Skip to main content Skip to search
06 Jan 2016
3 min 16 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Tsering Jyi from Yonru Village in Chentsa singing a song called "Three Kinds of Men." This song is part of a collection of folk songs from the Rebgong cultural area.

འདི་ནི་ལེགས་ཉེས་སྟོན་པའི་གླུ་ཞིག་ཡིན།  འཇིག་རྟེན་པར་ཁྱབ་པའི་སྐྱེས་བུ་རབ་འབྲིང་ཐ་གསུམ་གྱི་ཁྱད་པར་བརྗོད་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་འཇིག་རྟེན་པ་རབ་འབྲིང་ཐ་གསུམ་གྱི་ཁྱད་པར་བརྗོད་ཡོད་པ་དང་ཕོ་རབ་ཞིག་ཡིན་ན་འཇིག་རྟེན་གྱི་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བྱེད་པའི་དམ་ཆོས་དར་བར་བྱེད་པ་དང་དྲིན་ཆེན་ཕ་མའི་དྲིན་ལན་འཇལ་མཁན་ཞིག་ཡིན། ཕོ་འབྲིང་ཞིག་ཡིན་ན།  གནས་སྐབས་ཀྱི་བདེ་བ་སྒྲུབ་བྱེད་རྟ་བཟང་པོ་དང་ཆུང་མ་ཡག་མ་དགོས་ཚུལ་སོགས་སོ་སོའི་དྲན་ཚུལ་བརྗོད་ཡོད།

Transcript search
No results found for this search
0 of 0