Skip to main content Skip to search
05 Sep 2018
2 min 26 sec
Samten Yeshi
Video Overview
Creators: 
Sonam Tobgye, Rinchen Dorji, Dr.karma phuntsho

This is a song of invocation to the lord Avalokiteshvara for the departure of lover to look into their walfare and bring back together if they had the fate, if not they prays to meet in the next generation in the heaven. The song also passes the message to chant six mantras of Avalokiteshvara "Om Ma Ni Pad Mey Hung" and practice dharma because immortality and departure is the nature the universe. 

 

རྩོམ་པ་པོ་འདི་གིས་ འཕགས་པ་སྤྱན་རས་གཟིགས་ལུ་ ཚེ་སྔོན་གྱི་ལས་འཕྲོ་ཡོད་པ་ཅིན་ ཁོ་ར་དང་སོ་སོར་འགྱོ་མི་ བརྩེ་གདུང་ཅན་གྱི་གཉེན་གྲོགས་དང་ ལོག་ཕྱག་ནི་ཡོད་ཅི་མཛད་གནང་ཟེར་ གསོལ་འདེབས་ཞུཝ་ཨིན་མས། ཏེ་ག་དེ་ཅིག་སྦེ་ ཚེ་ད་རེས་ཕྱད་མ་ཚུགསཔ་པ་ཅིན་ ཚེ་ཕྱི་མ་ཞིང་ཁམས་ནང་ ཕྱད་གེ་ཟེར་བའི་སྨོན་ལམ་བཏབ་མ་ཚད་ ད་རུང་གླུ་གཞས་འདི་ནང་  ང་བཅས་རའི་མི་ཚེ་ནང་ སོ་སོར་འབྲལ་དགོཔ་འདི་ འཇིག་རྟེན་གྱི་རང་བཞིན་ཅིག་འབདཝ་ལས་ འཕགས་པ་སྤྱན་རས་གཟིགས་ཀྱི་གཟུགས་སྔགས་ ཡེ་གི་དྲུག་མ་ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་བགྱངས་ཏེ་ དམ་པའི་ཆོས་ཉམས་སུ་བླང་ཟེར་མས། 

 

Transcript search
No results found for this search
0 of 0
  • གསང་བསྔགས་ཆོས་འཛོམས། Sanga Chozom
    བོད་གངས་ཅན་ནི་མགོན་པོ་སྤྱན་རས་གཟིགས། །ད་གསོལ་བ་ནི་འདེབས་སོ་བྱིན་གྱིས་རློབས། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    གཉེན་དུས་བཤེས་ནི་འབྲེལ་པའི་(བའི་)བཟའ་བཤེས་རྣམས། །ད་སོ་སོ་ནི་འབྲལ་བ་ཀུན་གྱིས་ཤེས། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    དཔེ་འདི་ལ་ནི་བསམ་ཞིང་མ་ཎི་གྲོངས། །དོན་འདི་ལ་ནི་བསམ་ཞིང་ལྷ་ཆོས་བྱེད། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཁྱོད་འབྱོན་མཁན་ནི་ཅི་བསམ་དོན་ཡང་འགྲུབ། །ང་སྡོད་མཁན་ནི་བཀྲིས་གཡང་དུ་ཆགས། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    མཇལ་འཕྲད་ཀྱང་ནི་སྔར་བཞིན་བརྩེ་གདུང་མངའ། །མ་འཕྲད་ཀྱང་ནི་དག་པའི་ཞིང་ཁམས་སུ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཞལ་ཡང་ཡང་ནི་མཇལ་བའི་སྨོན་ལམ་ཞུ། །ཞལ་ཡང་ཡང་ནི་མཇལ་བའི་སྨོན་ལམ་ཞུ།། ལགས་སོ་ལ།། །།