Skip to main content Skip to search
28 Aug 2018
4 min 27 sec
Ariana Maki
Video Overview
Creators: 
Sonam Tobgye

ལྷུན་རྩེ་རྫོང་ཁག་ལས་ ཚེ་རིང་དབྱངས་འཛོམས་ཀྱིས་འཐེན་མི་ ངང་པ་རྒྱ་ལུ་ཐལ་སོང་ཟེར་མི་ བོད་སྒྲའི་གླུ་གཞས་འདི་ནང་ བྱ་ངང་པ་འདི་གིས་ མོ་རའི་བྱི་ཅུང་ཚུ་རྒྱ་མཚོ་ནང་བཀོ་བཞག་སྟེ་ རྒྱ་ལུ་ཡར་སོངཔ་ལས་ བྱི་ཅུང་ཚུ་རྒྱ་མཚོ་ནང་ སྡུག་བསྔལ་མྱོང་བཅུག་དོ་ཡོདཔ་ལས་ བྱི་ཅུང་འདི་ཚུ་གིས་ ཁོང་རའི་ཨའི་འདི་ མགྱོགས་པ་ལོག་སྟེ་ ཁོང་གི་སྡུག་བསྔལ་བསལ་བའི་རེ་བ་ཡོད་ཟེར་བའི་ ཁ་བྲལ་བའི་འཁྲུལ་སྣང་ཅན་གྱི་གླུ་གཞས་ཅིག་མས། ཏེ་དཔེ་འདི་དང་ཅོག་ར་འཐདཔ་སྦེ་ ཕམ་དང་སྤུན་ཆ་ འདི་ལས་རྒྱུ་ནོར་ལོངས་སྤྱོད་ཟེརཝ་ ག་ནི་ཡང་མེད་པར་ མོ་ར་རྐྱངམ་ཅིག་སྦེ་སྡོད་མི་ བུམོ་བསོད་ནམས་སྒྲོལ་མའི་སྐོར་ལས་ཨིན་མས། 

 

The song Ngangpa Jalu Thoesong is a Boedra song sang by Tshering Yangzom from Lhuntse district. This particular song looks like departure and desireful song sang through the use of examples because the mother bird called swan had left her chicks back in the ocean and creates unhappiness among the chicks. Thus, the checks are wishing for her return. Similarly, this example was applied to a girl named Sonam Dema, who do not have any of her parents and longing for house to stay as she was poor. 

 

Transcript search
No results found for this search
0 of 0
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ངང་པ་རྒྱ་ལ་ཐལ་སོང་། །ངང་ཁྲི་མཚོ་ལ་ལུས་སོང་། །ངང་པ་མེད་པའི་ངང་ཁྲི། །འོ་མའི་མཚོ་ལ་ལུས་སོང་། །ངང་པ་མེད་པའི་ངང་ཁྲི། །འོ་མའི་མཚོ་ལ་ལུས་སོང་། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    མཚོ་ཆེན་རྦ་རླབས་འཁྲུགས་ཚེ། །ངང་ཁྲི་སེམས་པ་འཁྲུལ་སོང་། །སྨོན་ལམ་ཡང་ཡང་བཏབ་གེ །ངང་པ་ལོག་འགྲོ་ཟེར་ན། །སྨོན་ལམ་ཡང་ཡང་བཏབ་གེ །ངང་པ་ལོག་འགྲོ་ཟེར་ན། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    རྟ་ཕོ་རྟ་ནག་རྟིང་དཀར། ། རོ་གདོང་ལ་མོ་བརྒལ་སོང་། །རྟ་ཕོ་མེད་པའི་རྟིའུ་ཅུང་། །སྤང་གི་ཕྱོགས་ལ་ལུས་སོང་། །རྟ་ཕོ་མེད་པའི་རྟིའུ་ཅུང་། །སྤང་གི་ཕྱོགས་ལ་ལུས་སོང་། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    རྩྭ་ཆུ་སྟོན་གྱིས་སྐམ་ཚེ། །རྟིའུ་ཅུང་སེམས་པ་འཁྲུལ་སོང་། །སྨོན་ལམ་ཡང་ཡང་བཏབ་གེ །རྟ་ཕོ་ལོག་འགྲོ་ཟེར་ན། །སྨོན་ལམ་ཡང་ཡང་བཏབ་གེ །རྟ་ཕོ་ལོག་འགྲོ་ཟེར་ན། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ཕ་མ་མེད་པའི་སྤྲང་མོ། །སྒོ་ཁྱི་ཁྱི་དང་འདྲ་སོང་། །ཨ་ཞེ་བསོད་ནམས་སྒྲོལ་མ། །མི་སྦུག་སྐྱོ་རང་མ་ཚུགས། །ཨ་ཞེ་བསོད་ནམས་སྒྲོལ་མ། །མི་སྦུག་སྐྱོ་རང་མ་ཚུགས། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    འགྲོ་དགོ་འགྲོ་དགོ་བསམ་པ། །རྟ་ཕོ་རང་ལ་མིན་འདུག་སྨོ། །རྐང་ལ་ལྷམ་ཅུང་འབྱུང་ན། །བུ་མོ་རང་གི་རྟ་ཕོ། །རྐང་ལ་ལྷམ་ཅུང་འབྱུང་ན། །བུ་མོ་རང་གི་རྟ་ཕོ། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    སྡོད་དགོ་སྡོད་དགོ་བསམ་པ། །ཁང་ཁྱིམ་རང་ལ་མིན་འདུག་སྨོ། །ཆུ་ལ་(དང་)མེ་ཤིང་འབྱུང་ན། །བུ་མོ་རང་གི་ཁང་ཁྱིམ། །ཆུ་ལ་(དང་)མེ་ཤིང་འབྱུང་ན། །བུ་མོ་རང་གི་ཁང་ཁྱིམ། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ལགས་སོ་ལགས། བཀྲིན་ཆེ།། །།