Skip to main content Skip to search
06 Jan 2016
4 min 9 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Zungbum Thar from Badzong, Amdo singing a song called "Three High Mountains in the World." This song is part of a collection of folk songs from the Rebgong cultural area.

འདི་ནི་མཐོང་སྣང་དུ་གྱུར་པའི་གནས་ཚུལ་བརྗོད་པའི་གླུ་ཞིག་ཡིན། བན་ཆུང་གསེར་གྱི་འཁོར་ལོར་བསྐོར་དོན་དང་བུ་མོས་ཆུ་བཅུ་དོན་ཅི་ཡིན་པ་བརྗོད་ཡོད།

གླུ་འདིའི་ནང་དོན་གཙོ་བོ་ནི་བན་ཆུང་རྣམས་ཀྱིས་ཚེ་འདི་ཕྱི་གཉིས་ལས་ཕྱི་མའི་དོན་གཙོ་བོ་བྱས་ཏེ་ཆོས་སྒྲུབ་ཀྱིན་པ་དང་མ་བུ་མོ་རྣམས་ཀྱིས་རང་གི་ཕྲག་ཏུ་བབས་པའི་གཡོ་སྐོལ་གྱི་ལས་སྒྲུབ་ཀྱིན་པ་བརྗོད་ཡོད།

Transcript search
No results found for this search
0 of 0
  • ཨོ་ཡེ་་་་་་ལ་ལ་མའི་ཡང་འགྲོ་བའི་ཨ་སང་གོ་་་་་་ཡེ་ཡ་རེ་ཡང་ལེན་
  • སྟོད་འཛམ་གླིང་རི་རྒྱལ་གོང་ཞོལ་གསུམ།།༼ལ་ལ་མའི་ཡང་འགྲོ་བའི་ཨ་སང་གོ་་་་་་ཡེ་ཡ་རེ་ཡང་ལེན༽
  • སྟོད་འཛམ་གླིང་རི་རྒྱལ་གོང་མ་ན།། ༼ལ་ལ་མའི་ཡང་འགྲོ་བའི་ཨ་སང་གོ་་་་་་ཡེ་ཡ་རེ་ཡང་ལེན༽
  • གསེར་སེར་པོའི་འཁོར་ལོ་ཉིས་འཁོར་ཞིག།༼ལ་ལ་མའི་ཡང་འགྲོ་བའི་ཨ་སང་གོ་་་་་་ཡེ་ཡ་རེ་ཡང་ལེན༽
  • གན་བསྐོར་བའི་བན་ཆུང་ཉིས་འགྲོ་ཞིག།༼ལ་ལ་མའི་ཡང་འགྲོ་བའི་ཨ་སང་གོ་་་་་་ཡེ་ཡ་རེ་ཡང་ལེན༽
  • གན་སྐོར་དོན་ཕྱི་མ་འགྲོ་དོན་རེད།།༼ལ་ལ་མའི་ཡང་འགྲོ་བའི་ཨ་སང་གོ་་་་་་ཡེ་ཡ་རེ་ཡང་ལེན༽
  • གླུ་བར་མོ་བཀྲ་ཤིས་གཡང་ནས་འཇོག།༼ལ་ལ་མའི་ཡང་འགྲོ་བའི་ཨ་སང་གོ་་་་་་ཡེ་ཡ་རེ་ཡང་ལེན༽
  • སྟོད་འཛམ་གླིང་རི་རྒྱལ་ཞོལ་ནས།།༼ལ་ལ་མའི་ཡང་འགྲོ་བའི་ཨ་སང་གོ་་་་་་ཡེ་ཡ་རེ་ཡང་ལེན༽
  • གཡུ་སྔོན་མོའི་ཆུ་མགོ་གཡས་འཁྱིལ་ཞིག།༼ལ་ལ་མའི་ཡང་འགྲོ་བའི་ཨ་སང་གོ་་་་་་ཡེ་ཡ་རེ་ཡང་ལེན༽
  • གན་བཅུ་བའི་བུ་མོ་ཉིས་འགྲོ་ཞིག།༼ལ་ལ་མའི་ཡང་འགྲོ་བའི་ཨ་སང་གོ་་་་་་ཡེ་ཡ་རེ་ཡང་ལེན༽
  • གན་བཅུ་དོན་བཏུང་བྱའི་ཇ་དོན་རེད།།༼ལ་ལ་མའི་ཡང་འགྲོ་བའི་ཨ་སང་གོ་་་་་་ཡེ་ཡ་རེ་ཡང་ལེན༽