Skip to main content Skip to search
03 Nov 2014
3 min 16 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

Dorjé from Chakor village in Repgong tells the story of how three clever brothers found their lost donkey.

ས་ཆ་ཞིག་ན་སྤུན་གསུམ་ཡོད་པ་ནི་རིག་རྒོད་ཅན་དག་ཡིན་པ་དང་རེ་ཞིག་ཁོང་ཚོའི་བོང་བུ་བོར་སོང་བ་དེ་རིག་པས་དཔྱད་ནས་རྙེད་བྱུང་བའི་གཏམ་རྒྱུད་བརྗོད་ཡོད།

སྔོན་ས་ཆ་ཞིག་ན་མཁས་པ་སྤུན་གསུམ་ཡོད་པ་དང་རེ་ཞིག་ཁོ་ཚོའི་བོང་བུ་བོར་སོང་བས། རྒྱལ་བོ་ལ་ཞུས་ནས་བརྟག་དཔྱད་གཏོང་དགོས་ཟེར། དེ་ནས་རྒྱལ་བོས་བློན་པོ་ཞིག་སྒམ་ནང་དུ་བཅུག་ནས་ཁོ་ཚོའི་ཅི་བཤད་ལ་ཉོན་བྱས་པས། ཁོ་ཚོས་ཤ་ཟོས་པ་ན་སྤུན་གཅིག་གིས་ཤ་འདི་ལ་ཁྱི་དྲི་བྲོ་ཟེར། དེ་ནས་སིལ་ཏོག་ཞིག་ཟོས་པ་ན་ཡང་སྤུན་གཅིག་གིས་འདི་ལ་མི་དྲི་བྲོ་ཟེར། ཡང་སྤུན་གཅིག་གིས་རྒྱལ་བོ་ནི་སྤྲང་ཕྲུག་ཅིག་རེད་ཟེར་ནས་བུད་སོང་། བློན་པོས་ཇི་བཞིན་རྒྱལ་བོ་ལ་སྨྲས་པ་དང་རྒྱལ་བོས་མ་ཡུམ་ལ་དྲིས་པ་ན། མ་ཡུམ་གྱིས་ཁོ་ཚོས་བཤད་པ་བདེན་ནོ། ལུག་དེའི་ཆུང་དུས་ཁྱི་མོའི་ནུ་མ་ནུས་པའི་རྐྱེན་རེད། སྡོང་བོ་དེའི་སྟེང་ནས་མི་ཞིག་ལྕེབས་པས་རྐྱེན་རེད། རྒྱལ་བོ་ཁྱོད་རང་ཆུང་དུས་སྤྲང་བོ་ཞིག་གི་ལག་ནས་ཁྱེར་ཡོང་བ་ཡིན་ཞེས་བཤད།

这段视频讲了有三个聪明的兄弟,有一次丢了一头驴,他们用机智的才能找到了那头驴的故事。

这段视频讲述了在一个地方有三个聪明的兄弟,有一天他们的一头驴被偷了。他们禀告国王想让国王调查。国王得知此事后开始招待他们,并让一位大臣躲在箱子里让他偷听他们的谈话。一位兄弟吃了一块肉说有狗的味道,另一位吃了个水果说有人的味道,最后一位却说国王是乞丐的儿子。他们走后大臣如实地告诉了国王,国王问起母亲时原来他们说的也是有根据的,而且国王确实不是他母亲的亲生儿子。

Transcript search
No results found for this search
0 of 0