Skip to main content Skip to search
25 Jan 2017
5 min 46 sec
Samten Yeshi
Video Overview
Creators: 
Yeshi Wangchuk, Dorji Nima

A story of a tiger and frog is being told in this video by Chenzom from Tali village. The story was about how a frog fooled a tiger made it fear him and alos won a jum match. The story in some way carries a message that the intelegence beats the strength. The frog manages to fills his teeths with tiger hairs and tell the tiger that he eats tiger when he get and leopard if he don't when the tiger inquires about what it eat for food. while checking he finds tiger hairs in the frogs teeth. kater the two decides to compete a jumping race and the frog manages hig friends line to a distance little ahead of a jump of the tiger and every time tiger jumps a frog is ahead making it like the frog is ahead of him. The frightened tiger runs away saying there is a creature more powerful then him.

སྟག་དང་སྦལཔ་གི་སྲུང་འདི་ གློག་བརྙན་འདི་ནང་ལུ་ གཞལམ་སྒང་རྫོང་ཁག་ ནང་སྐོར་རྒེད་འོག་ རྟ་ལི་གཡུས་ཚན་ལས་ ཆོས་འཛོམས་ཀྱིས་བཏངམ་ཨིནམ་ད་ སྲུང་འདི་ནང་ སྦལཔ་གིས་ སྟག་རྩ་རྒས་བཟོ་ ཁོ་ལུ་འདྲོག་བཅུག་སྟེ་ མཆོང་ནིའི་རྩེད་འགྲན་ ཁོ་རྒྱལ་ཁ་ཐོབ་པའི་སྐོར་ལས་ཨིན་པས། སྲུང་འདི་ནང་ རིག་པ་གིས་སྦེ་ རྒྱལ་བ་ཐོབ་ཚུགས་པའི་ནུས་པ་ཡོད་ཟེར་བའི་ བརྡ་འཕྲིན་བྱིནམ་ཨིནམ་ད་ སྦལཔ་འདི་གིས་ ཁོ་རའི་སོ་ནང་ སྟག་གི་སྤུ་བཙུགས་ཞིནམ་ལས་ སྟག་ལུ་ སླབ་སླབ་མས་ཏེ་ ཁོ་གིས་ཐོབ་པའི་སྐབས་སུ་ སྟག་ར་བཟའཝ་ཨིན་ཟེར་ མ་ཐོབ་པའི་སྐབས་སུ་ གཟིག་བཟའཝ་ཨིན་ཟེར། ཏེ་ སྟག་གིས་ སྦལཔ་གི་ཁ་ནང་ ལྟ་བའི་སྐབས་ སྟག་གི་སྤུ་མཐོང་ཡོདཔ་ད་ དེ་གི་ཤུལ་ལས་ ཁོ་གཉིས་ མཆོང་ནིའི་འགྲན་བསྡུར་འབད་གེ་གསེས་ འབད་བའི་སྐབས་ སྦལཔ་གི་ཁོ་རའི་ ཆ་རོགས་ཚུ་ ཡར་ལྷོད་དགོཔ་ཨིན་པའི་ ས་གནས་ནང་ ལྷོད་ལྷོད་གྱལ་སྦེ་བཞག་སྟེ་ སྟག་འདི་ག་དེ་ཅིག་མཆོངས་རུང་ སྦལཔ་འདི་ ཁོ་གི་ཧེ་མ་ར་ཨིན་པས་ཟེར་བའི་ལོ། དེ་ལས་ སྟག་དེ་ ཁོ་ལས་ཡང་ སྟོབས་ཤུགས་ཅན་གྱི་ སེམས་ཅན་ཅིག་འདུག་གསེས་ འདྲོག་སྟེ་བྱོག་ཡར་སོངཔ་ཨིན་པས། 

Transcript search
No results found for this search
0 of 0
  • ཆོས་འཛོམས་ Chozom
    དང་ཕུགས་དང་ཕུགས་ སྦལཔ་དང་ ཨ་རྒས་ཕ་མ་གཉིས་ ལྟོ་ཚང་བཟུང་བཟུངམ་ཨིན་ལོ། ལྟོ་ཚང་བཟུང་ཞིནམ་ལས་ སྦལཔ་གིས་ ང་བཅས་གཉིས་མཆོང་སྟེ་ ག་རྒྱལ་རྒྱལ་བཏང་ན་ཟེར་ སླབ་སླབ་མས།
    Long ago there was a frog and a grand father, both of them hold as a friend. After holding as a friend, the frog said that both of us will jump and see who will win?
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ བཏུབ་ཟེར་ སླབ་སླབ་མས། ཧེ་མ་ར་འདི་ སླབ་སླབ་མས། ཁྱོད་ཀྱིས་ ལྟོ་ག་ཅི་བཟའ་འོང་ཟེར་ སླབ་སླབ་མས། དེ་འབདཝ་ད་ སྦལཔ་གིས་ ང་གིས་ཐོབ་པ་ཅིན་ ཕུག་གི་སེམས་ཅན་སྟག་ར་བཟའ་འོང་། མ་ཐོབ་པ་ཅིན་ གངས་ཀྱི་གཟིག་ར་གཟིག་བཟའ་འོང་ཟེར་ སླབ་སླབ་མས་ལོ་ཏེ།
    And the grand father said okay. Before, he said that, what you will eat as food? But the frog said that, if i get i will eat the tiger, if not i will eat leopard.
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ ཁྱོད་ཀྱིས་ཟེརཝ་ད་ ང་གིས་ཐོབ་པ་ཅིན་ ཤ་ར་ཤ་བཟའ་ཡི། མ་ཐོབ་པ་ཅིན་ ཐུང་རང་ཐུང་བཟའ་འོང་ཟེར་ སླབ་སླབ་མས། དེ་ལས་ དེ་སྦེ་བློ་སླབ་སྦེ་ ང་ལུ་ཤིག་བལྟ་གནང་ཟེར་ སླབ་སླབ་མས་ སེམས་ཅན་སྟག་གིས།
    Then the tiger said, if i get i eat the meat, if not i drink. Again a tiger asked him to look for louse.
  • ཆོས་འཛོམས་ Chozom
    དེ་ལས་ ཤིག་བལྟ་བལྟཝ་མས། སྦལཔ་གིས་ ཤིག་བལྟ་དོ་བཟུམ་མ་བལྟ་དོ་བཟུམ་སྦེ་ སེམས་ཅན་སྟག་གི་ སྤུ་ཁ་ནང་བཙུགས་ཅི་ར་འབག་འབགཔ་མས། བཟའ་ཡི་ར་བདའ་སྟེ་ སྤུ་ཕོཝ་གང་བཟའ་སྟེ་ དེ་ལས་ དེ་གི་ཤུལ་ལས་ ག་ཅི་བཟའ་འོང་ཟེར་ འདྲི་འདྲིཝ་མས་ཏེ།
    Then the frog was looking for louse. The frog was looking for louse likewise, not looking and took tiger's fur in his mouth. His stomach was fulled by the fur and asked, what will you eat next?
  • ཆོས་འཛོམས་ Chozom
    དེ་ལས་ ཐོབ་པ་ཅིན་ ཡར་ཕུག་གི་སེམས་ཅན་སྟག་བཟའ་འོང་། མ་ཐོབ་པ་ཅིན་ གངས་ཀྱི་གཟིག་བཟའ་འོང་ཟེར་ སྦལཔ་གིས་ དེ་སྦེ་སླབ་སླབ་མས། དེ་ལས་གཅིག་གིས་ ང་གིས་ཐོབ་པ་ཅིན་ ཤ་ར་ཤ་བཟའ་འོང་། མ་ཐོབ་པ་ཅིན་ ང་གིས་ ཐུང་རང་ཐུང་བཟའ་འོང་ཟེར་ སླབ་སླབ་མས་ལོ།
    Then the frog said, if i get i wil eat the tiger, if not i will eat the moutain loepard. Other one said that if i get, i eat meat, if not i drink.
  • ཆོས་འཛོམས་ Chozom
    ཐུང་ཟེར་མི་ས་ཨིན་ལོ་མེན་ན་ ས་བཟའ་འོང་ལོ་མེན་ན་ སེམས་ཅན་སྟག་གིས། དེ་ལས་ དེ་སྦེ་སླབ་སྟེ་ བལྟ་གེ་མནོ་ ང་བཅས་གཉིས་ལས་ ག་ཅི་ཐོན་དོ་ག་ ཁ་ལས་སྐྱུག་སྟེ་ བལྟ་ཤིག་ཟེར་ སླབ་སླབ་མས་ལོ་ སྦལཔ་གིས།
    it is said that, thung means soil and the tiger will eat soil. Then the frog said like that, "let's see what will come out from our mouth? you can vomit and see."
  • ཆོས་འཛོམས་ Chozom
    དེ་ལས་ ཁོ་གིས་བསྐྱུགསཔ་ད་ ཁ་ལས་སེམས་ཅན་སྟག་གི་ སྤུ་ཐོན་ཐོནམ་ཨིན་ལོ་མེན་ན་ཏེ་ སྦལཔ་གི་ཁ་ནང་ལས་ དེ་འབདཝ་ད་ གཅིག་གི་ཁ་ནང་ལས་འབད་བ་ཅིན་ ཤ་ཐོནཝ་དོ་མས་ གཅིག་གི་ཁ་ནང་ལས་ སེམས་ཅན་གྱི་སྤུ་འཐོན་ཐོནམ་མས།
    It is said that when a frog vomitted, the tiger's fur came out from his mouth but from one's mouth coming out meat and another with fur.
  • ཆོས་འཛོམས་ Chozom
    སེམས་ཅན་སྟག་གི་སྤུ་ དེ་འབདཝ་ད་ ད་འབདན་ཨིན་པས་སྨ་རེ་ ཐད་རི་བ་རི་ར་བཟའ་བཟའཝ་ཟེར་ འདྲོག་འདྲོགསཔ་མས་ཏེ་ དེ་ལས་ ཁོང་གཉིས་ག་རྒྱལ་འོང་ག་མཆོངས་ན་ཟེར་ སླབ་སླབ་ཨིན་ལོ་མེན་ན།
    But then, if it was like that, he had surely ate the meat and the tiger was afraid. Then the frog said, who will win? can you jump?
  • ཆོས་འཛོམས་ Chozom
    དེ་ལས་ སེམསཅན་སྟག་གིས་བཏུབ་ཟེར་ སླབ་སླབ་མས་ སེམས་ཅན་སྟག་གིས། དེ་ལས་ སྦལཔ་ཁལ་ལྔ་བཀུག་བཀུགཔ་ཨིན་ལོ་ སྦལཔ་གིས་ཆ་རོགས་ དེ་ལས་ ཁོང་གིས་ སེམས་ཅན་སྟག་གིས་ ཨ་ནཱ་ལྷོདཔ་མཆོངས་ཏེ་ ལྷོད་འོང་ཟེར་ ཀྲིག་ཀྲི་བལྟ་བཞག་ཞིནམ་ལས།
    Then the tiger said, "okay." Then the frog called hundreds of frog as his friend. Then they made an accurate measurement when tiger jumps.
  • ཆོས་འཛོམས་ Chozom
    སྦལཔ་གྱལ་བསྣར་བཞག་སྟེ་ སྟག་ཚར་རེ་མཆོངས་འོངམ་ད་ ཁོ་གི་ལྟག་ལུ་ཡོད་མི་གིས་ སྐད་ཀུ་ཏུག་བཏང་རྐྱབ་ཤིག་ཟེར་ ཁོ་ག་ཏེ་ལྷོད་སར་ ཁྱོད་ཆ་ཁྱབ་ཀྱིས་ ལྟག་ལས་སྐད་རྐྱབ་ཤིག་ཟེར་ སླབ་སླབ་ཨིན་ལོ་ཏེ།
    He made all the frogs in line and when the tiger jumps the frog above him said, "ku tug" and said that, where ever he reach you all can shout.
  • ཆོས་འཛོམས་ Chozom
    དེ་ལས་ ཞིབ་སྟེ་བཞག་བཞགཔ་མས་ཏེ་ དེ་ལས་ ནངས་པ་གནངས་ཚེ་འགྲན་བསྡུར་འབད་འབདཝ་མས་ཏེ་ཁོང་གཉིས་ སྟག་གིས་ཧུང་བཏང་མཆོངས་མཆོངསམ་མས་ལོ། མཆོངསམ་ད་ཡར་ཁོ་གི་ལྟག་ལས་ པུ་ཏུག་བཏང་སྐད་རྐྱབ་མས་ཟེརཝ་མས་ལོ་སྦལཔ་གིས།
    Then the frog arranged all his friends in line and when two of them compete, the tiger jumped and the frog made sound above him.
  • ཆོས་འཛོམས་ Chozom
    ཡ་བླ་མ་ཁོ་རྒྱལ་ནུག་ཟེར་ ད་རུང་མཆོངས་མཆོངསམ་མས་ཏེ་ ད་རུང་ ཧུང་བཏང་མཆོངསམ་ད་ ད་རུང་ ཁོ་གི་ལྟག་ལས་ པུ་ཏུག་ཟེར་ སྐད་རྐྱབ་མས་ཟེར་མས་ལོ། ད་རུང་ཤུགས་སྦེ་ར་ མཆོངས་མཆོངསམ་མས་ཏེ་ ད་རུང་ལྟག་ལས་ པུ་ཏུག་འབདཝ་མས་ཟེརཝ་མས་ལོ།
    Ohh...my god... he won and again he jumped, again the sound was made as "pu tug." Again the tiger jumped strongly, again the sound was made from upper.
  • ཆོས་འཛོམས་ Chozom
    དེ་ལས་ སེམས་ཅན་སྟག་ཐང་ར་ཆད་ནུག་མེན་ན་ཏེ་ དེ་ལས་ སེམས་ཅན་སྟག་གིས་ ཁོ་ལུ་འབད་མ་ཚུགས་པས་ཏེ་ ག་དེམ་ཅིག་ར་འབད་རུང་ ཁོངསྦལཔ་ཁལ་ལྔ་ཨིན་པས་ཏེ་ མ་རྒྱལ་བར་དེ་ལས་ ཁོ་མགྱོགས་སོང་ནུག་ཏེ་ དེ་ལས་ སོང་སྟེ་ཕར་སྤྱ་དཀར་དང་ཕྱད་ནུག་ཏེ།
    Then the tiger was tired and how much he jumped, he was not able to compete him as he have hundreds of friends. the tiger ran away and meet with the languor.
  • ཆོས་འཛོམས་ Chozom
    དབའེ་ཨ་ལྕོ་སྟག་ག་ཏེ་འགྱོཝ་སྨོ་ཟེར་ སླབ་སླབ་མས་སྤྱ་དཀར་གྱིས་ བླ་མ་མཁྱེན་ནོ་ང་ལས་ལྷག་པའི་ དཔོན་ཡོད་སྨ་རེད་ཕར་ལུ་ཟེར་ སླབ་སླབ་མས་ཏེ་ཁོ་གིས་ དེ་འབདཝ་ད་ ག་དེ་སྦེ་ར་ཡོད་དགོ་ཟེར་ སླབ་སླབ་མས།
    The languor asked, where are you going brother tiger? the tiger said, oh my god! there is a king better than me. But the languor replied, "how?"
  • ཆོས་འཛོམས་ Chozom
    ཡོད་བླ་མ་མཁྱེན་ནོ་ བཟའ་ནི་ཡང་ང་བཟའཝ་ཨིན་ལོ། ཐོབ་པ་ཅིན་ ངེའི་ཤ་བཟའཝ་ཨིན་ལོ། མ་ཐོབ་པ་ཅིན་གངས་ཀྱི་གཟིག་བཟའཝ་ཨིན་ལོ། ང་འདི་འདྲོགས་ཆེའི་མས་ཤུགས་སྦེ་ར་ཟེར་ སླབ་སླབ་མས།
    Oh my god! He was eating my meat. If he gets it was my meat. if not he ate moutain leopard. I am so afraid.
  • ཆོས་འཛོམས་ Chozom
    དེ་ལས་ སྤྱ་དཀར་གྱིས་ བལྟ་བར་འགྱོ་གེ་ཟེར་ སླབ་སླབ་ཨིན་ལོ་མེན་ན་ཏེ་ བལྟ་བ་འགྱོ་གེ་ཟེརཝ་ད་ ཨའོ་ང་འདི་མི་འགྱོ་ ང་འདི་འདྲོག་སྟེ་འབད་མི་ཚུགས་ཟེར་ སླབ་སླབ་མས། འགྱོ་གེ་ག་ནི་ཡང་མི་འབད་ ང་བལྟ་བར་འཁྱིད་གནང་ཟེར་ སླབ་སླབ་མས་ཏེ་ དེ་ལས་ འགྱོ་འགྱོཝ་མས་ཏེ།
    Then the languor said, lets go and see but the tiger said, i will not go, i am so afriad. Languor said, lets go they will not do anything to us, you can take me to see.
  • ཆོས་འཛོམས་ Chozom
    མཇུག་མ་དང་མཇུག་མ་མཐུད་དེ་ འགྱོ་གེ་ཟེར་སླབ་སྟེ་ མཇུག་མ་གཉིས་མཐུད་དེ་ འགྱོ་འགྱོཝ་མས་ལོ། སྤྱ་དཀར་དང་ སེམས་ཅན་སྟག་ དེ་ལས་ ཕར་ལྷོདཔ་ད་ འདུག་ཟེརཝ་མས་ལོ་སྦལཔ་འདི་ ཨེབ་ཏེར་བཏང་སྟེ་ དེ་ལས་སྟག་ལུ་ འེང་འེང་ཟེརཝ་མས་ལོ།
    they said, they will join the tails and go, and they joined the tails and went. When languor and tiger went there, the frog was there and telling "a'ng...a'ng" to the tiger.
  • ཆོས་འཛོམས་ Chozom
    སྟག་ཁལ་ལྔ་དང་ གཟིག་ཁལ་ལྔ་འབག་འོང་ནིའི་ཁ་ཚིག་ཨིན། ད་རེས་ སྟག་ཕུད་རྡོག་གཅིག་ཡ་ཟེརཝ་མས་ལོ་ ཁོ་གིས། སྟག་ཕུད་རྡོག་གཅིག་ཡ་ སྟག་ཕུད་རྡོག་གཅིག་ཡ་ཟེར་ སླབ་མས་ལོ། དེ་བསྒང་ བླ་མ་མཁྱེན་ནོ་ ཁོ་གིས་ ནཱེམ་ཅིག་སླབ་ཅིག་ སེམས་ཅན་སྟག་ཕུ་དོ་མས་ཏེ་འདྲོགས་ཏེ།
    They made a promise to call hundreds of tiger and leopard. Today only a tiger? the frog said. That time the tiger said, "oh.. my god! he told me like this", he was afraid.
  • ཆོས་འཛོམས་ Chozom
    དེ་བསྒང་ སྤྱ་དཀར་འཐེན་འབག་དོཝ་མས་ཏེ་ དེ་འབདཝ་ད་ སྤྱ་དཀར་ཉེར་ཉེར་བཏང་སྟེ་ སྤྱ་དཀར་གྱིས་ མ་བདེ་མས་ཏེ་ ག་ཏེ་འགྱོ་རུང་ཁོ་གི་མ་བདེ་བར་ ཁོ་ཕུརཝ་ད་མ་བདེ་མས་ཏེ་ སྤྱ་དཀར་གྱི་མ་བདེ་བར།
    That time he was dragging the languor but the languor was not feeling comfrotable.
  • ཆོས་འཛོམས་ Chozom
    ཨཱ་་་རྒྱབ་ཁར་བལྟ་ཞིན་ན་ སྤྱ་དཀར་འདི་ ཕྱེ་འཐག་འཐག་བཟའ་བཏང་བཏངམ་ཨིན་ལོ་ཏེ་ སེམས་ཅན་སྟག་གིས་ དེ་འབདཝ་ད་ རྒྱལ་ཁ་འདི་རོགས་སྦལཔ་གིས་ ཐོབ་ཐོབ་ཨིན་ལོ། ཁོ་ཕམ་ཕམ་མས་ དེ་འབདཝ་ད་ རོགས་སེམས་ཅན་སྟག་དེ་ སྤྱ་དཀར་ཅིག་བཟའ་ནི་ཐོབ་ཐོབ་ཨིན་ལོ།
    Looking at back, the tiger ate languor completly but the back side was got by the frog. He loose but he got an opertunity to eat languor.
  • ཆོས་འཛོམས་ Chozom
    ཨ་ནཱེམ་ཅིག་ཨིན། དང་ཕུགས་འབདན་གཏམ་ ད་ལྟོ་སྲུང་།
    Only thia much. Long ago it was a tale and present it is a story.