Skip to main content Skip to search
16 Jul 2018
10 min 55 sec
Ariana Maki
Video Overview
Creators: 
Thupten Dargee, Tibetan & Himalayan Library

འདྲ་རྫ་ལ་སྒང་ནི་ཁམས་རྟའུ་རྫོང་གྱི་མངའ་ཁུངས་སུ་གཏོགས་པའི་གནས་མཆོག་ཅིག་ཡིན།

གནས་མཆོག་འདིའི་ཁྱད་ཆོས་མདོ་ཙམ་གླེང་ན། རྫ་ལ་ཞེས་པའི་རི་འདིའི་རི་སྟོད་རྫ་རིས་བསྐོར་ཡོད་པ་དེ་ནི་འབྲོང་ཁྱུ་བཤར་བ་འདྲ་ཞིང་། རི་སྐེད་སྤང་རིས་བརྒྱན་པ་རིན་ཆེན་སྤོས་ཤེལ་སྤྲས་པ་འདྲ་བ་དང་། རི་འདབས་ནགས་ཀླུང་གིས་བརྒྱན་པ་གཡུའི་ལོ་འདབ་རྒྱས་པ་འདྲ་ཞིག་ཡོད། གཞན་ཡང་། རྫ་ལ་ཕུར་བུ་ཞེས་པའི་རི་ཕྲན་ཞིག་ཡོད་པ་དེའི་སྟེང་ནས་བལྟས་ན་མཚོ་ཆུང་དགུ་ཅུ་ལྷག་ཙམ་མཐོང་ཐུབ་པས། འདི་ནི་རི་མཐོ་ཞིང་ས་གཙང་བའི་འབྲོག་ཁུལ་ཁྱད་འཕགས་ཅན་ཞིག་ཡིན། གནས་འདི་རུ་བསོད་ནམས་དཔལ་མོ་སྐྱེས་ཤིང་། ཁོ་མོས་ཆུང་དུས་ཁྱིམ་དུ་ནོར་རྫི་བྱས་ཏེ། ལོ་བཅུ་བཞིའི་སྟེང་གཞི་ནས་སློབ་གྲྭར་ཕྱིན། བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ལ་ཆེད་སྦྱངས་བྱས་པའི་ཞོར་དུ་སྙན་ངག་དང་སློབ་གསོ་སྐོར་ལ་ཡང་སྦྱངས་པ་བྱས། ད་ལྟ་བྱ་བ་གཞན་མ་ལས་པར་རང་གི་དགའ་ཕྱོགས་ལྟར་་ཕྱིར་ཕ་ཡུལ་དུ་ལོག་སྟེ། ཕ་མ་དང་མཉམ་དུ་འབྲོག་ལས་ལ་བརྩོན་བཞིན་ཡོད།

扎杂拉岗是道孚县境内的一座著名的圣山。

扎杂拉岗山的山头石山层叠,状如成群的野牦牛,山腰则为草地,犹如一块琥珀镶在了那里,山底则被森林覆盖,郁郁葱葱。山中环抱着一座名为扎拉查武的小山,从小山上眺望便可见到一百或者九十九个湖泊,景观极为殊胜。此地有一位名叫索南巴姆的姑娘,从小放牧,到十四岁时才有了读书的机会,不仅掌握了藏、汉、英三语,同时对教育学和藏族传统诗歌理论也颇有造诣,如今跟随自己的意愿回到了家乡,同父母一起从事牧业。

Kham Draza Lagang is a sacred place in Daofu District.

Transcript search
No results found for this search
0 of 0