Skip to main content Skip to search
21 Jun 2018
12 min 45 sec
Ariana Maki
Video Overview
Creators: 
Yeshi Wangchuk, Dorji Nima

The culture of storytelling was popular among all villagers as a form of entertainment in the past. This particular story was narrated by Chozom from Tali village in Zhemgang Dzongkhag. She learned the story from her father as a child. The story is about two best friends: one was poor and the other was rich. The rich boy, being greedy, desired to get all the poor boy’s wealth by killing him. Unfortunately, it seems the boy lost his soul in his attempt to conquer the poor boy.

དང་ཕུགས་ས་སྤྲོ་སྟོན་གྱི་ལས་རིམ་ཚུ་ ག་ནི་ཡང་མེད་པའི་སྐབས་སུ་ ཕམ་དང་ཨ་ལུ་ཚུའི་བར་ན་ ཕྱི་རུ་སྲུང་བཏང་ནི་འདི་ གནམ་མེས་ས་མེད་ ཡོང་གྲགས་ཅན་ཅིག་ཨིན་པས། ད་ལྟོའི་སྲུང་འདི་ གཞལམ་སྒང་རྫོང་ཁག་ རྟ་ལི་གཡུས་ཚན་ལས་ ཆོས་འཛོམས་ཀྱིས་བཏངམ་ཨིནམ་ད་ མོ་གིས་་ སྲུང་འདི་ མོ་ར་ཆུང་ཀུ་སྦེ་སྡོད་པའི་སྐབས་ ཨ་པ་ལས་སྦྱངས་ཡོདཔ་ད་ སྲུང་འདི་ཡང་ ཆ་རོགས་ཕྱུགཔོ་ཅིག་དང་ སྤྱང་ཀ་ཅིག་གི་སྐོར་ལས་ཨིན་པས། ཏེ་ཕྱུགཔོ་གི་བུཚ་འདི་ འདོདཔ་ཆེ་དྲགས་འབདཝ་ལས་ སྤྱང་ཀའི་བུཚ་འདི་གསད་ཞིནམ་ལས་ ཁོ་གི་རྒྱུ་ནོར་ཚུ་ ག་ར་འཕྱོག་ནི་གི་མནོ་བསམ་བཏང་བའི་སྐབས་ བསམ་པ་ངན་པའི་དབང་གིས་ ཁོ་ར་ཤི་སོངཔ་ཨིན་པས། 

Transcript search
No results found for this search
0 of 0
  • ཆོས་འཛོམས་ Chozom
    དང་ཕུ་འབད་འབདཝ་མས་ ད་ལྟོ་འབད་འབདཝ་མས་ དང་ཕུ་ སྤྱང་ཀའི་བུཚ་དང་ ཕྱུག་པོའི་བུཚ་ཅིག་སྡོད་སྡོདཔ་མས་ཁོང་གཉིས་ཆ་རོགས་འབད་ དེ་ལས་ ང་བཅས་གཉིས་ད་ བ་སྒྲུབ་པར་འགྱོན་ན་ ཟེར་སླབ་སླབ་མས་ཏེ་ བ་སྒྲུབ་པར་འགྱོ་གེ་ཟེར།
  • ཆོས་འཛོམས་ Chozom
    བ་ཉོ་བར་འགྱོ་དོ་མས་ཏེ་ཁོང་གཉིས་ད་ དེ་འབདཝ་ད་ སྤྱང་ཀའི་བུཚ་འདི་ འགྱོཝ་ད་ལྟོ་མཛར་ག་ནི་ཡང་འབག་ནི་མེད་པར་ ཀེབ་ཏ་ཕུད་རྡོག་གསུམ་འབག་འགྱོ་འགྱོཝ་མས་ དེ་ལས་ ཕྱུག་པོའི་ཨ་ལོ་འབད་བ་ཅིན་ ལྟོ་བང་ཅུང་ནང་སྤུར་ཏེ་ ཕག་ཤ་སྤགས་བཀལ་ ལྟོ་གཡུས་ཆུམ་གྱི་ལྟོ་བཟོ་སྟེ་ འབག་འབགཔ་མས་ཏེ།
  • ཆོས་འཛོམས་ Chozom
    འགྱོ་འགྱོཝ་མས་ ལམ་ཁར་ལྷོད་ལྷོདཔ་མས་ཁོང་གཉིས་ ལམ་ཁར་ལྷོདཔ་ད་ལུ་ ཟ་ནི་འབདཝ་ད་ ཁོ་གི་ཀེབ་ཏ་འདི་ རྦབ་རིལ་འགྱོ་འགྱོཝ་མས་ཏེ་ ཀེབ་ཏ་རྦབ་རིལ་འགྱོ་སྦེ་ ཀེབ་ཏ་རྦབ་རིལ་འགྱོ་སྟེ་ ཀེབ་ཏ་བདའ་འགྱོ་བའི་ལམ་ཁར་ མར་ཨ་རྒས་ཅིག་ཨང་རྒས་ཅིག་གི་ཁྱིམ་ནང་ལྷོད་ལྷོདཔ་མས་ཏེ་ སྤྱང་ཀའི་བུཚ་འདི།
  • ཆོས་འཛོམས་ Chozom
    ཁོ་འདི་ལམ་ཁར་རང་ལུས་ལུཝ་མས་ དེ་ལས་ལུས་སྦེ་ དེ་ལས་ཨ་རྒས་དང་ཨང་རྒས་ཀྱིས་ ཨ་རྒས་དང་ཨང་རྒས་གཉིས་མིག་ཏོ་གཉིས་ཆ་རང་མིན་འདུག་ཟེརཝ་མས་ལོ་ མིག་ཏོ་གིས་མ་མཐོང་པས་ལོ་ཁོང་གཉིས་ དེ་ལས་མིག་ཏོ་གིས་མ་མཐོང་པར་ ཁོ་ལྷོདཔ་ད་ལུ།
  • ཆོས་འཛོམས་ Chozom
    ཨ་ནཱི་ག་ར་ཁ་གིས་སླབ་དེས་ཟེརཝ་མས་ལོ་ སྦི་འཁྱབ་རེད་བརྡུང་པར་འབག་ཤིག་ཟེརཝ་མས་ལོ་ སྦི་འཁྱབ་ཀྱིས་རེད་བརྡུང་པར་འབག་མས་ཟེརཝ་མས་ལོ་ དེ་ལས་ བརྡུང་ཤིག་ལག་ལྷི་ཟེརཝ་ད་ལུ་ ལག་ལྷིའུ་གིས་བརྡུང་མས་ཟེརཝ་མས་ལོ་ དེ་ལས་འཁྱབ་ཤིག་སྦི་འཁྱབ་ ཟེརཝ་ད་ལུ་ སྦི་འཁྱབ་ཀྱིས་འཁྱབ་མས་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ ཁྱིམ་ནང་འབག་ཤོག་ཟེརཝ་ད་ལུ་ འབག་མས་ཟེརཝ་མས་ལོ་ ད་བཙོ་ཤིག་ཟེརཝ་ད་ལུ་ ཆུ་བཀལ་ཤིག་ཟེརཝ་ད་ལུ་ ཀ་ལ་གིས་ཆུ་བཀལཝ་མས་ཟེར་མས་ལོ་ ག་ར་དེ་སྦེ་ཁ་བཤད་རྐྱབ་སྟེ་ ཚོདམ་བཙོ་ཤིག་ དེ་སྦེ་འབད་ཤིག་ ཟེར་སླབ་སྟེ་ དེ་ལས་ ལྟོ་གདོང་ཁར་སྐྱེལ་ཤིག་ཟེརཝ་ད་ སྐྱེལ་བྱིན།
  • ཆོས་འཛོམས་ Chozom
    དེ་སྦེ་ཨིན་པས་ལོ་ ཟ་ནི་ག་ར་ དེ་འབདཝ་ད་ཁོ་གིས་ ཨང་རྒས་ཀྱིས་ཚོདམ་བླུགསཔ་མས་ལོ་ མེས་མེས་གིས་ལྟོ་བླུགསཔ་མས་ལོ་ དེ་ལས་ མེས་མེས་གིས་བླུགས་མི་ཚོདམ་ཁོ་གིས་ལེན་ དེ་ལས་ ཨང་རྒས་ཀྱིས་ལྟོ་བླུགས་མི་ཁོ་གིས་ལེན་ ཁོ་གིས་ཟ་ནུག་མེན་ན་བར་ན་ལུ་ ཕྱེ་འཐག་འཐག་ཟ་སྦེ་ དེ་ལས།
  • ཆོས་འཛོམས་ Chozom
    ག་ཏེ་ཁྱོད་ཀྱིས་ ང་ལུ་ཚོདམ་མ་ལྷོད་སླབ་དོ་མས་ཏེ་ ག་ཏེ་ཁྱོད་ཀྱིས་ང་ལུ་ལྟོ་མ་སྐྱེལ་ཟེར་སླབ་དོ་མས་ཏེ་ དེ་འབདཝ་ད་ ཁོང་རང་གཉིས་འཐབ་དོ་མས་ དེ་འབདཝ་ད་ ནཱ་ལུ་མི་གཅིག་འདི་འདུག་རང་འདུག་ས་ ང་བཅས་གཉིས་ལྟོ་ཟ་མ་བཅུག་མི་ ང་བཅས་གཉིས་ཀྱི་ལྟོ་ཟ་མི་ཟེར་ འཚོལ་དོ་མས་ཏེ་ ལགཔ་གིས་ཐོབ་ཐོབ་མས་ འཚོལཝ་ད་ ཁོ་འཕྱད་དོ་མས་ཏེ་ཐོབ་སྟེ་ དེ་འབདཝ་ད་ ང་ཨིན་ཨ་རྒས་དང་ཨང་རྒས་ ཟེར་སླབ་སླབ་མས་ཏེ་ དེ་ལས་ ཁྱོད་ག་སྨོ་ཟེར་སླབ་སླབ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ ང་བ་སྒྲུབ་པར་འོངམ་ཨིན་ བ་སྒྲུབ་པར་འོངམ་ད་ ངེའི་ཀེབ་ཏ་རྦབ་རིལ་འོང་སྟེ་ ནཱ་ལུ་འོངམ་ད་ ཁྱོད་གཉིས་ཀྱི་ཁྱིམ་ནང་ལྷོད་ཅི་ ཟེར་སླབ་སླབ་མས་ དེ་ལས་ ཁྱོད་གཉིས་ཀྱི་ལྟོ་ང་གིས་ཟ་ཡི་ ཟེར་སླབ་སླབ་མས་ཏེ་ ཕྲང་སྟེ་སླབ་སླབ་མས་ཁོ་གིས་ དེ་ལས་ ད་ཁྱོད་གཉིས་ཀྱི་ནོར་འཚོ་སྟེ་ ང་སྡོད་གེ་ ཟེར་སླབ་སླབ་མས་ཏེ་ ཁོང་གཉིས་ལུ་བ་ལེ་ཤ་ཡོད་དོ་མས་ཏེ།
  • ཆོས་འཛོམས་ Chozom
    རྒྱ་ཚ་རྒྱ་ཚམོ་མ་འདྲཝ་སྦེ་ དེ་ལས་ སླབ་དོ་མས་ཏེ་ཁོ་གིས་ ད་ང་ནོར་འཚོ་བར་འགྱོ་གེ་སྨ་རེད་ ཟེར་སླབ་སླབ་མས་ འགྱོ་འགྱོཝ་མས་ཏེ་ཁོ་ ནོར་འཚོ་བར་འགྱོ་ དེ་ལས་ སྲིན་པོའི་སྦོ་ལོགས་ཁར་འཚམས་ཅིག་སྡོད་སྡོདཔ་མས་ཁོ་ དེ་འབདཝ་ད་སྲིན་པོའི་ལོ་ཐོག་ནང་ནོར་བཏང་བཏངམ་མས་ཁོ་གིས་ ནོར་བཏང་སྦེ་ དེ་ལས་སྲིན་པོ་ཙིགཔ་ཟ་སྟེ་ འོང་འོངམ་མས་སྨ་རེད་ དེ་ལས་ཁོ་སྲིན་པོ་གིས་ ཁོ་ར་བཟུང་སྟེ་འབག་འབགཔ་མས་ཏེ།
  • ཆོས་འཛོམས་ Chozom
    བཟུང་འབག་སྟེ་ ཟ་ནི་འབད་དོ་མས་ཏེ་ཁོ་ ཟ་ནི་འབདཝ་ད་ དེ་ལས་ཁོ་གིས་ གནམ་མེད་ས་མེད་གནས་སྐབས་བཏོན་ཏེ་ དེ་ལས་ སྲིན་པོ་འདི་ཚུ་དོང་གནམ་མེད་ས་མེད་བརྐོ་སྟེ་ ཕར་དང་ཚུར་ཟས་བཀྲམ་སྟེ་ ཁྱོད་ཚུ་ཕར་ཚུར་མཆོང་སྟེ་ ཟ་ཤིག་ཟེར་ འདི་ཚུ་ཁྱོད་ར་ཐོབ་པ་ཅིན་ ཟ་ནི་ཨིན་ཟེར་ མཆོང་བཅུག་བཅུགཔ་ཨིན་ལོ་མེན་ན་ཏེ་ དེ་ལས་ཁོ་གིས་ སྲིན་པོ་འདི་ཚུ་ག་ར་ དོང་ནང་དུ་རུ་རུ་བསད་དེ་ སྲིན་པོ་ག་ར་བསད་བཞག་ནུག་ཏེ་ཁོ་གིས།
  • ཆོས་འཛོམས་ Chozom
    བསད་སྦེ་ ཁོ་སངས་རྒྱས་བཟུམ་ཅིག་སྡོད་སྡོདཔ་མས་དུམ་གྲ་ཅིག་ དེ་ལས་བསད་བཞག་སྦེ་ དེ་ལས་ ཁོ་ཅ་ལ་སློང་བལྟཝ་ད་ལུ་ ཁྱོད་གཉིས་ཀྱིས་མིག་ཏོ་ག་དེ་སྦེ་འབད་ཡི་ཟེརཝ་ད་ལུ་ མིག་ཏོ་སྲིན་པོ་གིས་བཏོན་འབག་ཡི་ཟེར་སླབ་ནུག
  • ཆོས་འཛོམས་ Chozom
    ཨ་རྒས་དང་ཨང་རྒས་ཀྱིས་ དེ་ལས་ སྦ་ཀུར་(ཚར་གི་ཧོད་ཅིག) ནང་ལུ་ཁོང་གཉིས་ཀྱི་མིག་ཏོ་བཙུགས་བཞག་སྟེ་འདུག་ལོ་ སྲིན་པོའི་ཁྱིམ་ནང་ དེ་ལས་ འབག་འོང་སྦེ་ ཨང་རྒས་དང་ཨ་རྒས་ ད་ཁྱོད་གཉིས་ཀྱི་མིག་ཏོ་འབག་འོང་ཡི་སྨེ་ཟེར་ ད་ཁྱོད་གཉིས་ལས་ འགོ་དང་པ་རང་མིག་ཏོ་ག་ལུ་བཙུགས་བྱིན་ནི་སྨོ་ཟེརཝ་ད་ མེས་མེས་གིས་ ང་ལུ་བཙུགས་གནང་ཟེར་ ཨང་རྒས་ཀྱིས་ ང་ལུ་བྱིན་གནང་ཟེར་སླབ།
  • ཆོས་འཛོམས་ Chozom
    ང་ གཡོག་འ་ནཱི་འབད་ནི་ཡོད་ཟེར་ མེས་མེས་གིས་འབད་བ་ཅིན་ ང་འདི་འབད་ནི་ཡོད་ཟེར་ སླབ་ནུག་མེན་ན་ཏེ་ དེ་ལས་ ཧེ་མ་མེས་མེས་གིས་བྱིན་གེ་སྨ་རེད་ཟེར་ མེས་མེས་གི་གཅིག་བཙུགས་ནུག་ མཐོང་མས་ག་མེས་མེས་ཟེརཝ་ད་ལུ།
  • ཆོས་འཛོམས་ Chozom
    ཡ་བླ་མ་མཐོང་མས་སྨ་རེད་མཐོང་མས་སྨ་རེད་འཛམ་བུ་གླིང་གི་ ས་ག་ར་མཐོང་མས་སྨ་རེད་ཟེར་ བླ་མ་མཁྱེན་ནོ་ ཟེར་སེམས་དགའ་སྟེ་ མེས་མེས་སེམས་དགའ་ནུག་ཏེ་ དེ་ལས་ ཨང་རྒས་ཀྱི་གཅིག་བཙུགས་ནུག་མེན་ན་ཏེ་ ཨང་རྒས་ལུ་མཐོང་མས་ག་ཟེརཝ་ད་ མཐོང་མས་མཐོང་མས་སྨ་རེད་ དི་བུ་ཟེར།
  • ཆོས་འཛོམས་ Chozom
    སེམས་དགའ་སྟེ་ དེ་ལས་ གཉིས་ཆ་ར་བཙུགས་སྦེ་ ཁོ་གིས་མིག་ཏོ་བཙུགས་ཏེ་བཞག་ནུག་མེན་ན་ཏེ་ མིག་ཏོ་བཙུགས་སྦེ་ ཨ་རྒས་དང་ཨང་རྒས་ལེགས་ཤོམ་སྦེ་བཟོ་བཞག་ དེ་ལས་ཁོ་ དེ་ལས་ཁྱོད་ལུ་ག་ཅི་དགོ་ནི་ ང་བཅས་གཉིས་ཀྱི་མིག་ཏོ་གི་བཀའ་དྲིན་དགའ་ཚོར་ཁྱོད་ལུ་ག་ཅི་དགོ་ནི་ཟེརཝ་ད་ ག་ནི་ཡང་མི་དགོ་ ཟེར་སླབ་ནུག་ཁོ་གིས།
  • ཆོས་འཛོམས་ Chozom
    དེ་ལས་ ནོར་ག་ར་ཁྱོད་འབག་སོང་ཟེར་ ང་བཅས་ལུ་མི་དགོ་བ་ ཁྱོད་ར་འབག་ཤིག་ཟེར་ འབག་བཅུག་ནུག་ཏེ་ཁོ་ དེ་འབདཝ་ད་ བ་འཁྱིད་སྦེ་འགྱོ་ནུག་ཏེ་ ནོར་རུ་ཁག་གཅིག་འཁྱིད་དེ་འགྱོ་ནུག་ཏེ་ རྒྱ་ཚ་རྒྱ་ཚམོ་བླ་མ་མཁྱེན་ནོ་ ཁོ་གནམ་མེད་ས་མེད་འཁྱིད་དེ་འགྱོཝ་ད་ མཛརཝ་ཟ་སར་ ཀེབ་ཏ་རྦབ་རིལ་འགྱོ་སར་ལྷོད་དོ་མས་ཏེ་ཁོང་གཉིས།
  • ཆོས་འཛོམས་ Chozom
    དུས་སྟབས་འ་ནཱི་བཞག་བཞགཔ་མས་ཏེ་ འདྲན་འདྲ་ལྷོད་ནི་གི་ དེ་འབདཝ་ད་ ཁོ་གིས་རྒྱ་བ་ཀ་ཀ་ལ་ཀི་ཀི་ལི་ འཁྱིད་དེ་འོང་མས་ཟེརཝ་མས་ལོ་ཁོ་འབད་བ་ཅིན་ དེ་ལས་སྤྱང་ཀའི་བུཚ་གིས་ རྒྱ་ཚམོ་ཙང་ཙ་ཡོད་དོ་མས་ཏེ་ དེ་ལས་གཅིགཔོ་ངལ་མ་རངས་པས་ཏེ་ ཕྱུག་པོ་ད་རུང་ གནམ་མེད་ས་མེད་ངལ་མ་རངས་པར་ ཁོང་ཕྱི་རུ་འབདཝ་ད་ ཁོང་གཉིས་ ཉལ་བར་ལྷོད་དོ་མས་ཏེ་ སྒར་བཅགས་ཏེ།
  • ཆོས་འཛོམས་ Chozom
    ཉལ་བར་ལྷོདཔ་ད་ལུ་ ཤིང་གནམ་མེད་ས་མེད་སྤུངམ་མས་ཟེརཝ་མས་ལོ་ ཁོ་གི་ཆ་རོགས་ཀྱིས་ ཛའི་ག་དེམ་ཅིག་ཤིང་རང་སྤུངམ་སྨོ་ཁྱོད་ ཟེར་སླབ་དོ་མས་ཏེ་ ད་ང་བཅས་གཉིས་ཕྱི་རུ་ཞག་གཅིག་མེ་འཕུ་སྟེ་སྡོད་ནི་ཨིན་ ཟེར་སླབ་དོ་མས་ཏེ་ དེ་ལས་ ཁྱོད་མེ་གི་རྩ་བར་ཉལ་ཤིག་ ང་ནཱ་ཁ་ཐུག་ཉལ་གེ་ ཟེར་སླབ་མས་ཟེརཝ་མས་ལོ་ སྤྱང་ཀའི་བུཚ་འདི་མེ་ཁ་ཐུག་ཧེན་དོ་མས་ཁོ་གིས།
  • ཆོས་འཛོམས་ Chozom
    དེ་ལས་ ཉལ་ཉལཝ་མས་ཏེ་ ཉལ་སྦེ་ལྟ་མ་ནུབ་མོ་འབདཝ་ད་ ཁོ་གཉིད་ཟིམ་ཟིམ་བཏང་ལོག་དོ་འདྲས་མེན་ན་ཁོ་ སྤྱང་ཀའི་བུཚ་ དེ་བསྒང་ལསན་ ཁོ་མེ་ཁ་ཐུག་རོག་བཏང་འཕུལ་བཏང་མས་ལོ་སྨེ་ དེ་འབདཝ་ད་ ལྟ་མ་འབདཝ་ད་ དབའེ་ལྟོ་ཚང་ ཁྱོད་ཀྱིས་ང་མེ་ནང་འཕུལ་བཀོ་དེས་མེན་ན་ ཟེར་སླབ་ད་ འེང་ང་རྨི་ལམ་མཐོང་དོ་མས་ ང་རྨི་ལམ་མཐོང་སྟེ་ མ་འདྲཝ་ཅིག་འབད་ཡི་ ཟེར་སླབ་དོ་མས་ཏེ་གཅིག་གིས།
  • ཆོས་འཛོམས་ Chozom
    ལྟ་མ་ལས་ གཉིད་ལོག་སོང་ནུག་ཏེ་ཁོ་ འ་ནེ་ཅིག་འབད་དེ་ གཉིད་ལོག་སོང་ནུག་ཏེ་ གཉིད་ལོགཔ་ད་ལུ་ ཡར་འཐུཝ་ཅིག་མེ་ནང་གཡུག་བཀོ་སྦེ་ དེ་ལས་ཁོ་ཕྱེ་འཐག་འཐག་མེ་བཏང་ད་ནུག་ཏེ་ སྤྱང་ཀའི་བུཚ་འདི་ དེ་ལས་ ཕྱེ་འཐག་འཐག་མེ་བཏང་སྦེ་ ནངས་པར་དྲོ་པ་འབདཝ་ད་ བ་ཐོབ་ཅི་སྨ་རེད་ཟེར་ སེམས་དགའ་སྟེ་ ནོར་རུ་ཁག་གཅིག་འཁྱིད་སྦེ་འགྱོ་དོ་མས་ཏེ་ ཁོ་གི་གདོང་ཁར་ནོར་བཙུགས་ཏེ་ དེ་ལས།
  • ཆོས་འཛོམས་ Chozom
    བ་རྒྱ་ཚམོ་གཅིག་གིས་ རྩ་ལས་རང་འགྱོ་མ་བཏུབ་དོ་མས་ ག་དེམ་ཅིག་རང་འབད་རུང་ ག་དེམ་ཅིག་རང་བདའ་རུང་མི་ཉན་དོ་མས་ཏེ་ མ་ཉན་པར་དེ་ལས་ ག་དེ་སྦེ་ཨིན་ན་ད་ཟེར་ དེ་འབདཝ་ད་ལུ་ ལྟ་མ་ལོག་འགྱོ་སྟེ་ ཕར་ཁོ་གི་ཐལཝ་གུ་མི་མེ་བཏང་སའི་ཐལཝ་ཡོད་སར་འགྱོ་སྟེ་ དེ་ལས་ཁམ་ཏོ་གསུམ་ལྕེ་བལྡག་ཡི་ཟེརཝ་མས་ལོ་ ཨ་ནཱི་ཐལཝ་ཁམ་ཏོ་གསུམ་བལྡག་སྦེ་ དེ་ལས་ བསམ་པ་རྫོགས་ཏེ་ འགྱོ་ཡི་ཟེརཝ་མས་ལོ་རྒྱ་ཚམོ་གིས།
  • ཆོས་འཛོམས་ Chozom
    དེ་ལས་འགྱོ་སྦེ་ ལམ་ཁར་ཁྱིམ་ནང་མ་ལྷོདཔ་ཅིག་གི་ལམ་ཁར་ ཕོཝ་ཐོན་ནུག་ཏེ་ དེ་ལས་ བོའུ་ཅུང་འཚའ་ནུག་ཏེ་ དེ་བསྒང་སྤྱང་ཀའི་བུཚ་འཚའ་ནུག་ཏེ་རྒྱ་ཚམོ་དེ་གིས་ ངོ་མ་རང་ཆ་རོགས་ ཁོ་རའི་ཆ་རོགས།
  • ཆོས་འཛོམས་ Chozom
    འཚའ་སྦེ་ དེ་ལས་ཏེ་ ཁོང་གཉིས་ད་རུང་ཆ་རོགས་འབད་འགྱོ་ནུག་ འགྱོ་སྟེ་ཕྱི་རུ་འབདཝ་ད་ དེ་ལས་ ད་རུང་ཕྱི་རུ་གཅིག་ལུ་ལྷོདཔ་ད་ ཁོ་གིས་སྤུང་དོ་མས་ཏེ་ཤིང་ སྤྱང་ཀའི་བུཚ་གིས་ ཤིང་སྤུང་ནུག་སྨེ་ དེ་ལས་ དེ་ལས་ ལན་ལོག་རྐྱབ་ནི་སྦེ་ཨིན་པས་ཏེ་ཁོ་གིས་ དེ་ལས་ཤིང་སྤུངས་ཏེ།
  • ཆོས་འཛོམས་ Chozom
    ད་རུང་ཁོ་བཟུམ་སྦེ་རང་འབད་ནུག་ཁོ་གིས་ཡང་ ཨཱ་ཁོ་བཟུམ་སྦེ་རང་འབད་ ཨཱ་དེ་ལས་ མེ་ནང་བཀོ་བཏང་སྟེ་ མེ་བཏང་ད་ནུག་ཁོ་གིས་ མེ་བཏང་སྦེ་ ད་རུང་ནངས་པར་དྲོ་པ་ཁོ་གི་རྒྱ་བ་ཡང་བདའ་སྦེ་འགྱོ་དོ་མས་ཏེ་ ཁོ་ཡང་འགྱོཝ་ད་ དེ་ལས་ཏེ་ ལྟ་མ་འབདཝ་ད་ རྒྱ་བ་ཀི་ཀ་ལི་གཅིག་གིས་ རྩ་ལས་རང་འགྱོ་མི་བཏུབ་པས་ལོ་ཁོ་གི་ཡང་ ཉན་མ་བཏུབ་པར་ ལྟ་མ་འབདཝ་ད་ ཐལཝ་ ཁོ་གི་ཨ་ནཱི་ ཐོདཔ་གཞི་ཨ་ནཱི་ཁམ་གསུམ་བལྡག་སྦེ་འགྱོ་དོ་མས་ཏེ་ འགྱོ་སྦེ་ལྟ་མ་ལམ་ཁར་རང་འཚའ་ཡི་ལོ་ཏེ་ བོའུ་ཅུང་ད་རུང་།
  • ཆོས་འཛོམས་ Chozom
    བོའུ་ཅུང་འཚའ་སྦེ་ དེ་ལས་ ལྒང་ཕུ་གཅིག་ ཁ་གཅིག་ ཁ་གཅིག་འབད་ མར་ཁ་ཐུག་ག་ར་ལྒང་ཕུ་འབད་འཚའ་ནུག་ལོ་ཏེ་ འཐུང་ནི་བཟའ་ནི་རྐྱངམ་ཅིག་འདུག་ཟེརཝ་མས་ལོ་ འདི་ལས་མར་ག་ར་ལྒང་ཕུ་ཨིན་པས་ཟེརཝ་མས་ལོ་ རྐངམ་ག་ནི་ཡང་མེད་པར་ དེ་སྦེ་འཚའ་སྦེ་ དེ་ལས་ ལྒང་ཕུ་ ཁོ་གིས་བཀོ་བཞག་ནུག་མེན་ན་ཏེ་ཁོ་གིས་ ཉི་མ་ཉི་མ་ཁོ་གིས་བཀོ་བཞག་ ཕྱི་རུ་ཕྱི་རུ་ཀྲིག་ཀྲི་ལྷོདཔ་སྦེ་འོང་དོ་མས་ ཨ་ནཱི་ལྒང་ཕུ་གིས།
  • ཆོས་འཛོམས་ Chozom
    དེ་ལས་ ཁོ་ནོར་གྱི་བྱང་ས་བཟོ་སྦེ་སྡོད་ནུག་མེན་ན་ཏེ་ ནོར་འཚོ་སྟེ་ དེ་འབདཝ་ད་ ཨོམ་བཞོ་སྟེ་ ཨོ་ཟོམ་ནང་བླུགས་བཞག་སྦེ་ ཁོ་ར་ནོར་འཚོ་བར་འགྱོ་སྡོདཔ་ད་ ཉི་མ་ཉི་མ་ཁོ་འོང་སྟེ་ ཨོམ་ཕྱེ་འཐག་འཐག་འཐུང་སྦེ་འགྱོ་འོང་ལོ་ཁོ་གིས།
  • ཆོས་འཛོམས་ Chozom
    ཕར་ལས་འོངམ་ད་རང་ ལྒང་ཕུ་ལེབ་ཤིང་ཟེར་ འོང་ལོ་ དེ་བསྒང་འདི་ཁོ་ ཕོཝ་སྟོངམ་ཨིན་པས་ཏེ་ ག་ནི་ཡང་མེད་པར་ ལམ་འགྱོ་ག་མི་འགྱོ་འགྱོ་ཤིག་ ལེབ་ཤེང་ཤེང་བཏང་ཐོན་འོང་ལོ་ ད་རུང་ཨེ་ཁུག་འཛེགས་ག་མ་འཛེགས་ག་ འཛེགས་ཤིག་ལོ་ ལེབ་ཤེང་ཤེང་བཏང་འཛེགས་འོང་ལོ་ སྒོ་ཐེམ་བརྒལ་ག་མི་བརྒལ་ བརྒལ་ད་ ལེབ་ཤེང་ཤེང་བཏང་འོང་ལོ།
  • ཆོས་འཛོམས་ Chozom
    ཨོ་ཟོམ་ཕྱེ་ག་མི་ཕྱེ་ ཕྱེས་ད་ལོ་ཟེརཝ་ད་ བཱག་བཏང་ཕྱེ་འོང་ལོ་ཁོ་གིས་ ཨོམ་འཐུང་ག་མི་འཐུང་ འཐུང་ད་ལོ་ཟེརཝ་ད་ ཨོམ་ཅོབ་ཅོབ་བཏང་ ཁ་བཙུགས་ཞིནམ་ལས་ འཐུང་འོང་ལོ་སྨེ་ འཐུང་སྦེ་ ལྟ་མ་འབདཝ་ད་ ཕོཝ་འགྲངས་འོང་ལོ་སྨེ་ཁོ་ ཕོཝ་འགྲངས་སྦེ་འགྱོ་འོང་ལོ་ཏེ་ ལམ་འགྱོ་ག་མི་འགྱོ་ འགྱོ་ད་ལོ་ ར་ལང་ལང་བཏང་ འགྱོ་འོང་ལོ་ ཨེ་ཁུག་ལས་འབབ་ག་མི་འབབ་ འབབ་ད་ལོ་ ར་ལང་ལང་བཏང་།
  • ཆོས་འཛོམས་ Chozom
    འགྱོ་འོང་ལོ་ དེ་ལས་ ཁོ་རྟག་བུ་རང་ཨོམ་འཐུང་སྟེ་རང་དེ་སྦེ་སྡོད་ནུག་ཏེ་ དེ་ལས་ཁོ་རྒྱབ་ཁ་ལས་ བྱ་ལྟ་ནུག་མེན་ན་ཏེ་ ག་གཅིག་ཨིན་ན་ཨིབ་སྟེ་སྡོད་བལྟཝ་ད་ ཁོ་ཨིན་པས་ཟེརཝ་མས་ལོ་ཏེ་ ཁོ་དེ་སྦེ་འབད་དེ་རང་འགྱོཝ་མས་ཟེརཝ་མས་ལོ་ དེ་ལས་ཁོ་གིས་རྟིང་བདའ་སྟེ་ ཨིབ་ཅི་ཨིབ་ཅི་འགྱོ་ འགྱོ་སྦེ་ དེ་ལས་ ཁོ་གིས་མདའ་རྐྱབ་བྱིན་ནུག་མེན་ན་ཏེ་ མདའ་རྐྱབ་པ་ཅིན་ མདའ་ཁོ་ལུ་རྐྱབ་པ་ཅིན་ ཕར་ལས་ལོག་འོངམ་ད་ ཁོ་ར་ལུ་ཕོགཔ་མས་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་དཔའ་རྟགས་ཀྱིས་ བཏོག་དོ་མས་ དཔའ་རྟགས་ཀྱིས་བཏོན་ཞིན་ན་ དཔའ་རྟགས་ཀྱིས་ བཏོག་པ་ཅིན་ ཕར་ལོག་འོངམ་ད་ ཁོ་ར་གུ་འོང་མས་ཟེརཝ་མས་ལོ་ དཔའ་རྟགས་ཀྱིས་ དེ་བསྒང་ཡ་ཡ་ མི་ལུ་གནོད་ན་རང་ལུ་གནོད་གནོད་ ཟེར་སླབ་མས་ཟེརཝ་མས་ལོ་ ད་རུང་དཔའ་རྟགས་ཀྱིས་བཏོག་རུང་ ཡ་ཡ་མི་གནོད་རང་ལུ་གནོད་གནོད་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    ཁོ་གིས་ དེ་ལས་ ག་ཅི་ཡང་འབད་མ་ཤེས་པར་ ཨོམ་ཉིན་བསྟར་བཞིན་དུ་ཁོ་གིས་འཐུང་ཡི་འབག་སྟེ་ ག་དེ་ཅི་ཡང་ འབད་མ་ཤེས་པར་སྡོད་དོ་མས་ཏེ་ དབུགས་འགམ་ཏེ་ དེ་ལས་ ཁོ་ནངས་པར་འབདཝ་ད་ རྟིང་བདའ་སྟེ་ བལྟ་བར་འགྱོ་དོ་མས་ཏེ་ཁོ་ རྟིང་བདའ་སྟེ་བལྟ་བར་འགྱོ་བ་ཅིན་ ཁོ་ར་སླབ་མས་ལོ་མས་བློ་ ཁོ་གིས་ང་ག་དེ་སྦེ་འབད་རུང་ང་བསད་མི་ཚུགས་ དཔའ་རྟགས་ཀྱིས་བཏོག་པ་ཅིན་ཁོ་ར་ལོག་རྐྱབ་འོང་ མདའ་རྐྱབ་པ་ཅིན་ཁོ་ར་ལུ་ལོག་འོང་།
  • ཆོས་འཛོམས་ Chozom
    ག་དེ་སྦེ་ ཤིང་གི་རྟས་ལྕག་གིས་དྲང་རུང་ ཁོ་ར་ལུ་དྲང་འོང་ཟེར་ ག་དེ་སྦེ་འབད་རུང་ཁོ་ར་ནདཔ་ཐོན་འོང་ཟེར་ ང་འདི་ག་ནི་ཡང་འབད་མི་ཚུགས་ ཁོ་གིས་ཤེས་རང་ཤེས་པ་ཅིན་ ང་ལུ་ཟེར་ ཤོམ་འདབ་ཆག་པ་གཅིག་གིས་འབད་ཞིནམ་ལས་ བརཱང་པང་ཀུ་ཟེར་ འབད་བ་ཅིན་འབདནི་ང་ཤི་འོང་ཟེར་ སླབ་མས་ལོ་ཁོ་གིས།
  • ཚེ་རིང་བཟང་མོ་ Tshering Zangmo
    ཧི་ཧི་ཧི།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ གནས་སྐབས་ག་ར་ཁོ་ར་གིས་སྟོན་བྱིན་ནུག་མེན་ན་ཏེ་ དེ་ལས་ཁོ་ ཏེ་འ་ནེ་ཅིག་འབད་ཉལ་དོ་མས་ཏེ་ཁོ་གཉིད་ལོག་དོ་མས་ཏེ་ ཕོཝ་འགྲངས་ཏེ་ དེ་ཅིག་གི་བར་ན་ ཤོམ་འདབ་ཆག་པ་གཅིག་བཅག་འབག་ཞིན་ན་ ཁོ་གི་སྦོ་ལོགས་ཁར་ལྷོདཔ་ཅིག་ བརཱང་པང་ཀུ་ཟེར་ འགྱོ་འགྱོཝ་མས་ཏེ་ ཤོམ་འདབ་ཕའུ་བཏང་བླུགས་པར་ དེ་འབདཝ་ད་འབདནི་ གནམ་ཁ་ལས་རང་འཕུར་ཡི་ལོ་ཏེ་ཁོ་ ཝ་ར་ར་ར་ར་་་་་་་བཏང་ ཁོ་གི་ཁྱིམ་ཡང་བྱག་གི་སྤྱི་ཏོག་ཁར་སྡོད་ནུག་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་གནམ་ཁ་རང་འཕུར་ཏེ་ པའང་་་་་་་བཏང་གས་འགྱོཝ་ད་ དེ་ལས་རྐྱངམ་ཅིག་ཤིཝ་མས་ལོ་ཏེ་ དེ་ལས་ སྐྱིད་ཏོང་ཏོ་རང་འགྱོ་འགྱོཝ་མས་ལོ་ཏེ་ཁོ་ དང་ཕུ་འབད་བ་ཅིན་གཏམ་ཨིན་པས་ ད་ལྟོ་འབད་བ་ཅིན་སྲུང་ཨིན་པས་ འ་ནེ་ཅིག་ཨིན་པས་ དེ་འབདཝ་ད་ ནོར་ག་ར་ཁོ་ལུ་ལུས་དོ་མས་ དེ་འབདཝ་ད་ ཁོ་རྒྱལ་རྒྱལཝ་མས་ སྤྱང་ཀའི་བུཚ་འདི་ ཁོ་ཕྱུགཔོ་འབད་རུང་རང་ འབད་མ་ཚུགས་པས་མེན་ན་ཏེ་ ཁོ་ལུ་ ཁོ་ར་ང་རྒྱལ་གུ་བཀལ་ནི་དེ་གིས།། །།