Skip to main content Skip to search
01 Sep 2018
1 min 6 sec
Ariana Maki
Video Overview
Creators: 
Norzin Lhamo

The title of the song describes "Tashi Lagbey", which is recited during an archery match. The lyrics were narrated during the game, with archers often chanting poetic verses before they shoot. This is mainly to encourage their own teammates, helping them hones their aim by calling out some standard phrases from the other side of the target.

 

དབང་འདུས་རྫོང་ཁག་ ཉི་་ཤོག་རྒེད་འོག་ན་ མདའ་རྩེད་འགྲན་བསྡུར་འབད་བའི་སྐབས་ མདའ་འདི་གཞུ་གུ་བཀལ་ཞིནམ་ལས་ མདའ་མ་རྐྱབ་པའི་ཧེ་མ་ བཀྲིས་ལེགས་པས་ཟེར་མི་ ཁ་བཤད་ཅིག་རྐྱབ་སྲོལ་འདུག། ཏེ་ཁ་བཤད་འདི་ཡང་གཙོ་བོ་ར་ རང་གི་སྡེ་ཚན་གྱི་མི་ཚུ་ལུ་ བློ་སྤོབས་བྱིན་ཚུགས་ནིའི་དོན་ལུ་ཨིནམ་ད་ འདི་ལས་ཆ་རོགས་ཚུ་གིས་ཡང་ འབའ་ཡོད་སའི་འབའ་སྐྱོར་ནང་ལས་ ཁ་བཤད་ཀྱི་ཚིགས་བཅད་ཚུ་སླབ་སྟེ་ ཁོ་གི་མདའ་འདི་འབའ་གུ་གདན་འདྲེན་ཞུཝ་མས། 

 

Transcript search
No results found for this search
0 of 0
 • པ་སངས། Passang
  དགུང་གི་ཕྱོགས་ལུ་ལེགས་ལེགས་པ། །དགུང་ཁྲི་གདུགས་འཁོར་རུང་ཉམས་དགའ་ཡི། ། གངས་སྟོད་ཕྱོགས་ལུ་ལེགས་ལེགས་པ། །དགུང་དར་སེང་འཁོར་རུང་ཉམས་དགའ་ཡི། །
 • པ་སངས། Passang
  ནགས་སྟོད་ཕྱོགས་ལུ་ལེགས་ལེགས་པ། །སྟག་མོ་འཁོར་རུང་ཉམས་དགའ་ཡི། ། སྤང་ཤོག་ཕྱོགས་ལུ་ལེགས་ལེགས་པ། །སྤང་ཤཝ་རྒས་འཁོར་རུང་ཉམས་དགའ་ཡི། །
 • པ་སངས། Passang
  མཚོ་སྟོད་ཕྱོགས་ལུ་ལེགས་ལེགས་པ། །མཚོ་སེར་མིག་འཁོར་རུང་ཉམས་དགའ་ཡི། ། དགོན་བཟང་ཕྱོགས་ལུ་ལེགས་ལེགས་པ། །དགོན་མཚན་ལྡན་འཁོར་རུང་ཉམས་དགའ་ཡི། །
 • པ་སངས། Passang
  རྫོང་ཆེན་ཕྱོགས་ལུ་ལེགས་ལེགས་པ། །རྫོང་དབང་ཆེན་འཁོར་རུང་ཉམས་དགའ་ཡི། ། གཡུས་བཟང་ཕྱོགས་ལུ་ལེགས་ལེགས་པ། །གཡུས་ཡབ་ཡུམ་འཁོར་རུང་ཉམས་དགའ་ཡི། །