།།༼ཡེ་་་་གླུ་བ་ལོ་ལོ་་་དལ་མོར་ཉོན༽
  • ཆང་བདུད་རྩི་འཐུང་བའི་སྐྱིད་ལ་འདུས།།༼ཡེ་་་་གླུ་བ་ལོ་ལོ་་་དལ་མོར་ཉོན༽
  • ཤ་འདུས་རྒོད་འདུས་སྤང་ལ་འདུས།།༼ཡེ་་་་གླུ་བ་ལོ་ལོ་་་དལ་མོར་ཉོན༽
  • སྤང་མེ་ཏོག་ཟ་བའི་སྐྱིད་ལ་འདུས།།༼ཡེ་་་་གླུ་བ་ལོ་ལོ་་་དལ་མོར་ཉོན༽
  • ངས་གླུ་ཤེས་ནི་མིན་ར་དགའ་ནི་ཡིན།།༼ཡེ་་་་གླུ་བ་ལོ་ལོ་་་དལ་མོར་ཉོན༽