Skip to main content Skip to search
21 Jun 2018
14 min 19 sec
Ariana Maki
Video Overview
Creators: 
Yeshi Wangchuk, Dorji Nima

The story about a girl and an ogress was narrated by Aum Chenzom from Tali village, Zhemgang Dzongkhag. Storytelling was very popular as entertainment in the past, but today with the television and internet, the storytelling culture is mainly limited to remote areas of the country. Storytelling normally takes place in the evening after dinner among parents, grandparents and children. This story is about a poor boy who was made to understand the languages of the animal world, after helping the ogress deal with her enemy. Hence, it reveals the theme of doing virtuous deeds to other sentient beings. 

བུཚ་སྤྱང་ཀ་དང་ སྦུལ་གྱི་སྲུང་འདི་ གཞལམ་སྒང་རྫོང་ཁག་ རྟ་ལི་གཡུས་ཚན་ལས་ ཨམ་ཆོས་འཛོམས་ཀྱི་བཏངམ་ཨིནམ་ད་ དང་ཕུགས་ ང་བཅས་རའི་མི་སྡེའི་ནང་ ད་རེས་ནངས་པ་བཟུམ་པ་ སྤྲོ་སྟོན་གྱི་ལས་རིམ་ཚུ་ ག་ནི་ཡང་མེདཔ་ལས་ སྲུང་བཏང་ནི་འདི་ གནམ་མེད་ས་མེད་ཀྱི་ ཡོངས་གྲགས་ཅིག་ཨིན་དོ་ཡོདཔ་མས། ཨིན་རུང་ ད་རེས་ནངས་པའི་ རྒྱང་མཐོང་དང་ ཡོངས་འབྲེལ་ལ་སོགས་པའི་ སྤྲོ་སྟོན་གྱི་ལས་རིམ་ཚུ་ལས་བརྟེན་ སྲུང་བཏང་ནིའི་ལམ་སྲོལ་འདི་ མར་ཉམས་ཡོདཔ་ལས་ དེང་སང་གི་ མཐོན་རྐྱེན་མ་ལྷོད་པའི་ མཐའ་ཟུར་གྱི་གཡུས་ཚན་དག་པ་རེ་ནང་མ་གཏོགས་ ལམ་སྲོལ་འདི་མིན་འདུག། སྲུང་བཏང་ནི་འདི་ ངོ་མ་ར་ ཨ་པ་དང་ཨའི་ ཨ་རྒས་ཨང་རྒས་དང་ ཨ་ལུ་ཚུའི་བར་ན་ ཕྱི་རུའི་བཞེས་སྒོ་བཟའ་ཞིནམ་ལས་ འགོ་བཙུགས་དོ་ཡོདཔ་ད་ ད་ལྟོའི་སྲུང་འདི་ སྤྱང་ཀའི་བུཚ་ཅིག་གིས་ སྦུལ་ཅིག་ བྱང་ཕྱད་ལས་སྲུང་སྐྱབས་འབད་བ་ལས་བརྟེན་ བཀའ་དྲིན་དགའ་ཚོར་སྦེ་ ཁོགིས་ སེམས་ཅན་གྱི་ཁ་ཧ་གོ་ཚུགས་བཟོ་ཡོདཔ་ཨིན་པས། སྲུང་འདི་གིས་ ང་བཅས་ར་ག་ར་ཨིན་རུང་ སེམས་ཅན་ལུ་ མནོ་བསམ་ལེགས་ཤོམ་གྱི་ཐོག་ལས་སྦེ་ ཕྱག་ཕྱིད་ཞུ་དགོ་ཟེར་བའི་ དོན་སྟོནམ་ཨིན་པས། 

Transcript search
No results found for this search
0 of 0
  • ཆོས་འཛོམས་ Chozom
    དང་ཕུ་དང་ཕུ་ཏེ་ སྤྱང་ཀའི་བུཚ་གཅིག་ ག་ནི་ཡང་ཟ་ནི་མེད་འཐུང་ནི་མེད་ སྤྱང་ཀ་སྦེ་སྡོད་ནུག་མེན་ན་ཁོ་ དེ་ལས་ ཁོ་ནོར་འཚོ་བར་འགྱོ་འགྱོཝ་མས་ཏེ་ ནོར་འཚོ་བར་འགྱོ་བའི་ཚེ་ འོང་དེས་ཟེརཝ་མས་ལོ་སྦུལ་གཅིག་ ཨ་ནཱི་གིས་བདའ་འབག་དོ་མས་རོགས་ཀྱིས་ ཨ་ལྕོ་ང་སྲོག་སྐྱབས་འབད་ སྲོག་སྐྱབས་འབད་ སྲོག་སྐྱབས་འབད་ ཟེར་སླབ་མས་ལོ་ སྦུལ་སྦོམ་ཅིག་འོང་དེས་ཟེརཝ་མས་ལོ་ཏེ།
  • ཆོས་འཛོམས་ Chozom
    ང་གིས་འདི་ འདྲོག་སྟེ་མི་ཚུགས་ཁྱོད་ལུ་ སྲོག་སྐྱབས་འབད་མི་ཚུགས་ཁྱོད་ལུ་ ཟེར་སླབ་སླབ་མས་ཏེ་ ད་རུང་ ཨ་ལྕོ་ང་ལུ་སྲོག་སྐྱབས་འབད་གནང་ ང་གསད་ནི་མས་ འོང་དོ་ད་ལྟོ་རང་ ད་མགྱོགས་པར་འབད་གནང་ ཟེར་སླབ་ནུག
  • ཆོས་འཛོམས་ Chozom
    ག་དེ་སྦེ་འབད་ནི་སྨོ་ཏེ་ ཟེར་སླབ་ནུག དེ་ལས་ ང་གིས་སྒྲོམ་དཀྱི་གེ་སྨ་རེད་ཟེར་ ཁྱོད་ཀྱི་ནཱ་ལུ་ ཆར་བཀབ་འདུག་མེན་ན་ཟེར་ ཆར་བཀབ་ངེའི་གུ་བཀབ་སྦེ་ ཁྱོད་ར་ངེའི་ཐོག་ཁར་སྡོད་ ཟེར་སླབ་སླབ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ སྦུལ་སྒྲོམ་ཨ་ལ་ལ་བཏང་དཀྱི་དཀྱིཝ་མས་ཏེ་ མགྱོགས་པར་མགྱོགས་པར་ཁོ་གིས་ ཆར་བཀབ་འདི་བཀབ་བཀབ་མས་ཏེ་ བཀབ་སྦེ་ཁོ་ར་ཐོག་ཁར་རྡོའི་གུ་སྡོད་སྡོདཔ་བཟུམ་བཟོ་སྟེ་ སྡོད་སྡོདཔ་མས་ཏེ་ དེ་ཅིག་གི་བར་ན་ ཤར་ཕྱོགས་རྒྱལ་པོ་འོང་དེས་ཟེརཝ་མས་ལོ་ཧེ་མ་རང་ ཤར་ཕྱོགས་རྒྱལ་པོ་འོང་སྟེ།
  • ཆོས་འཛོམས་ Chozom
    ནཱ་ལས་ཕར་མི་གཅིག་ག་ཡང་མ་འགྱོ་ག་ ཟེར་སླབ་མས་ཟེརཝ་མས་ལོ་ མ་ཤེས་ང་གིས་འདི་ ཟེར་སླབ་སླབ་མས་ཏེ་ ད་རུང་འགྱོ་འགྱོཝ་མས་ འེང་ཡར་སོ་ཡི་ཡར་སོ་ཡི་ ཟེར་སླབ་སླབ་མས་ཁོ་གིས་ དེ་ལས་ད་རུང་གཅིག་འོང་མས་ཟེརཝ་མས་ལོ་ ནཱ་ལས་ཕར་མི་གཅིག་ག་ཡང་མ་འགྱོ་ག་ཟེར་དྲིས་ནུག་ ཡར་སོ་ཡི་ཡར་སོ་ཡི་ ཟེར་སླབ་སླབ་མས་ད་རུང་ཁོ་གིས།
  • ཆོས་འཛོམས་ Chozom
    ད་རུང་ཡར་སོང་ནུག་ལོ་ ལྷོ་ཕྱོགས་རྒྱལ་པོ་གིས་ ད་རུང་ནུབ་ཕྱོགས་རྒྱལ་པོ་འོང་དེས་ཟེརཝ་མས་ལོ་ ནཱ་ལས་ཕར་མི་གཅིག་ག་ཡང་མ་འགྱོ་ག་ཟེར་ནུག་ སོང་ཡི་སོང་ཡི་ཟེར་ནུག་ ད་རུང་འདི་ཡང་སོང་ནུག་ དེ་ལས་ བྱང་ཕྱོགས་རྒྱལ་པོ་འོང་དོ་མས་ ནཱ་ལས་ཕར་མི་གཅིག་ག་ཡང་མ་འགྱོ་ག་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    ཡར་སོ་ཡི་ཡར་སོ་ཡི་ ཟེར་སླབ་སླབ་མས་ དེ་ལས་ དབུས་ཕྱོགས་རྒྱལ་པོ་འོང་དོ་མས་ ནཱ་ལས་ཕར་མི་གཅིག་ག་ཡང་མ་འགྱོ་ག་ ཟེར་སླབ་ད་ ཡར་སོ་ཡར་སོ་ཡི་ཟེར་སླབ་སྟེ་ སོང་སོངམ་མས་ག་ར་རྒྱབ་ཐལ་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ཁོང་རྒྱབ་ཐལ་བའི་ཤུལ་ལུ་ ག་དེམ་ཅིག་འདུག་ཟེརཝ་ད་ མི་ལྔ་འདུག་ཟེར་སླབ་སླབ་མས་ཏེ་ དེ་ལས་ ད་དེམ་ཅིག་ཨིན་ཟེར་སླབ་ནུག་ དེ་ལས་ ཐོན་ཐོནམ་མས་ཏེ་ཐོན་སྦེ་ ཆར་བཀབ་ཡར་འཐུཝ་ཅིག་ཤུགས་འབད་བྱོག་དོ་མས་ཏེ་ སྦུལ་ལུ་འདྲོག་སྟེ་ འགྱོ་བ་ཅིན་ ཨ་ལྕོ་སྒུགས་སྒུགས་ ཟེར་སླབ་སླབ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ མི་དགོ་ང་ཁྱོད་ལུ་འདྲོགཔ་མས་ ཟེར་སླབ་སླབ་མས་ ག་ནི་ཡང་མི་འབད་ང་གིས་ ག་ནི་ཡང་མི་འབད་ ཁྱོད་ལུ་བཀའ་དྲིན་དགའ་ཚོར་ཅིག་ལོག་བྱིན་ནི་ཨིན་ ང་སྲོག་སྐྱབས་འབད་མི་གི་ བཀའ་དྲིན་དགའ་ཚོར་ཅིག་ལོག་བྱིན་ནི་ཨིན་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    དེ་ལས་ ཁྱོད་རའི་རྣམ་ཅོ་ཚུར་བཏང་ཤིག་ ཟེར་སླབ་སླབ་མས་ རྣམ་ཅོ་འ་ནཱི་སྦེ་བྱིན་བྱིནམ་མས་ཏེ་ རྣམ་ཅོ་ནང་ན་ལུ་ ཕུར་རུ་རུ་བཏང་འཕུ་བྱིན་དེས་ཟེརཝ་མས་ལོ་སྦུལ་གིས་ དེ་ལས་ སྦུལ་གྱིས་འཕུ་བྱིན་སྦེ་ བུཚ་འདི་ ཡ་བླ་མ་་་་ དེ་ལས་སླབ་སླབ་མས་ཏེ་ ཁྱོད་ཀྱི་རྣམ་ཅོ་གིས་ ག་ཅི་གི་བློ་ཡང་ཁྱོད་ཀྱི་རྣམ་ཅོ་གིས་རྣ་བ་གོ་འོང་ ཟེར་སླབ་སླབ་མས་ཏེ།
  • ཆོས་འཛོམས་ Chozom
    ག་ར་ཤེས་སྨ་རེད་ཁྱོད་ཀྱིས་ མིག་གིས་མཐོང་འོང་མས་ རྣ་བ་གིས་ཡང་གོ་འོང་མས་ཟེར་ སེམས་ཅན་ཆུང་ཀུ་ཅིག་འབད་རུང་ཅིག་གིས་ བློ་སླབ་སར་ཡང་ཁྱོད་ཀྱིས་ཤེས་སྨ་རེད་ཟེར་ ག་གི་གདོང་ཁ་ལུ་ཡང་མ་སླབ་སྨ་རེད་ཟེར་ ཁྱོད་ཀྱིས་འདི་སླབ་སྟེ་འབད་བ་ཅིན་ཟེར།
  • ཆོས་འཛོམས་ Chozom
    ང་ག་ཏེ་ལས་ཡང་ གནམ་ཁ་ལས་ཡང་བུད་ཐོན་འོང་སྨ་རེད་ཟེར་ ས་ཁ་ལས་ཡང་ གས་ཏེ་ཐོན་འོང་སྨ་རེད་ཟེར་ ཁྱོད་ཟ་ནི་ཨིན་སྨ་རེད་ ཟེར་སླབ་སླབ་མས་ཏེ་ དེ་ལས་ སྦུལ་འདི་ཡར་སོང་སོངཔ་མས།
  • ཆོས་འཛོམས་ Chozom
    ཁོ་འགྱོ་འགྱོཝ་མས་ཏེ་ ཨ་ནཱི་རྒྱལ་པོ་འདི་ཚུ་ ག་ཏེ་ལུ་རང་འགྱོཝ་ཨིན་ན་ ཨ་ནཱི་མི་ཚུ་ཟེར་ རྟིང་བདའ་སྟེ་འགྱོ་འགྱོཝ་མས་ཏེ་ཁོ་བལྟ་བར་ བལྟ་བར་འགྱོཝ་བ་ད་ལུ་ རོགས་ཕར་ཆིབ་བཏང་ཉལ་ཏེ་འདུག་ཟེརཝ་མས་ལོ་ ཉལ་སྦེ་སྒར་བཅགས་སྦེ་ཉལ་ནུག་ ཟེར་ཨིན་པས་ལོ་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ ག་ཏེ་འགྱོ་དོ་ག་བལྟ་བའི་སྐབས་ སླབ་མས་ཟེརཝ་མས་ལོ་ ར་གི་མཇུག་མ་གཉིས་འདུག་ཟེརཝ་མས་ལོ་ དཀརཔོ་གཅིག་དང་གནགཔོ་གཅིག་ ར་གི་མཇུག་མ་གཉིས་བློ་སླབ་མས་ཟེརཝ་མས་ལོ་ ང་གིས་ཚང་ཚང་བཏང་འབད་བ་ཅིན་ གནགཔོ་གིས་སླབ་མས་ལོ་ ང་གིས་ཚང་ཚང་བཏང་འབད་བ་ཅིན་ མི་འདི་ཚུ་གཅིག་རང་མེདཔ་སྦེ་ཤི་འོང་བ་ ཟེར་སླབ་མས་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་གཅིག་གིས་སླབ་མས་ཟེརཝ་མས་ལོ་ ང་གིས་ཚང་ཚང་འབད་བ་ཅིན་ ག་ར་ལྷོང་ཚུགས་ཏེ་ ཟེར་སླབ་མས་ཟེརཝ་མས་ལོ་ དེ་འབདཝ་ད་ ག་དེ་སྦེ་ཨིན་ན་ ཨིན་ན་སྨོ་ཟེར་ ཁོ་གིས་གནགཔོ་ཡར་འཐུ་སྦེ་ ཨ་ནཱི་མི་ལྔཔོ་ལུ་ དེ་སྦེ་གཡབ་བཞག་བཞགཔ་མས་ཏེ་ མི་གསུམ་ལུ་གཡབ་བཞག་བཞགཔ་མས་ གཉིས་ལུ་མ་འབད་བར་བཞག་བཞགཔ་མས་ཁོ་གིས།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ གཉིས་ལོང་ཡི་ཟེརཝ་མས་ལོ་ གསུམ་མ་ལོང་ཟེརཝ་མས་ལོ་ཏེ་ དེ་ལས་མ་ལོང་པར་ག་དེ་སྦེ་ཨིན་ན་ད་ ག་ཅི་འབད་ཡི་ག་ད་ ག་ཅི་འབད་ཤི་ཤིཝ་ཨིན་ན་ཟེར་ གཉིསཔོ་འདི་ ནང་དོག་སྟེ་ ཤིཝ་མས་ཟེརཝ་མས་ལོ་ཏེ་ དེ་ལས་ནང་དོག་ཤི་སྟེ་ ནང་དོག་ཤི་སྟེ་ ཁོ་ལུ་སླབ་མས་ཟེརཝ་མས་ལོ་ཏེ།
  • ཆོས་འཛོམས་ Chozom
    ད་ང་བཅས་ཀྱི་མི་གསུམ་ཤི་མི་འདི་གི་བཅོ་ཐབས་ག་ནི་ཡང་མེད་ག་ཁྱོད་ལུ་ཟེར་ ག་ནི་ཡང་མི་ཤེས་ག་སྤྱང་ཀའི་བུཚ་ ཟེར་སླབ་སླབ་མས་ཏེ་ མི་ཤེས་ ཟེར་སླབ་སླབ་མས་ཁོ་གིས་ མི་ཤེས་ང་གིས་འདི་ ཟེར་སླབ་སླབ་མས་ཏེ་ ཤེས་ས་ཁྱོད་དྲག་དོ་འོང་ཨ་ཙི་ཅིག་འབད་རུང་ ད་ཁྱོད་ཀྱིས་འབད་བྱིན་ད་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    མི་ཤེས་ ཟེར་སླབ་སླབ་མས་ཁོ་གིས་ ཤེས་ཁྱོད་རང་དྲག་ད་ གཞན་ག་ཡང་མེད་ ཟེར་སླབ་སླབ་མས་ དེ་ལས་ དེ་འབད་བ་ཅིན་ ཁྱོད་ར་གཉིས་ཕར་ཕུའི་རྒྱབ་ཁར་ཅིག་ ལོགས་ཅིག་ཁར་གཅིག་འགྱོ་སྟེ་སྡོད་ཤིག་ ཟེར་སླབ་སླབ་མས་ཏེ་ཁོ་གིས།
  • ཆོས་འཛོམས་ Chozom
    ང་གིས་ ཤོག་ཟེརཝ་ད་ཤོག་ ཟེར་སླབ་སླབ་མས་ཁོ་གིས་ འགྱོ་འགྱོཝ་མས་ཏེ་ ཁོང་གཉིསཔོ་འདི་ ཕར་འགྱོ་སྦེ་སྡོད་སྡོདཔ་མས་ ར་གི་མཇུག་མ་གིས་ཚང་ཚང་བཏང་འབད་འབདཝ་མས་ཏེ་ཁོ་གིས་ དེ་ལས་ནཱ་གི་གསུམ་ལོང་དོ་མས་ཏེ་ ལོང་སྦེ་ དེ་ལས་ ཤོག་ཟེར་སླབ་སླབ་མས་ཁོ་གིས་ དེ་བསྒང་འོང་འོངམ་མས་ཏེ་ དེ་ལས་ བཅོ་ཐབས་འབད་དོ་བཟུམ་སྦེ་ དེ་ལས་ཁོ་གིས་དྲག་ཚུགས་ཚུགསཔ་མས་ཏེ་ཁོ་གིས་ དེ་ལས།
  • ཆོས་འཛོམས་ Chozom
    དྲག་ཚུགས་སྦེ་ ད་སེམས་དགའ་དགའཝ་མས་ཏེ་ ཁོང་གསུམ་དྲག་ཚུགས་ཏེ་ ད་ཁྱོད་བཀའ་དྲིན་དགའ་ཚོར་ག་ཅི་དགོ་ནི་ ཟེར་སླབ་སླབ་མས་ཏེ་ ག་ནི་ཡང་མི་དགོ་ ཟེར་སླབ་སླབ་མས་ཏེ་ཁོ་གིས་ ཁྱོད་ལུ་གཅིག་འདི་ བྱིན་རང་བྱིན་དགོ་ ཟེར་སླབ་སླབ་མས་ཏེ།
  • ཆོས་འཛོམས་ Chozom
    ག་ནི་ཡང་མི་དགོ་ ཟེར་སླབ་སླབ་མས་ དེ་འབདཝ་ད་བྱིན་རང་བྱིན་པ་ཅིན་ ང་ལུ་ཨ་ནཱི་ར་གི་མཇུག་མ་གཉིས་བྱིན་གནང་ ཟེར་སླབ་སླབ་མས་ཁོ་གིས་ ཁོ་ལུ་ཕན་ཐོགས་ནི་མས་ ཟེར་མནོ་མནོཝ་འདྲས་མེན་ན་ཏེ་ བྱིན་གནང་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    དེ་ལས་བཏུབ་ཟེར་ བྱིན་བྱིན་མས་ཏེ་ བྱིན་སྦེ་ དེ་ལས་ ཁོང་ར་ཆ་ཁྱབ་འབད་བ་ཅིན་ རྟ་གདམ་ཁ་རྐྱབ་མས་ལོ་ཏེ་ད་ ཨ་ནཱི་རྒྱལཔོ་འདི་ཚུ་ ཕར་ད་ཆུ་ཕར་ཁར་ཨ་ཞེ་ དཔོན་སྦོམ་ཅིག་གི་ཨ་ཞེ་དང་གཉེན་རྐྱབ་ནི་ཨིན་པས་བ་ སྲསམོ་ཅིག་དང་ དེ་ལས་འདི་ནང་ལས་ག་གིས་ རྒྱ་མཚོའི་ཕ་རོལ་ཏུ་ཨིན་པས་ཏེ་ ཨ་ནཱི་བུམོ་འདི་ དེ་ལས་ རྒྱ་མཚོ་ག་གིས་འགོམ་ཚུགས་ཚུགས་ཨིན་པས་ཏེ།
  • ཆོས་འཛོམས་ Chozom
    རྟ་གུ་ཆིབས་ཏེ་ རྟ་གིས་འཕུར་ཏེ་ག་གིས་ལྷོད་ལྷོད་ དེ་ལས་རྟ་གདམ་ཁ་རྐྱབ་མས་ལོ་མས་ རྟ་གདམ་འཐུ་འབད་ཡི་འབད་ཡི་ ག་ཅི་དེ་ཉམས་ཡོད་མི་ལེགས་ཤོམ་གདམ་ཁ་རྐྱབ་སྟེ་ འཁྱིད་འགྱོཝ་མས་ལོ་ ཁོང་ལྔ་འཁྱིད་འགྱོ་སྦེ་ རྟ་ཞན་ཁོག་འབད་མི་གཅིག་བཀོ་བཞག་ཡི་ལོ་ དེ་ལས།
  • ཆོས་འཛོམས་ Chozom
    ཨ་ནཱི་རྟ་གིས་སླབ་མས་ལོ་ ཨའེ་ང་འདི་བཀོ་བཞག་ཅི་ཟེར་ རྟ་པོ་ཀ་ལི་སྤྱང་ཀ་འདིནི་ང་ཨིན་ཟེར་ ངནི་བཀོ་བཞག་ཅི་ཟེར་ ཁོང་འདི་ཚུནི་ག་ནི་ཡང་མེན་ ཟེར་སླབ་སླབ་མས་རྟ་གིས་ སེམས་ཅན་གྱི་བློ་སླབ་ད་ཁོ་གིས་ཤེས་དོ་མས་མེན་ན་ཏེ་ དེ་སྦེ་སླབ་མས་ལོ་རྟ་གིས།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ལུ་ ཡ་དེ་འབད་བ་ཅིན་འདི་ ང་ཡོད་ཏེ་ ང་གིས་འཁྱིད་གེ་སྨ་རེད་ཁྱོད་ཟེར་ ཁོ་གིས་འཁྱིད་སོང་ནུག་མེན་ན་ཏེ་ འཁྱིད་འབག་སྦེ་ ཏེ་ཕར་ ད་བུམོ་འབའ་གཏད་དོ་བཟུམ་སྦེ་ གཏད་དེ་ཡོད་དོ་མས་ཏེ་ ཁྱོད་ཀྱིས་འ་ནཱ་ལྷོད་དེ་འབད་བ་ཅིན་ཟེར་ བུམོ་འདི་བྱིན་ཆོག་ཆོག་ཟེར་ ཕར་ལས་དཔོན་གྱིས།
  • ཆོས་འཛོམས་ Chozom
    དེ་ལས་ འགྱོ་ཡི་ལོ་སྨེ་ ཧེ་མ་རང་ཤར་ཕྱོགས་རྒྱལཔོ་འཕུར་ཡི་ལོ་སྨེ་ རྟ་དང་སྦྲགས་ཏེ་ འུར་འུར་འུར་འཕུརཝ་ད་ལུ་ ཆུ་གི་བར་ན་ལུ་ལྷོདཔ་ད་ལུནི་ བྱག་བཏང་བུད་སོང་ཡི་ལོ་ ད་རུང་ལྷོ་ཕྱོགས་རྒྱལཔོ་འཕུར་ཡི་ལོ་ ད་རུང་འཕུར་འགྱོཝ་ད་ལུ་ ཆུ་གི་སྦུག་ན་ལྷོདཔ་ད་ ཆུ་ནང་བྱག་བཏང་བུད་འགྱོ་ཡི་ལོ་ཁོ་ཡང་།
  • ཆོས་འཛོམས་ Chozom
    དེ་ལས་ ཨ་ནཱི་ནུབ་ཕྱོགས་རྒྱལཔོ་འཕུར་ཡི་ལོ་ ནུབ་ཕྱོགས་རྒྱལཔོ་ཡང་བྱག་བཏང་བུད་སོང་ཡི་ལོ་ དེ་ལས་ད་རུང་ ཨ་ནཱི་འཕུར་དོ་མས་ཏེ་ བྱང་ཕྱོགས་རྒྱལཔོ་འཕུར་དོ་མས་ཏེ་ བྱང་ཕྱོགས་རྒྱལཔོ་ཡང་ བུད་སོང་མས་ལོ་ དབུས་ཕྱོགས་རྒྱལཔོ་འཕུར་དོ་མས་ དབུས་ཕྱོགས་རྒྱལཔོ་ཡང་ཆུ་གིས་འབག་འགྱོ་འགྱོཝ་མས་ག་ར།
  • ཆོས་འཛོམས་ Chozom
    ག་ར་ཚར་ཚརཝ་མས་ཏེ་ ད་ཁོ་ལུ་སླབ་དོ་མས་ཏེ་ ཁྱོད་ཡང་འོང་ནི་ཨིན་ན་ ཟེར་སླབ་དོ་མས་ཏེ་ཕར་ལས་ སྐད་རྐྱབ་དོ་མས་ཏེ་ འོང་ནི་ ཟེར་སླབ་སླབ་མས་ཏེ་ཁོ་གིས་ དེ་ལས་ འོང་པ་ཅིན་ཤོག་ཏེ་ ཟེར་སླབ་སླབ་མས་ ཁོ་གིས་འདི་ཛ་རང་མི་དྲག་ཟེར་ མནོ་མནོཝ་འདྲས་མེན་ན་ཏེ་ རྟ་ཡང་ཞན་ཁོག་ཅིག་འདུག་ཟེར།
  • ཆོས་འཛོམས་ Chozom
    དེ་ལས་ཏེ་ ཁོ་འཕུར་འཕུརཝ་མས་ཏེ་ ཁོ་གིས་འཕུརཝ་ད་ལུ་ ཁོ་གི་རྟ་གིས་ཕྲང་ཕྲང་ཕར་བསྐྱལ་ཡི་ཟེརཝ་མས་ལོ་ བུམོ་འབད་སར་ བུམོ་གི་སྦོ་ལོགས་ཁར་ དེ་ལས་ཁོ་རྨགཔ་སྦེ་བཞག་ནུག་མེན་ན་ཏེ་ རྨགཔ་སྦེ་བཞག་སྟེ་ ཁོ་ཚོགས་ཆང་མར་ཆང་བསྒྲིགས་ཏེ་ གནམ་མེད་ས་མེད་མ་འདྲཝ་འབད་ འགོ་དང་པ་རང་ཇ་དྲངས་དོ་མས་ཏེ་ ཇ་དྲངས་སྦེ་ ཁོ་གདོང་ཁ་ལུ་ ཕོརཔ་ནང་ཇ་བཀང་སྦེ་སྡོདཔ་ད་ལུ།
  • ཆོས་འཛོམས་ Chozom
    སྦྱང་ནག་ཨ་པ་གཅིག་དང་ ཨ་མ་གཅིག་ཆགས་པར་འོང་ཡི་ ཟེར་ཨིན་པས་ཁོ་གི་ཇ་ཕོརཔ་གུ་ ང་བཅས་ར་གིས་འབད་བ་ཅིན་ རུམ་པ་ཟེར་སླབ་འོང་མེན་ན་ཏེ་དང་ཕུ་ (སྦྱང་ནག་ལུ་ཁེངས་སྨད་ནང་) སྦྱང་ནག་ཨ་པ་དང་ཨ་མ་གཅིག་ཆགས་པར་འོང་ཡི་ ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ སྦྱང་ནག་ཨཔ་དེ་གིས་སླབ་མས་ཟེརཝ་མས་ལོ་ ཐཱོད་ཟེར་སླབ་དོ་མས་སྦྱང་ནག་གིས་ ང་མར་རྒྱ་མཚོའི་ནང་ན་དུམ་གྲ་ཅིག་འདི་ རྐངམ་སྦང་བལྟ་ནི་ཟེརཝ་མས་ལོ་ དེ་འབདཝ་ད་ མ་འཛུལ་སྨ་རེད་ འཛོམས་པ་ཅོ་ ཟེརཝ་མས་ལོ་ དེ་ལས།
  • ཆོས་འཛོམས་ Chozom
    འཛུལ་རང་འཛུལ་ནི་ང་ དུམ་གྲ་ཅིག་འཛུལ་བལྟ་གེ་ ཟེར་སླབ་མས་ཟེརཝ་མས་ལོ་ ཐཱོད་ཟེར་སླབ་མས་ལོ་ དེ་ལས་ ཚར་གསུམ་ཐཱོད་ཐཱོད་འབད་སྦེ་ ལྟ་མ་འབདཝ་ད་ ཕོརཔ་ནང་འཛུལ་འཛུལཝ་མས་ཏེ་ཁོ་ ཨཱ་དེ་བསྒང་ལས་ ཕེར་ཕེར་བཏང་ ཇ་ཚ་ཏོམ་གྱིས་ཤིཝ་མས་མེན་ན་ཏེ་ སྦྱང་ནག་ཚུ་ ཤི་ཤིཝ་མས་ཏེ།
  • ཆོས་འཛོམས་ Chozom
    ཤི་སྟེ་ དེ་ལས་ སྦྱང་ནག་ཨམ་འདི་ སྔུཝ་མས་ཟེརཝ་མས་ལོ་ཏེ་ ཕོརཔ་གི་སྦོ་ལོགས་ཁར་སྡོད་སྦེ་ ཕོརཔ་གི་ཟུར་ཁ་སྡོད་སྦེ་ འུང་་་་་བཏང་ང་གིས་ད་ཅི་ལས་རང་ཁྱོད་ མ་འཛུལ་ཟེར་སླབ་ད་ཉན་མ་བཏུབ་ཟེར་ ང་གིས་ཤི་འོང་ཟེར་སླབ་ཅི་ཟེར་ ཁྱོད་ད་ཅི་ལས་རང་ཟེར་ ད་ཤི་ཡི་ད་ ཀྲིག་ཀྲི་རང་ཤི་ཡི་སྨ་རེད་ཟེར་ སྦྱང་ནག་འདི་སྔུཝ་མས་ཟེརཝ་མས་ལོ་ཏེ་ དེ་ཅིག་གི་བར་ན་ ཁོ་དུམ་གྲ་ཅིག་བགའ་ཡར་སོང་ནུག་མེན་ན་ཏེ་ སྤྱང་ཀའི་བུཚ་དེ།
  • ཆོས་འཛོམས་ Chozom
    དེ་སྦེ་འབདཝ་ད་ བགའ་ཡར་སོང་ནུག་ཏེ་ དེ་འབདཝ་ད་ ཨམ་སྲུ་གིས་ཕྲང་ཕྲང་ཨམ་སྲུ་ནཱ་ལུ་ཇ་དྲང་སྟེ་ཡོད་དོ་མས་ཏེ་ དེ་འབདཝ་ད་ལུ་ ཁྱོད་ཀྱིས་ང་ལུ་སྐྱོན་ག་ཅི་ཅིག་མཐོང་རང་མཐོང་ནུག་ ཟེར་སླབ་སླབ་མས་ཏེ་ དེ་འབདཝ་ད་ ག་ནི་ཡང་མ་མཐོང་ ཟེར་སླབ་སླབ་མས་ཏེ་ མཐོང་རང་མཐོང་ནུག་ཟེར་ནུག་ མ་མཐོང་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    དེ་ལས་ ཁྱོད་བགའཝ་མས་མེན་ན་ ཟེར་སླབ་སླབ་མས་ ག་ཅི་འབད་བགའཝ་སྨོ་ ཟེར་སླབ་སླབ་མས་ མ་པ་ལས་ང་ར་བགའ་དགོཔ་ཐོན་སོང་ཡི་ ཟེར་སླབ་སླབ་མས་ དེ་ལས་ ཕྱི་རུ་ཉལ་རུང་མ་བཞག་ ཉི་མ་སྡོད་རུང་མི་བཞག་དོ་མས་ཏེ་ ཨ་ནཱི་བུམོ་དེ་གིས་བླ་མ་མཁྱེན་ནོ་ སླབ་རང་སླབ་ད་ཟེར་ སྐྱོན་ག་ཅི་མཐོང་ཡི་ཟེར།
  • ཆོས་འཛོམས་ Chozom
    ང་ལུ་སྐྱོན་ག་ཅི་འདུག་ཟེར་ སླབ་ད་སླབ་ད་ཟེར་རང་ཨེབ་སྟེ་ དེ་ལས་ ད་ཡ་ཟེར་ སླབ་པ་ཅིན་ཟེར་ ཁྱོད་ཀྱིས་ཐད་རི་བ་རི་རང་སླབ་དགོ་ཟེར་ ཨིན་པས་སྨོ་ཟེར་ དགོ་ཟེར་སླབ་དོ་མས་ཏེ་མོ་གིས་ ཡ་དགོ་པ་ཅིན་ཟེར་ ངེའི་རྟ་གུ་སྒ་བཀལ་བར་བཏང་ཤིག་ཁྱོད་ར་ ཟེར་སླབ་སླབ་མས་ཏེ་ རྟ་གུ་སྒ་བཀལ་བཀལཝ་མས་ཏེ།
  • ཆོས་འཛོམས་ Chozom
    རྟ་གུ་སྒ་བཀལ་ རྟ་གུ་བཞོན་སྦེ་ རྟས་ལྕག་ལགཔ་ཁར་འབག་སྦེ་བཤད་དོ་མས་ཏེ་ཁོ་གིས་ད་ ཧེ་མ་ཟེར་ ང་ནོར་འཚོ་སྟེ་སྡོད་ཅི་ཟེར་ དེ་བསྒང་ལུ་ མདང་ཞག་ཁྱོད་འབད་སར་རྨགཔ་འབད་བར་འོང་ནི་ཟེར་འོང་མི་ མི་ལྔཔོ་འདི་འོང་དེས་ཟེར་ འོང་འོངམ་མས་ཟེར་ འདི་གི་ཧེ་མ་སྦུལ་གཅིག་བདའ་འབག་དེས་ཟེར་ ཁོང་ཆ་ཁྱབ་ཀྱིས་ཟེར།
  • ཆོས་འཛོམས་ Chozom
    ཨ་ནཱི་སྦུལ་གྱིས་ ང་སྲོག་སྐྱབས་འབད་ སྲོག་སྐྱབས་འབད་ཟེར་ སླབ་མས་ཟེར་ དེ་འབདཝ་ད་ ང་གིས་སྲོག་སྐྱབས་འབདཝ་ད་ དེ་ལས་ རྟིང་ལས་བཀའ་དྲིན་དགའ་ཚོར་ག་ཅི་བྱིན་ན་ཟེར་ སླབ་དེས་ཟེར་ བཀའ་དྲིན་དགའ་ཚོར་ག་ནི་ཡང་མི་དགོ་ ཟེར་སླབ་ད་ལུ་ ཁོ་གིས་ ངེའི་རྣམ་ཅོ་ནང་ན་ཕར་འཕུ་བྱིན་ཡི་ཟེར།
  • ཆོས་འཛོམས་ Chozom
    དེ་ལས་ ཨ་ནཱི་ མདང་ཞག་ནཱ་ལྷོད་དེ་ ཁྱོད་ཀྱིས་ཇ་བྱིནམ་ད་ལུ་ སྦྱང་ནག་ཨ་པ་གཅིག་དང་ ཨ་མ་གཅིག་འོང་ཡི་ཟེར་ ཕོརཔ་ནང་འཛུལ་བར་འོང་ཡི་ཟེར་ ཕོརཔ་གི་ཁ་ལུ་འོང་སྦེ་ སྦྱང་ནག་ཨ་པ་གིས་ འཛུལ་ནི་འཛུལ་ནི་ཟེར་སླབ་མས་ཟེར་ སྦྱང་ནག་གིས་ མ་འཛུལ་ཟེར་ སླབ་དེས་ཟེར་ འཛུལ་རང་འཛུལ་ནི་ཟེར་ སླབ་དེས་ཟེར་ ལྟ་མ་འབདཝ་ད་ ཤི་ཡི་ཟེར་ འཛུལ་ཏེ་ཤི་ཡི་ཟེར།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ཤིཝ་ད་ལུ་ ཁྱོད་ད་ཅི་ལས་རང་ མ་འཛུལ་ཟེརནི་ཉན་མ་བཏུབ་ ད་ཤི་ཡི་ཟེར་ སྔུཝ་མས་ཟེར་ དེ་འབདཝ་ད་ང་བགའ་དགོཔ་ཐོན་སོ་ཡི་ ཟེར་སླབ་སླབ་མས་ འ་ནེ་ཅིག་བཤད་ཚརཝ་ཅིག་ དུང་་་་་་་བཏང་གས་མས་ལོ་ དེ་འབདཝ་ད་ལུ་ དུ་རུ་རུ་་་་་་་་་འབདཝ་ད་ལུ་ འོང་མས་ལོ་སྨེ་ བླ་མ་མཁྱེན་ནོ་ མིག་ཏོ་ཕུད་ཏ་གང་ཐོན་ ཁ་ཙེའི་གང་བརྒྱང་སྟེ་འོང་མས་ལོ་སྨེ་ བླ་མ་མཁྱེན་ནོ།
  • ཆོས་འཛོམས་ Chozom
    སྦུལ་ ཤང་ཤང་བཏང་་་་་་འོང་དོ་མས་ཏེ་ དེ་འབདཝ་ད་ ཁོ་ཟ་ནི་འབད་ ད་སླབ་ཅི་ཟེར་ དེ་འབདཝ་ད་ལུ་ ཁོ་གིས་རྟ་གུ་རྟས་ལྕག་ཏང་བཏང་བླུགསཔ་ཅིག་ རྟ་གིས་གནམ་ཁ་ལས་ཡར་འཕུར་དོ་མས་ཏེ་ ཁོ་གིས་རྟ་གིས་ཡང་ གནམ་ཁ་ལས་འཕུར་འགྱོ་ ཁོ་སྦུལ་རྟིང་བདའ་སྟེ་ ཤང་ཤང་བཏང་འོང་ ཁོ་ཧེ་མ་རྟ་གུ་ཆིབས་ཏེ་འགྱོ་འབདཝ་ད་ལུ་ ལྟ་མ་འབདཝ་ད་ ཁོང་ཆ་ཁྱབ་ཡེངས་ཏེ་ དེ་སྦེ་ཡར་བལྟ་ནི་དེ་གིས་ ཁོ་དང་སྦུལ་ལུ་བལྟ་སྟེ།
  • ཆོས་འཛོམས་ Chozom
    ནཱ་ཁའི་ནང་ལུ་ སྦྱང་ནག་གི་སྒོང་རྡོག་རང་བུད་ནུག་ ཟེར་ཨིན་པས་ལོ་ཏེ་ དེ་ལས་ འགྱོ་སྟེ་ ཕར་ལྷོདཔ་ད་ ཕུ་བརྒལ་ཏེ་ ཕུ་དགུ་དེ་རེ་བརྒལ་ཏེ་ འབག་དོ་མས་ཏེ་ཁོ་འདི་ ཕར་ལྷོདཔ་ད་ལུ་ དེ་ལས་མ་འོང་ཟེར་ཨིན་པས་སྦུལ་འདི་ སང་ས་ཡར་སོང་ཡི་ཟེརཝ་མས་ལོ་ ཐང་ཆད་དེ་ཤི་ཤིཝ་འདྲས་མེན་ན་ཏེ་ཁོ།
  • ཆོས་འཛོམས་ Chozom
    དེ་ལས་ ག་དེ་སྦེ་ཨིན་ན་ད་མ་འོང་ཟེར་ བལྟ་བར་འགྱོ་འགྱོཝ་མས་ཏེ་ཁོ་ལོག་སྟེ་ རྟ་ལུ་སླབ་སྦེ་ ལོག་བལྟ་བར་འགྱོཝ་ད་ལུ་ ཤིང་ཨ་ནཱི་སྦེ་འབད་མི་གཅིག་འདུག་ ཟེར་ཨིན་པས་ལོ་ འ་ནཱི་ཤིང་གུ་ཤབ་བཏང་འགྱོ་ནུག་ ཟེར་ཨིན་པས་ལོ་ ཐོགས་ཏེ་ དེ་ལས་ ར་གི་མཇུག་མ་ཁོ་ར་འབད་སར་སྡོད་ཡོད་མེན་ན་ཏེ་ ད་ཨའེ་འ་ནེ་ཅིག་ཤེས་ནི་མཐོང་ནི་བཟོ་མི་འདི་ ཁོ་གི་བཀའ་དྲིན་ཨིན་ང་ཟེར།
  • ཆོས་འཛོམས་ Chozom
    ད་དུམ་གྲ་ཅིག་འདི་ དེམ་འབད་དགོཔ་འདྲས་ཟེར་ ལོག་ལྷོང་དགོཔ་འདྲས་ཟེར་ དེ་བསྒང་ལུ་ མིག་ཏོ་གཉིས་ཡང་མིན་འདུག་ཟེརཝ་མས་ལོ་ དེ་ལས་ ཨོ་ལ་ཨ་པ་དང་ ཨའི་གཅིག་འདུག་ཟེར་ཨིན་མས་ལོ་ ཨོ་ལ་ཨ་པ་གཅིག་ཨའི་གཅིག་གིས་ ཁོ་གིས་ཧ་གོ་དོ་མས་ཏེ་ བློ་སླབ་མས་ལོ་ སྦུལ་གི་མིག་ཏོ་འདི་ ང་བཅས་གཉིས་ཀྱིས་ བཏོན་ཟ་ཡི་སྨོ་ ཟེར་སླབ་མས་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    ཟ་ཡི་སླབ་མས་ལོ་ དེ་འབདཝ་ད་ ཁོང་གཉིས་དེ་སྦེ་བློ་སླབ་ད་ལུ་ ཁོ་རྣམ་ཅོ་ཉན་ཉན་མས་ཏེ་ད་རུང་ དེ་ལས་ དེ་སྦེ་ཉནམ་ད་ལུ་ དེ་ལས་ ཁོ་གིས་ ཨཱ་ད་ཁོ་འདིནི་ དེ་སྦེ་ཡར་སོང་ནུག་ད་ ཧེ་མ་ཁོ་གི་བཀའ་དྲིན་ཨིན་ཟེར་ ར་གི་མཇུག་མ་དཀརཔོ་ཚང་ཚང་བཏང་འབད་འབདཝ་མས་ལོ་ཏེ་ཁོ་གིས།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ལུ་ ཧོ་་་་ཟེར་ལོང་མས་ལོ་སྨེ་ད་རུང་ སྐད་རང་གནམ་མེད་ས་མེད་རྐྱབ་སྟེ་ ཨའོ་ད་རུང་ང་དུས་སྐྱིད་པ་མི་བཞག་ནི་མས་ ང་ཟ་ནི་མས་ཟེར་ ད་རུང་ར་གི་མཇུག་མ་གནགཔོ་གིས་ ཚང་ཚང་བཏང་འབད་བཞག་བཞགཔ་ཨིན་ལོ་ དེ་ལས་ སྦུལ་ཤི་སྟེ་ལུས་དོ་མས་ཏེ་ནཱ་རང་ཞོབ་བཏང་འགྱོ་ཡི་ལོ་ དེ་ལས་ལོག་འགྱོ་དོ་མས་ཏེ་ ལོག་འགྱོཝ་ད་ལུ་ ཁྱོད་ཀྱིས་ང་ག་ཏེ་ཡང་བཞག་མ་བཏུབ་ཟེར།
  • ཆོས་འཛོམས་ Chozom
    ང་དེ་སྦེ་ཨིན་ཟེར་ ད་ཁྱོད་ཀྱིས་ཤེས་ཅི་ག་ཟེར་ ང་དེ་སྦེ་ཡོད་ནི་དེ་གིས་ ཁྱོད་སླབ་མ་ཚུགས་པར་སྡོད་སྡོདཔ་ཨིན་ ཟེར་སླབ་སླབ་མས་ཏེ་ ཨམ་སྲུ་ལུ་ ང་འདི་གིས་འབད་དེ་ཨིན་ཟེར་ དེ་འབདཝ་ད་ཁའི་ནང་ སྦྱང་ནག་གིས་སྒོང་རྡོག་རང་བུད་ནུག་ ཟེར་ཨིན་པས་ལོ་མོ་གི་ཁའི་ནང་ དེ་ལས་ནཱ་ལུ་རྒྱལ་པོའི་རྨགཔ་འབད་ལེགས་ཤོམ་སྦེ་ལུས་ཡོདཔ་མས་ཏེ་ སྤྱང་ཀའི་ཨ་ལོ་འབད་རུང་ཁོ་ ལེགས་ཤོམ་སོང་ཡོདཔ་ འ་ནེ་ཅིག་དང་ཕུ་འབད་བ་ཅིན་གཏམ་ ད་ལྟོ་འབད་བ་ཅིན་སྲུང་།། །།