Skip to main content Skip to search
01 Sep 2018
2 min 12 sec
Ariana Maki
Video Overview
Creators: 
Norzin Lhamo

This recitation is a narration of house construction. The recitation depends on the literacy of the orator. There is great diversity in recitation as it varies from village to village and dialect to dialect. The origin of the tradition of reciting the narration is attributed to Zhabdrung Ngawang Namgyal when he introduced the practice during the consecration ceremony of Punakha Dzong. It is a well wishing conclusion of very important events with phrases of good wishes and aspirations.

 

རང་ལུགས་ཀྱི་ཁྱིམ་རྐྱབ་ད་ བཀྲིས་པའི་ཚིག་འདི་ཚུ་ ཚིག་སླབ་མི་དང་འཁྲིལ་ཏེ་ འཕྲལ་འཕྲལ་གདངས་སྦེ་འཐེན་ འཕྲལ་འཕྲལ་ཁ་བཤད་སྦེ་འགྱུར་ཏེ་ གཡུས་ལས་གཡུས་བརྒྱུད་ ཁ་སྐད་ལས་ཁ་སྐད་ལུ་བརྒྱུད་དེ་ བཀྲིས་ཀྱི་ཚིག་མ་འདྲཝ་ལེ་ཤ་ཅིག་སླབ་ནི་ཡོད། ཏེ་འདི་བཟུམ་གྱི་ལམ་སྲོལ་འདི་ སྔོན་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ སྤུན་ཐང་ཁ་རྫོང་འདི་ འགོ་ཐོག་དང་པ་བཞེངས་གནང་པའི་སྐབས་ སྲོད་གཏོད་གནང་ཞིནམ་ལས་ཚུར་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ རྒྱུན་མ་ཉམས་པར་ཡོདཔ་ད་ ད་ལྟོའི་བར་ན་ཡང་ མི་ཚུ་གིས་ རང་ལུགས་ཀྱི་ཁྱིམ་རྐྱབ་པའི་སྐབས་ བཀྲིས་པའི་ཚིག་འདི་ཚུ་ ལག་ལེན་འཐབ་སྲོལ་ཡོདཔ་ཨིན།  

 

Transcript search
No results found for this search
0 of 0
  • པ་སངས།
    Passang: དགུང་མཐོ་བ་གནམ་མཁའི་དཀྱིལ་འཁོར་ནང་། །འོད་གསལ་བ་ཁྲི་གདུགས་ཉི་མ་བཞུགས། །ཤར་ཤར་ཟླ་བ་བཀྲིས་པས། །དཀར་གསལ་ཡོངས་ཀྱི་གཡང་ཆགས་པས། །
  • པ་སངས།
    Passang: བཀྲིས་གཡང་ཆགས་འདི། །ཁྱིམ་ཁང་ཁྱིམ་ཁྲ་མོར་ཞུ་དགོ་པས། །ཁྱིམ་ཁང་ཁྱིམ་ཁྲ་མོར་འབྱོན་དགོ་པས། །
  • པ་སངས། Passang
    ཡུལ་དམའ་བ་ནོར་བུའི་ས་གཞི་ན། །་་་་་་་་་་་་་་་་་་་་་་་(??)ཆོས་གྲགས་བཞུགས། །ས་གླིང་གཞི་གླིང་ཕྲན་བཀྲ་ཤིས་པས། །བུམོ་དགའ་སྐྱིད་འཛོམས་པ་གཡང་ཆགས་པས། །
  • པ་སངས། Passang
    བཀྲིས་གཡང་ཆ་པས། །ཁྱིམ་ཁང་ཁྱིམ་ཁྲ་མོར་ཞུ་དགོ་པས། །ཁྱིམ་ཁང་ཁྱིམ་ཁྲ་མོར་འབྱོན་དགོ་པས། ཞིང་བོད་ཁམས་དག་པའི་ཞིང་ །སྐུ་མི་འགྱུར་ཤཱཀྱ་མུ་ཎི་བཞུགས། །
  • པ་སངས།
    Passang: བོད་པད་སྐོར་ཅན་མ་བཀྲིས་པས། །བོད་སྤྲུལ་པའི་ཆོས་རྒྱལ་བཀྲིས་པས། །བོད་པད་སྐོར་ཅན་མ་གཡང་ཆ་པས། །
  • པ་སངས།
    Passang: བཀྲིས་གཡང་ཆ་འདུག །ཁྱིམ་ཁང་ཁྱིམ་ཁྲ་མོར་བཞུགས་དགོ་པས། །ཁྱིམ་ཁང་ཁྱིམ་ཁྲ་མོར་འབྱོན་དགོ་པས། །ངེའི་རྒྱ་གར་འཕགས་པའི་དབུས་ཕྱོགས་ན། །སྐུ་མི་འགྱུར་རྡོ་རྗེ་དེ་ཡང་བཞུགས། །
  • པ་སངས།
    Passang: རྒྱ་ནག་རྒྱལ་པོ་བཀྲིས་པས། །བུམ་ོརྒྱ་བཟའ་དབང་ཕྱུག་གཡང་ཆགས་པས། །བཀྲིས་གཡང་ཆགས་འདུག །ཁྱིམ་ཁང་ཁྱིམ་ཁྲ་མརོ་ཞུ་དགོ་པས། །ཁྱིམ་ཁང་ཁྱིམ་ཁྲ་མོར་འབྱོན་དགོ་པས། །
  • པ་སངས།
    Passang: འགྱམ་རྡོ་ལྕགས་ལས་སྒྲུབ་སྒྲུབ་པ། །འོག་ས་ཆུ་འཐོན་རུང་བྱེམ་བྱེ་མེད། །རྩེམོ་དག་རྩེ་གཡུ་གིས་རྒྱན་རྒྱན་པ། །རྐྱེན་གནམ་ལྕགས་འབུད་རུང་བྱེམ་བྱེ་མེད། །
  • པ་སངས།
    Passang: གྱལ་འགོ་རྟ་གིས་གང་དགོ་པ། །རྟ་གོས་ཁ་མེད་པའི་བཀྲིས་ཤོག །ཨོག་ཀ་ནོར་གྱིས་གང་དགོ་པ། །ནོར་གང་ཤོར་མེད་པའི་བཀྲིས་ཤོག །
  • པ་སངས།
    Passang: བར་ཐོག་རྒྱུ་གིས་གང་དགོ་པ། །རྒྱུ་གང་ཤོར་མེད་པའི་བཀྲིས་ཤོག །སྟེང་ཐོག་མི་གིས་གང་དགོ་པ། །མི་ན་ཚ་མེད་པའི་བཀྲིས་ཤོག །
  • པ་སངས།
    Passang: ངེའི་གྱིབ་ཏ་དཔལ་མོའི་ཐང་ཁ། །བུ་ཟད་པའི་རྒྱུ་ནོར་ཆད་མ་བཅུག །ལོ་ན་ཧིང་དགའ་དང་དུས་ཅི་སྐྱིད། །སང་ཕོད་མངའ་ཐང་དགུང་ལས་ཡར། །ནང་རང་གི་འཆམ་པའི་འཆམ་ཤོག་ནང་། །ལྷ་དང་དཔལ་གྱི་འཆམ་རུང་འཆམ། །དྲེད་དང་་་་་་་་་་་་་་་་་་་་་་་་་་་་་་་་་འཆམ་མ་བཅུག །
  • པ་སངས།
    Passang: ཞལ་ཡང་ཡང་མཇལ་ཅིག་ད་རུང་མཇལ། །ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །