Skip to main content Skip to search
05 Jan 2016
4 min 38 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Zungbum Thar from Badzong, Amdo singing a song called "There Are Three Comforts in This World." This song is part of a collection of folk songs from the Rebgong cultural area.

འདི་ནི་སྟག་ཤ་ར་ཞིག་ལ་འཇིག་རྟེན་འདི་ན་སྐྱིད་གསུམ་ཡོད་པ་གང་གང་ཡིན་པ་བརྗོད་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་འཇིག་རྟེན་འདི་ན་སྟག་ཤ་ར་ཞིག་ལ་སྐྱིད་གསུམ་ཡོད་པ་ནི་འདོ་རིགས་རྟ་བོ་སྒོ་ནས་བཏགས་ན་མིག་སྐྱིད་ཡིན་པ་དང་། བྱང་ལམ་བཅད་ན་སེམས་སྐྱིད་ཡིན་པ།   གཉིས་པ་དྲིན་ཕ་མ་གོང་ནས་བཞུགས་ན་མིག་སྐྱིད་ཡིན་པ་དང་གཏམ་ཞོལ་ནས་དྲིས་ན་སེམས་སྐྱིད་ཡིན་པ།   སྐྱིད་གསུམ་པ་བོའུ་གདང་ལ་བཀལ་ན་མིག་སྐྱིད་ཡིན་པ་དང་དགྲ་ནག་པོར་འཕྲད་ན་སེམས་སྐྱིད་ཡིན་བརྗོད་པའི་གླུ་ཞིག་ཡིན།

Transcript search
No results found for this search
0 of 0
  • ༼ ཡེ་་་་་་ཨོ་ངས་ཡ་རེ་ལེན་དགོ ཡེ་་་་ཞང་ཨ་དབྱངས་ཟེར་ར་ངས། ཨ་ཟིན་ཁོ་ཡང་གླུ་ཞིག་ལེན་དགོ། ༽
  • ༼ ཨོ་་་ཡེ་་་ ༽འཇིག་རྟེན་འདི་ན་༼ ཨ་ཟིན་ཁོ ༽སྐྱིད་གསུམ་ཡོད།།
  • ༼ ཨོ་་་ཡེ་་་ ༽སྐྱིད་མགོ་མ་འདོ་རིགས་༼ ཨ་ཟིན་ཁོ ༽རྟ་བོ་ཡིན།།
  • ༼ ཨོ་་་ཡེ་་་ ༽རྟ་སྒོ་ནས་བཏགས་ན་༼ ཨ་ཟིན་ཁོ ༽མིག་སྐྱིད་ཡིན།
  • ༼ ཨོ་་་ཡེ་་་ ༽ས་བྱང་ལམ་བཅད་ན་༼ ཨ་ཟིན་ཁོ ༽སེམས་སྐྱིད་ཡིན།།
  • ༼ ཨོ་་་ཡེ་་་ ༽སྐྱིད་གཉིས་པ་དྲིན་ཆེན་༼ ཨ་ཟིན་ཁོ ༽ཕ་ལོ་ཡིན།།
  • ༼ ཨོ་་་ཡེ་་་ ༽ཕ་གོང་ནས་བསྡད་ན་༼ ཨ་ཟིན་ཁོ ༽མིག་སྐྱིད་ཡིན།།
  • ༼ ཨོ་་་ཡེ་་་ ༽གཏམ་ཞོལ་ནས་དྲིས་ན་༼ ཨ་ཟིན་ཁོ ༽སེམས་སྐྱིད་ཡིན།།
  • ༼ ཨོ་་་ཡེ་་་ ༽སྐྱིད་གསུམ་པ་ཁྲ་རིང་༼ ཨ་ཟིན་ཁོ ༽བོའུ་ལོ་ཡིན།།
  • ༼ ཨོ་་་ཡེ་་་ ༽བོའུ་ཁལ་ལ་བཀལ་ན་༼ ཨ་ཟིན་ཁོ ༽མིག་སྐྱིད་ཡིན།།
  • ༼ ཨོ་་་ཡེ་་་ ༽དགྲ་ནག་པོར་འཕྲད་ན་༼ ཨ་ཟིན་ཁོ ༽སེམས་སྐྱིད་ཡིན།།
  • ༼ ཨོ་་་ཡེ་་་ ༽གླུ་ཤེས་ནི་མིན་ར་༼ ཨ་ཟིན་ཁོ ༽དགའ་ནི་ཡིན།།