Skip to main content Skip to search
05 Sep 2018
2 min 40 sec
Samten Yeshi
Video Overview
Creators: 
Sonam Tobgye

Changamo is from Thuenpay village. The song recounts the composer's desire to walk on the left side of the river bank, while his/her lover is walking on the right side. He/she does not want to part from the lover, no matter what other responsibilities may beckon, and wants his/her lover to do the same. The lyrics say he/she will hoist a prayer flag on the pass so that his/her lover will come and accompany his. The song emphasizes true love and being together.

ཁྱོད་ར་རྣམ་གསུམ་ལ་མོའི་གཡས་ལས་བྱོན་ཟེར་མི་གླུ་གཞས་འདི་ ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་ལས་ བཅོ་ལྔ་མོ་གིས་འཐེནམ་ཨིནམ་ད་ གླུ་གཞས་ཀྱི་ཚིགས་བཅད་དང་འཁྲིལ་བ་ཅིན་ རྩོམ་པ་པོ་འདི་ ཆུའི་གཡོན་ཁ་ཐུག་དང་ ཁོ་རའི་བརྩེ་གྲོགས་འདི་ ཆུའི་གཡས་ཕྱོགས་ལས་སྦེ་ དགའ་བའི་ཧིང་གཏམ་བཤད་འདི་ འགྱོ་དགོ་མནོ་བའི་ཟེར་མས། ཏེ་རྩོམ་པ་པོ་འདི་ ལཱ་ག་ཅི་བཟུམ་ཅིག་ཐོན་རུང་ ཁོ་རའི་བརྩེ་གྲོགས་ལས་ སོ་སོར་སྦེ་མ་འགྱོ་བར་ དུས་ཨ་རྟག་ར་མཉམ་ཅིག་སྡོད་ནི་ཟེར་ དཔེར་ན་ རྩོམ་པ་པོ་འདི་ དར་ཤིང་འཕྱར་བའི་སྐབས་ ཆ་རོགས་འབད་བ་ ཁོ་རའི་བརྩེ་གྲོགས་འདི་ མཉམ་ཅིག་འོང་བའི་རེ་བ་ཡོད་ཟེར་ མདོར་བསྡུ་བ་ཅིན་ གླུ་གཞས་འདི་ནང་ དགའ་མཐུན་གཉིས་ཀྱིས་བར་ནའི་ བརྩེ་བའི་སེམས་དམ་དྲགས་ ག་དེ་སྦེ་ཡོདཔ་ཨིན་ནའི་སྐོར་ལས་སླབ་མས། 

 

Transcript search
No results found for this search
0 of 0
  • བལྕོ་ལྔ་མོ་ Changa Mo
    ཨོཾ་ལས་(རི་)སངས་རི་ལ། ཁྱོད་རང་རྣམ་གསུམ་ལ་མོའི་གཡས་ལས་བྱོན། །ང་རང་རྣམ་གསུམ་ལ་མོའི་གཡོན་ལས་འགྲོ། །
    Hey, you all can come from right of the hill, We will go from left of the hill.
  • བལྕོ་ལྔ་མོ་ Changa Mo
    ཨོཾ་ལས་(རི་)སངས་རི་ལ། ལ་ལ་ལབ་རྩ་འཕྱར་ན་མཉམ་དུ་འཕྱར། །ལ་ལ་ལྷབ་བསང་བཏང་ན་མཉམ་དུ་བཏང་། །
    Hey, let’s hoist flag together on the hill, Let’s do smoke offering together.
  • བལྕོ་ལྔ་མོ་ Changa Mo
    ཨོཾ་ལས་(རི་)སངས་རི་ལ། ཁྱོད་རང་རྣམ་གསུམ་ཆུ་མོའི་གཡས་ལས་བྱོན། །ང་རང་རྣམ་གསུམ་ཆུ་མོའི་གཡོན་ལས་བྱོན། །
    Hey, you all can come from right of the river, We will go from left of the river.
  • བལྕོ་ལྔ་མོ་ Changa Mo
    ཨོཾ་ལས་(རི་)སངས་རི་ལ། ཆུ་ལ་ཆུ་དར་འཕྱར་ན་མཉམ་དུ་འཕྱར། །ཆུ་ལ་ལྷ་བསང་བཏང་ན་མཉམ་དུ་འཕྱར(བཏང་)། །
    Hey, lets hoist the water flag together, Lets do smoke offering together.
  • བལྕོ་ལྔ་མོ་ Changa Mo
    ཨོཾ་ལས་(རི་)སངས་རི་ལ། ཁྱོད་རང་རྣམ་གསུམ་སྤང་སྟོད་གཡས་ལས་བྱོན། །ང་རང་རྣམ་གསུམ་སྤང་སྟོད་གཡོན་ལས་འགྲོ། །
    Hey, you all can come from right of the meadow, We will go from left of the meadow.
  • བལྕོ་ལྔ་མོ་ Changa Mo
    ཨོཾ་ལས་(རི་)སངས་རི་ལ། སྤང་ལ་མེ་ཏོག་འཕྱར་ན་མཉམ་དུ་འཕྱར། །སྤང་ལ་ལྷ་བསང་བཏང་ན་མཉམ་དུ་བཏང་། །
    Hey, lets hoist flower together, Lets do smoke offering together.
  • བལྕོ་ལྔ་མོ་ Changa Mo
    ལགས་སོ་ལགས།། །།
    Thank you,