Skip to main content Skip to search
20 Jun 2018
5 min 21 sec
Ariana Maki
Video Overview
Creators: 
Penchela

People believed that animals of ancient times could speak, and this is reportedly why many stories are characterized through animals. Ap Dorji of Bartsa village, in Karna Gewog, Dagana, narrates a story of three goats that get killed by a wolf. The wolf was used to eating goats, and he ate all three goats. He could not be tamed by any of the villagers, and one day he met a fox near the river. The fox knew that the wolf would kill him, too. Therefore, he tamed the wolf with clever strategies, and finally the wolf drowns in the ocean. The theme of the story focuses on being punished for one's misdeeds. 

མི་ཚུའི་སེམས་ཁར་ དང་ཕུགས་ཀྱི་དུས་ལུ་ སེམས་ཅན་ཚུ་གིས་ ཁ་སླབ་དོ་འོང་ནི་མས་ཟེར་ ཡིད་ཆེས་བསྐྱེད་དགོ་པའི་གནད་དོན་འདི་ཡང་ སྲུང་མང་ཤོས་ཅིག་ སེམས་ཅན་ལུ་ གཞི་བཞག་སྟེ་ཡོད་མི་ལུ་བརྟེན་ཨིན་པས། དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ བར་ཚྭ་གཡུས་ཚན་ལས་ ཨཔ་རྡོ་རྗེ་གིས་ འཕརཝ་གི་བསད་མི་ ར་གསུམ་གྱི་སྐོར་ལས་ སྲུང་བཏངམ་ཨིནམ་ད་ འཕརཝ་འདི་ར་བཟའ་ནི་ནང་ གནམ་མེད་ས་མེད་ལང་ཤོར་ཐལ་ཡོདཔ་ལས་ ར་གསུམ་ཆ་ར་བཟའ་དཔ་ཨིན་པས། གཡུས་ཁའི་མི་ག་གིས་ཡང་ ཁོ་བཏུལ་མ་ཚུགསཔ་ཨིནམ་ད་ ཉིནམ་གཅིག་གི་ཚེ་ ཆུ་ཅིག་གི་མཐའ་མར་ ཁོ་འ་དོམ་ཅིག་དང་གཅིག་ཁར་ཕྱད་དེ་ འ་དོམ་གྱིས་ ཁོ་ཡང་ འཕརཝ་གྱིས་ གསད་ནི་ཨིནམ་ ཤེས་ཤེསཔ་མས། འདི་འབདཝ་ལས་ ཁོ་གིས་འཕརཝ་འདི་ ཐབས་ཤེས་གནས་སྐབས་མ་འདྲཝ་སྦེ་སྟོན་ཏེ་ མཐའ་མཇུག་ཁར་ལྷོདཔ་ད་ འཕརཝ་འདི་ རྒྱ་མཚོ་ནང་ཐིམས་སོངཔ་ཨིནམ་ལས་ སྲུང་གི་གནད་དོན་འདི་ མནོ་བསམ་ལེགས་ཤོམ་མ་བཏང་མི་ལུ་ ཉེས་པ་ཕོག་པའི་སྐོར་ལས་ཨིན་པས། 

Transcript search
No results found for this search
0 of 0
  • རྡོ་རྗེ་
    དང་ཕུ་འདི་འ་ནཱི་ག་ཅི་ལོ་ ར་མ་ཕད་གསུམ་ཡོདཔ་ཨིན་ཟེར་ཨིན་མས་ལགས། ཏེ་ར་འདི་ ཏེ་ར་པོད་ཀྱི་མིང་འདི་ ར་པོད་དར་རྒྱལ་ཟེར་ ཏེ་རམོ་དེ་ཚེ་རིང་དབྱངས་སྐྱིད་ཟེར་ ཏེ་ཁོང་ཏེ་མ་སྨད་གསུམ་ཡོདཔ་ད་ ཏེ་ཁོང་ཉིམ་ཅིག་གི་ཚེ་ཁ་སྐོམ་སྟེ་ཨིན་ ཟེར་ཨིན་མས་བ་ལགས། ར་(ཐོམ་?)འདི་ ཏེ་ཆུ་འཐུང་པར་བཏང་བཏངམ་ཨིན་ ཟེར་ཨིན་མས་བ་ལགས།
  • རྡོ་རྗེ་
    ཏེ་ཆུ་འཐུང་པར་བཏངམ་ད་ ཏེ་ཕར་ཆུ་འཐུང་སའི་ས་གོ་དེ་ནང་ལུ་ ཏེ་སྤྱང་ཀི་ཟེར་ ཏེ་འ་ནཱི་སེམས་ཅན་ཟ་མི་ལགས་ འ་ནཱི་གིས་ ཏེ་འཐུ་ཟ་སྟེ་གིས་ ཏེ་ལོག་ནི་མེད་ དེ་ལས་ ཏེ་ད་རུང་རམོ་འདི་བཏང་བཏངམ་ཨིན་མས་ས་ལགས། ཏེ་འ་ནཱི་ར་པོད་དེ་གིས་ ཏེ་དེ་ཡང་ལོག་ནི་མེད་ ཏེ་ཡུདཔ་ཅིག་ལས་ར་པོད་དེ་གིས་ གནམ་མེད་ས་མེད་ཙིགཔ་ཟ་སྟེ་ དེ་ལས་ཁོ་འགྱོ་འགྱོཝ་མས་བ་ལགས།
  • རྡོ་རྗེ་
    ཕར་ ཏེ་འ་ནཱི་ ཏེ་ད་ག་དེ་སྦེ་ཨིན་ ཟེར་བལྟ་བར་འགྱོ་བའི་བསྒངལས་ སྤྱང་ཀི་འདི་ཕར་ ཆུ་གཟར་ཁ་འགྲེ་སྡོད་ནུག་ ཟེར་ཨིན་མས་ལགས། ད་རུང་ར་པོད་འདི་ ཡང་བཟའ་ནི་འབདཝ་ད་ ཁོང་གཉིས་གནམ་མེད་ས་མེད་ཕྱད་མདའ་རྐྱབ་ ཏེ་འ་ནཱི་འབདཝ་ད་ ཏེ་ཡུདཔ་ཅིག་ལས་ ཏེ་ར་པོད་འདི་གིས་ ཏེ་འབད་རང་མ་ཚུགས་པར་ ཏེ་འ་ནཱི་སྤྱང་ཀི་དེ་གིས་ཟ་དཔ་མས་བ་ལགས།
  • རྡོ་རྗེ་
    ཏེ་འ་ནཱི་འབད་ནི་འདི་གིས་ ད་ཧེ་མ་བསྐལ་པབཟང་པོའི་དུས་ལུ་ ཏེ་དུད་འགྲོ་སེམས་འདི་ཚུ་ཡང་ཁ་སླབ་ནི་ཡོད་དོཝ་མས་བ་ལགས། ཏེ་འ་ནཱི་སྦེ་ དེ་ལས་ན་ལས་མར་ ཁོ་སྤྱང་ཀི་འདི་ ཏེ་ན་ལས་མར་འགྱོཝ་ད་ ཁོ་གིས་ཏེ་ད་ སེམས་ཅན་ཁོང་གསུམ་ཟ་ཟ་བའི་ལས་ཀྱི་འབྲས་བུ་སྨིན་ཏེ་གིས་ དེ་ལས་འ་དོམ་ཅིག་དང་ཕྱད་ཅི་ཟེར་ལགས་ཁོ་ ཏེ་འ་དོམ་འདི་མར་ རྒྱམ་་་་་ མཚོ་ཅིག་ནང་ལུ་ཁོ་མཇུགམ་འདི་མར་བཙུགས་སྦེ་མཚོ་འདི་ནང་།
  • རྡོ་རྗེ་
    ཏེ་གནམ་དགུན་གྱི་དུས་སུ་ལུ་ཁྱེགས་དང་ཁཝ་གིས་ ཏེ་བསྡམ་དོཝ་མས་བ་ལགས་ཁ་འདི་ ཏེ་འ་ནཱི་འབདཝ་ད་ ཏེ་ཁྱོད་འདི་ ནཱ་ག་ཅི་འབད་དོ་ཟེར་ སྤྱང་ཀི་དེ་གིས་དྲིཝ་ད་ ཏེ་འ་དོམ་དེ་གིས་ ང་འདི་ནང་མཇུག་མ་འདི་མར་བཙུགས་སྦེ་སྡོདཔ་ད་ ཏེ་མར་ལས་ཉ་འདི་ཚུ་སྤུ་ར་(ག་ར་)འ་ནཱི་མཇུག་མ་འདི་གུ་རུབ་ད་ དེ་ལས་ཏེ་འ་ནཱི་ ཁོའི་མཇུག་མ་འདི་མར་ལས་འབལཝ་ཅིག་ ཏེ་ཉ་འདི་བཟའ་ནི་ཡོད་ཟེར་ ཏེ་ཁོ་འ་ནཱི་སྦེ་ འ་དོམ་དེ་གིས་འ་ནཱི་སྦེ་སླབ་ཅི་ ཟེར་ཨིན་མས་བ་ལགས།
  • རྡོ་རྗེ་
    དེ་ལས་སྤྱང་ཀི་དེ་གིས་ཏེ་ དེ་འབད་བ་ཅིན་ ང་སྡོད་གེ་ཟེར་ འ་་་་་ད་་་་་ སྤྱང་ཀི་དེ་གིས་ ཏེ་ང་སྡོད་གེ་ཟེརཝ་ད་ འ་དོམ་དེ་གིས་ ཉན་མ་བཏུབ་པར་ འ་་་་ ང་རང་སྡོད་དགོ་ཟེར་ ཏེ་ཁོ་གི་ལས་ཀྱི་འབྲས་བུ་སྨིན་དགོ་ནི་དེ་གིས་ དེ་ལས་ ཏེ་ཁོ་སྡོད་སྡོད་ཟེར་ ཏེ་འ་ནཱི་ནང་ ཉ་དེ་གིས་མཇུག་མ་མ་དཀྲོག་བར་ན་ ཡར་མཇུག་མ་འདི་མ་བལ་ཟེར་ ཏེ་དྲོ་པ་འགྱོ་རུང་དཀྲོགས་ནི་མིན་འདུག་ཟེརཝ་མས་ལོ་ལགས། དེ་བསྒང་ལས་ ཏེ་ཡར་ལ་ཁའི་མཚོ་ནང་ལུ་ཉ་ག་ཏེ་ཡོད་ནི།
  • རྡོ་རྗེ་
    དེ་ལས་ཁོ་མར་ལས་ཡར་མཇུག་མ་འདི་ཡར་བཏོནམ་ད་ མཇུག་མ་འདི་པགས་ཀོ་སྦྱིག་ཡར་སོངཔ་ཨིན་ཟེར་ དེ་ལས་ཏེ་ཁོ་ན་ལས་ཕར་ཙིགཔ་ཟ་སྟེ་འ་དོམ་འདི་བདའ་འགྱོ་འགྱོཝ་མས་བ་ལགས་འམ་འདི། ཕར་བྱག་སྦོམ་སྦོམ་ཅིག་ནང་ ཏེ་མར་དུ་པ་ཅིག་བཏང་སྟེ་སྡོད་ནུག་ ཟེར་ཨིན་མས་ལགས་འ་དོམ་འདི་ད་རུང་ ཏེ་འདི་ནང་ཁྱོད་དུ་པ་བཏང་སྟེ་ག་ཅི་འབདཝ་ཟེརཝ་ད་ ཏེ་ད་འ་ན་ལས་དུ་པ་བཏང་སྟེ་གིས་ སྦྱངམ་འདི་གི་ཚང་འདི་ནང་དུ་པ་ཕོགཔ་ད་ལུ་ ཡར་ལས་མར་སྦྱངམ་འདི་ཚུ་རང་བཞིན་གྱིས་འབུད་འོང་ནི་ཡོད་ ཁོ་བཟའ་ནི་ཡོདཟེར།
  • རྡོ་རྗེ་
    ཏེ་དེ་འབད་བ་ཅིན་ང་སྡོད་གེ་ཟེར་ ད་རུང་འ་ནཱི་སྤྱང་ཀི་འདི་གིས་ འདི་མེན་པ་ཅིན་ཁྱོད་བཟའ་ནི་ཟེར་ཏེ་ ད་རུང་འམ་འདི་གིས་ཉན་མ་བཏུབ་པས་ལགས། འ་འདི་ང་རང་སྡོད་དགོ་ཟེར་ ཏེ་དེ་འབད་བ་ཅིན་ ཏེ་ད་ཁྱོད་སྡོད་ཤིག་སྡོད་ཤིག་ ཁྱོད་ང་བཟའ་ནི་མས་ཟེར་ ཏེ་ཁོ་ད་རུང་འདི་ནང་ལུ་བཞགཔ་ད་ དེ་ལས་ཏེ་ ཁོ་ཏེ་འམ་འདི་རྒྱབ་ཐལཝ་ཅིག་ གནམ་མེད་ས་མེད་མེ་འཕུ་ ཏེ་སྦྱངམ་འདི་ཚུ་ཆ་མཉམ་ཁོ་གུ་རུབ་སྟེ་ ཁོ་འ་ནཱི་སྦེ་གནམ་མེད་ས་མེད་བྲོཝ་འབལ་ཏེ།
  • རྡོ་རྗེ་
    ད་རུང་ཡང་འ་ནཱ་ལས་ཕར་ ཏེ་ཁོ་ ཏེ་འམ་འདི་བདའ་འགྱོ་འགྱོཝ་མས་བ་ལགས་ དེ་ལས་ཏེ་ཕར་ ཏེ་སྒང་ཅིག་ནང་ཏེ་ ཁོ་ཏེ་ཡར་ལུང་ཅིག་ནང་ ཏེ་འ་ནཱི་སྦེ་ཐལཝ་སྒོ་ཐལ་འདི་ཚུ་འཕྱར་སྦེ་སྡོད་ནུག་བ་ལགས་འ་དོམ་འདི། ཏེ་ད་རུང་འ་ནཱི་སྤྱང་ཀི་འདི་གིས་དྲིས་དྲིསཝ་མས་ དབའི་ཁྱོད་དགོ་དགོ་པའི་ཤོབ་རྐྱབ་ མ་དགོ་པའི་ཤོབ་རྐྱབ་ ང་འ་ནཱི་སྦེ་གནམ་མེད་ས་མེད་འ་ནཱི་སྦེ་འབད་ཡི།
  • རྡོ་རྗེ་
    ཏེ་ད་ཁྱོད་གསད་ར་གསད་ནི་ནི་ཟེརཝ་ད་ དེ་ལས་ཏེ་ ཨ་་་ ད་ཐལཝ་འཕྱར་ནི་འདི་ཁྱོད་འབད་ད་ཟེར་ཏེ་ འདི་ཐལཝ་འཕྱརཝ་ད་ག་ཅིག་འཐོབ་ཟེརཝ་ད་ ཏེ་འ་ནཱི་ཐལཝ་འཕྱརཝ་ད་ ཏེ་ ཚོང་པ་འདི་ཚུ་གནམ་མེད་ས་མེད་ཅ་ལ་འབག་ཏེ་ ཚོང་འདི་བཟུམ་འབག་འོངམ་ད་ ཏེ་ཚོང་པའི་མིག་ཏོ་ནང་རྐྱབ་ དེ་ལས་ཏེ་ཁོ་ཚོང་པ་འདི་ཚུ་ ཏེ་ར་བཟི་སྡོདཔ་ད་ཚོང་འདི་ཚུ་རང་འཐོབ་ཟེར།
  • རྡོ་རྗེ་
    ཨའོ་་་་་་ དེ་འབད་བ་ཅིན་ང་སྡོད་གེ་ཟེར་ ཏེ་འ་ནཱི་སྤྱང་ཀི་འདི་གིས་ལགས། ཏེ་ད་རུང་ཡང་ཏེ་ཁོ་སྡོདཔ་ད་ ཏེ་དེ་ལས་འ་ནཱི་སྦེ་ཐལཝ་འཕྱར་སྡོདཔ་ད་ ཏེ་ཚོང་པ་འདི་ཚུ་གིས་ དབའི་ཁ་ཙ་ཁ་ཉིམ་ཐལཝ་འཕྱར་མི་འདི་ཡང་ཁོ་ཨིན་མས་ཟེར་ དེ་ལས་ཏེ་ཁོ་ ཞབ་ཞབ་(འཇེབས་འཇེབས་)འབད་རང་རྡུང་བཏང་ད་ནུག་ལོ་ལགས་འ་ནཱི་སྤྱང་ཀི་འདི། ད་རུང་ཁོ་འདི་ནང་ལས་ ཏེ་འདི་གི་ནངས་པར་ལོང་འགྱོ་ ཏེ་གནམ་མེད་ས་མེད་ཙིགཔ་ཟ་འགྱོཝ་ད་ ཏེ་འམ་འདི་ཡར་མཚོ་ཅིག་གི་ཡར་གུ་ལུ་ ཏེ་སྒང་ཅིག་གུ་ཙེའུ་ཅིག་འཐག་སྦེ་སྡོད་ནུག་ཟེརཝ་མས་ལོ་ལགས་འ་ནཱི་སྦེ།
  • རྡོ་རྗེ་
    ཏེ་ཁྱོད་འ་ནཱི་སྦེ་ཤོབ་རྐྱབ་ ང་གནའ་མེད་ས་མེད་བྲོཝ་འབལ་ཡི་ཟེར་ ཏེ་ད་ཁྱོད་བཟའ་རང་བཟའ་ནི་ཟེར་ ཏེ་འམ་འདི་ལུ་སླབ་སླབ་མས་ལགས་འ་ནཱི་སྤྱང་ཀི་འདི་གིས། ཏེ་འ་ནཱི་ཙེའུ་འདི་འཐག་ག་ཅི་འབད་ནི་ཟེར་ ཏེ་དྲིས་དྲིསཝ་མས་ལགས་འ་ནཱི་སྤྱང་ཀི་འདི་གིས། ཏེ་འ་ནཱི་ཙེའུ་འདི་འཐགས་སྦེ་ཙེའུ་འདི་གི་ནང་ན་འཛུལ་སྦེ་ ཏེ་འ་མར་མམཚོ་འདི་ནང་འགྱོ་ ཏེ་འ་མར་ལས་ཉ་འདི་ཚུ་ ཏེ་རང་དམ་ཁ་རྐྱབ་བཟའ་ནི་ཡོད་ཟེར།
  • རྡོ་རྗེ་
    ཨའོ་ཏེ་དེ་འབད་བ་ཅིན་ང་འཛུལ་སོང་གེ་ཟེར་ འ་དེ་སྦེ་མི་བཏུབ་ ང་རང་འཛུལ་དགོ་ཟེར་ ཏེ་འ་དོམ་འདི་གིས་ད་རུང་ཁོ་ ཏེ་སྤྱང་ས་ཅིག་(རྒྱུར་?) ཏེ་འབད་བ་ཅིན་འཛུལ་ད་འཛུལ་ད་ ཁྱོད་ང་བཟའ་ནི་མས་ཟེར་ ཏེ་དེ་ལས་ ཏེ་ཙེའུ་དེ་ནང་འཛུལ་ དེ་ལས་ཁ་བསྡམ་ དེ་ལས་ཏེ་ལྡོག་ཐལ་གི་ལྷོག་ག་འགྱོཝ་མས་ལགས་ ན་ལས་མར་ཁོ་མར་ཆུ་ནང་།
  • རྡོ་རྗེ་
    ཏེ་ཆུ་འདི་ནང་མར་བལྟཝ་ད་ ཏེ་ཁོ་གི་མཆེཝ་འདི་གིས་ ཏེ་ཕར་བྱག་གུ་གཏམས་སྡོད་སྡོདཔ་མས་བ་ལགས། ཏེ་ཁོ་ཡར་ལས་ཕར་ཕར་རྒྱུག་ ཚུར་ཚུར་རྒྱུག་ནུག་བ་ལགས་འམ་འདི། ལྟོ་ཚང་སྤྱང་ཀི་འདི་དབའི་ དེ་འབད་བ་ཅིན་ ཁ་ལན་འཇལ་འོང་ཟེརཝ་ད་ འུམ་འུམ་ཟེརཝ་མས་ལོ་མར་བྱག་ བྱག་གུ་གཏམསསྡོད་སྡོདཔ་མས་བ་ དེ་ལསན་ཏེ་ ཨ་་་་་དེ་ངེའི་ལྟོ་ཚང་འདི་མེན་པས་ཟེརཝ་ད་ ཨ་ཟེརཝ་ད་ཏེ་ དེ་ལས་ཏེ་མཆེཝ་འདི་ཁ་རྒྱངམ་ད་ ཤོར་སོངཔ་མས་ལགས།
  • རྡོ་རྗེ་
    ཤོར་ཏེ་ དེ་ལས་མར་མཚོ་ནང་རྐྱབ་ ཏེ་ཁོ་འདི་ནང་ལུ་ཤི་སོང་ཡི་ཟེར་ ཏེ་ད་ཧེ་མ་སེམས་ཅན་འདི་ཚུ་སྲོག་བཅད་ཟ་ཟཝ་གི་རྨན་སྨིན་དེ་གིས་ ཏེ་ཁོ་ར་ ལཱས་ན་(མཇུག་ལུ་)ཏེ་འ་ནཱི་སྦེ་འགྱོ་དོ་ཟེར་ ངེད་ཀྱི་འདི་འ་ནཱིམ་ཅིག་ཨིན་ལགས།། །།