Skip to main content Skip to search
06 Jan 2016
1 min 59 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Kesang from Garu Village in Chentsa singing a song called "Three Kinds of Woven Mottled Cloth." This song is part of a collection of folk songs from the Rebgong cultural area.

འདི་ནི་བསྟོད་གླུ་ཞིག་ཡིན།  ཕྲུག་ལྭ་ཁ་དོག་མི་འདྲ་བ་ལ་གཟི་མདངས་མི་འདྲ་བ་ལྡན་པར་བསྟོད་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་ཕྲུག་དམར་ཁྲ་བླ་མའི་ན་བཟའ་ཡིན་པ་དང་ཕྲུག་དཀར་ཁྲ་དཔོན་པོའི་དཔོན་ལྭ་ཡིན་པ།  ཕྲུག་ལྗང་ཁྲ་དཔོན་པོའི་དཔོན་ལྭ་ཡིན་པས་རེ་རེ་ལ་གཟི་མདངས་མི་འདྲ་བ་རེ་ལྡན་པ་བརྗོད་ཡོད།

Transcript search
No results found for this search
0 of 0
 • ༼ཡེ་་་་ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
 • ཕྲུག་དཀར་ཁྲ་དམར་ཁྲ་ལྗང་ཁྲ་གསུམ། ། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
 • ཕྲུག་དམར་ཁྲ་བླ་མའི་ན་བཟའ་རེད། ། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
 • རྗེ་བླ་མའི་བནབས་ནི་མ་ཞིག་རེད། ། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
 • ཕྲུག་དམར་ཁྲའི་ཡན་ལ་གཟི་མདངས་མེད། ། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
 • ཕྲུག་དཀར་ཁྲ་དཔོན་པོའི་དཔོན་ལྭ་རེད། ། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
 • དཔོན་ཆེན་པོས་སྡེ་མགོ་མ་ཞིག་རེད། ། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
 • ཕྲུག་དཀར་ཁྲས་སྡེ་མགོ་གཟུར་ནི་མེད། ། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
 • ཕྲུག་ལྗང་ཁྲ་བག་མའི་ལྭ་ཞིག་རེད། ། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
 • མ་བུ་མོའི་གནས་ཁ་མ་ཆོད་དུས། ། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
 • ཕྲུག་ལྗང་ཁྲས་གནས་ཁ་ཆོད་རབས་རེད། ། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
 • གླུ་ཤེས་ནི་མིན་ཡང་རྟེན་འབྲེལ་རེད། ། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽