Skip to main content Skip to search
28 Aug 2018
1 min 58 sec
Ariana Maki
Video Overview
Creators: 
Sonam Tobgye

This Alo song falls in local songs as per the Bhutanese cultural typology and it is popular song in eastern part of the country, espically in Dungsam region and also saw severl versions of Alo song from Kurtoe region. The Alo song was sung by Tshering Yangzom from Maedtsho goeg under Lhuntse Dzongkhag. This kind of songs are basically emotional in nature that is mostly composed during bad incidences and events. The current Alo song describes about regreat that the author experienced in his/her life. It was stated that his mind was in absoluate darkness in the past as he wasn't matured where at the present time his mind got enlightened and became crystal clear. Hence, the author claims that he is suffering a lot because of past mistake. 

 

འབྲུག་གི་ལམ་སྲོལ་གྱི་དབྱེ་བ་དང་འཁྲིལཝ་ད་ ཨ་ལོ་འདི་ནང་འཁོད་ཀྱི་གླུ་གཞས་ཀྱི་ གྱལ་ཁར་ཚུད་དོ་ཡོདཔ་ད་ ཤར་ཕྱོགས་རྫོང་ཁག་དང་ ལྷག་པར་དུ་གདུང་བསམ་ལུང་ཕྱོགས་ནང་ གནམ་མེད་ས་མེད་ ཡོངས་གྲགས་ཅན་ཅིག་ཨིནམ་མ་ཚད་ སྐུར་སྟོད་ཁ་ཐུག་ལུ་ཡང་ ལ་ལོ་དག་པ་ཅིག་འཐེན་སྲོལ་འདུག། ཨ་ལོ་འདི་ལྷུན་རྩེ་རྫོང་ཁག་ སྨད་མཚོ་རྒེད་འོག་ལས་ ཚེ་རིང་དབྱངས་འཛོམས་ཀྱི་འཐེནམ་ཨིནམ་ད་ སེམས་འཁྲིལ་བའི་སྐབས་དང་ བྱ་སྟབས་མ་བདེ་རེ་བྱུངམ་ད་ བརྩམས་ཏེ་འཐེནམ་དོ་ཡོདཔ་མས། ད་ལྟོའི་ཨ་ལོ་འདི་ནང་ རྩོམ་པ་པོ་འདི་  དེ་བསྒང་ ཁོ་ར་ཆུང་ཀུ་སྦེ་སྡོད་པའི་བསྒང་ ཁོ་གི་སེམས་འདི་ གནག་དུང་དུང་སྦེ་སྡོད་ཡོདཔ་ད་ ཁོ་རའི་ཤེས་པའི་བསྒང་ལས་ ཁོ་སྦོམ་སོང་ཚརཝ་ལས་ བློ་འགྱོད་ཕོག་ཡོད་པའི་བསྐོར་ལས་ སླབ་མས། འདི་ནང་ རྩོམ་པ་པོ་འདི་གིས་ ཧེ་མ་མ་ཤེས་པར་འབད་བའི་འཛོལ་བ་ལས་བརྟེན་ ད་རེས་སྡུག་བསྔལ་མྱོལ་དོ་ཟེར་ སེམས་སྐྱོ་བའི་འཁྲུལ་སྣང་ཚུ་སླབ་མས། 

 

Transcript search
No results found for this search
0 of 0
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    སྔ་མ་བསམ་པའི་སེམས་ནི། །ཨའེ་མུན་པའི་ནང་གི་ཐལ་དེས། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ད་ལྟ་བསམ་པའི་སེམས་ནི། །ཨའེ་མེ་ལོང་བ་ནས་གསལ་དོ། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    སྔ་མ་བསམ་པ་མ་ཤེས། །ཨའེ་ཕྱི་མ་བློ་འགྱོད་འོང་དོ། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ལགས་སོ་ལགས།། །།