Skip to main content Skip to search
06 Jan 2016
2 min 4 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Kesang from Garu Village in Chentsa singing a song called "The Three: Smoke Offering, Throne, and Bag." This song is part of a collection of folk songs from the Rebgong cultural area.

འདི་ནི་ཁྱིམ་གཅིག་ལ་འཛོམས་པའི་ཨ་ནེ་དང་མནའ་མ་སྙི་མོ་གསུམ་གྱི་འབྲེལ་བ་བརྗོད་པའི་གླུ་ཞིག་རེད།

གླུ་འདིའི་ནང་དོན་གཙོ་བོ་ནི་བོད་པ་ཀུན་ལ་རྒྱུས་མངའ་ཆེ་བའི་བསང་ཁྲི་བསང་ཁུག་བསང་དུད་གསུམ་གྱི་འབྲེལ་བར་དཔེ་བྱས་ཏེ་ཁྱིམ་གཅིག་ལ་འཛོམས་པའི་་ཨ་ནེ་དང་མནའ་མ་སྙི་མོ་གསུམ་གྱི་འབྲེལ་བ་བརྗོད་པའི་གླུ་ཞིག་རེད།

Transcript search
No results found for this search
0 of 0
 • ༼ཡེ་་་་ལ་ལ་མོས་ལོ་་་་གླུ་ཞིག་ལེན་དགོ ཞང་ཨ་དབྱངས་ཟེར་ར་ལེན་གི་ཡོད་དགོ ལ་ལ་མོས་ལོ་་་་གླུ་ཞིག་ལེན་དགོ ༽
 • བསང་ཁྲི་བསང་ཁུག་བསང་དུད་གསུམ། ། ༼ལ་ལ་མོས་ལོ་་་་གླུ་ཞིག་ལེན་དགོ༽
 • བསང་ཁྲི་དང་མའི་གཞི་འཛིན་རེད། ། ༼ལ་ལ་མོས་ལོ་་་་གླུ་ཞིག་ལེན་དགོ༽
 • བསང་ཁུག་དེ་ལ་དེར་བརྟེན་རེད། ། ༼ལ་ལ་མོས་ལོ་་་་གླུ་ཞིག་ལེན་དགོ༽
 • བསང་དུད་གར་འགྲོ་ཆ་མེད་རེད། ། ༼ལ་ལ་མོས་ལོ་་་་གླུ་ཞིག་ལེན་དགོ༽
 • གླུ་བར་མ་ཁྲོམ་པས་གནང་བ་ཞིག ། ༼ལ་ལ་མོས་ལོ་་་་གླུ་ཞིག་ལེན་དགོ༽
 • ཨ་ནེ་མནའ་མ་སྙི་མོ་གསུམ། ། ༼ལ་ལ་མོས་ལོ་་་་གླུ་ཞིག་ལེན་དགོ༽
 • ཨ་ནེ་དེང་མའི་གཞི་འཛིན་རེད། ། ༼ལ་ལ་མོས་ལོ་་་་གླུ་ཞིག་ལེན་དགོ༽
 • མནའ་མ་དེ་ལ་དེར་བརྟེན་རེད། ། ༼ལ་ལ་མོས་ལོ་་་་གླུ་ཞིག་ལེན་དགོ༽
 • སྙི་མོ་གར་འགྲོ་ཆ་མེད་རེད། ། ༼ལ་ལ་མོས་ལོ་་་་གླུ་ཞིག་ལེན་དགོ༽
 • གླུ་ཤེས་ནི་མིན་ར་རྟེན་འབྲེལ་རེད།། ༼ལ་ལ་མོས་ལོ་་་་གླུ་ཞིག་ལེན་དགོ༽