Skip to main content Skip to search
02 Apr 2019
1 min 44 sec
Ariana Maki
Video Overview
Creators: 
Tibetan and Himalayan Library

The well-known nomad song "The Supreme Singer."

The song lyrics in this video include the following:

Walked up to U-Tsang

Encountered the U-Tsang Lama on the way

Asked what religious scripts I recite

Replying I know only the religious alphabet.

མདོ་སྨད་ཁྱུང་མཆུའི་ཟངས་དཀར་ཡུལ་གྱི་འབྲོག་པའི་ས་ཆར་དར་ཁྱབ་ཡོད་པའི་སྲོལ་རྒྱུན་དམངས་གླུའི་རིག་གནས་སྐོར་ལས་འགྲན་མེད་ཀྱི་གླུ་བ་ཞེས་པའི་གླུ།

བརྙན་འདིའི་གླུ་ཚིག་གི་ཆཤས་ནི་འདི་ལྟར། ང་ཡར་སོང་དབུས་གཙང་སྟོད་ལ་སོང་། ང་དབུས་གཙང་བླ་མར་ལམ་ནས་ཐུག ཁྱོད་ཞི་ལུ་ཆོས་ལ་ཅི་འདྲ་ཟེར། ཆོས་ཀ་ཁ་མིན་པ་མི་ཤེས་ཞེས།

在安多邛溪壤噶地区广为流传 的传统藏族牧民民歌 -《无敌的歌手》。

视频中的歌词的一部分以如下:去了上面的拉萨

在路上遇到拉萨的喇嘛

问我背诵宗教的什么书

他说,我只知道宗教的字母。

Transcript search
No results found for this search
0 of 0
  • ཨ་སྐྱིད།
    ང་ཡར་སོང་དབུས་གཙང་སྟོད་ལ་སོང་།
  • ང་དབུས་གཙང་བླ་མར་ལམ་ནས་ཐུག
  • ཁྱོད་ཞི་ལུ་ཆོས་ལ་ཅི་འདྲ་ཟེར། ཆོས་ཀ་ཁ་མིན་པ་མི་ཤེས་ཞེས།
  • ངས་བླ་མར་ལམ་རིམ་འདོན་རོགས་བྱས། ཁྱོད་འདྲ་འདྲའི་ཆོས་པ་སྐོན་འདུག་ཟེར།
  • ང་ཕར་སོང་སྡེ་ཆེན་གྲོང་ལ་སོང་། ང་སྡེ་ཆེན་དཔོན་ལ་ལམ་ནས་ཐུག
  • ཁྱོད་ཞི་ལུ་བཟོ་ལ་ཅི་འདྲ་ཟེར། བཟོ་བང་སྲུབ་མིན་པ་མི་ཤེས་ཞེས།
  • ངས་འབྲུག་མོའི་སྲམ་ཐུལ་བཟོ་རོགས་བྱས། ཁྱོད་འདྲ་འདྲའི་བཟོ་བ་སྐོན་འདུག་ཟེར།
  • ང་མར་སོང་རྒྱ་ནག་སྡེ་ལ་སོང་། ང་རྒྱ་ནག་རྒྱལ་པོར་ལམ་ནས་ཐུག
  • ཁྱོད་ཞི་ལུ་གླུ་བ་ཅི་འདྲ་ཟེར། གླུ་ཚིག་གསུམ་མིན་པ་མི་ཤེས་ཞེས།
  • ངས་གླུ་བ་འབུམ་ལ་གླུ་ཁ་འགྲན། ཁྱོད་འདྲ་འདྲའི་གླུ་བ་སྐོན་འདུག་ཟེར།