Skip to main content Skip to search
21 Jun 2018
1 min 44 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

Once upon a time in a village, there lived two friends, a rich boy and an orphaned boy. They both looked after cattle in the pasture. The rich boy planed to kill the orphan boy, by letting him sleep near the fire. The orphan boy was wounded. The orphan boy had only one cow, which had swallowed all the ashes of the fire; from the cow’s mouth, many high-breed cattle came out. The poor orphan boy became very wealthy in this way.

 

ཧེ་མ་གཡུས་མཚན་ཅིག་ནང་ ཆ་རོགས་གཉིས་སྡོད་ཡོདཔ་ཨིན་མས། འདི་ཡང་ ཕྱུགསཔོ་པའི་བུཚ་དང་ དཝ་བུཚ་གཅིག་ཡོདཔ་ཨིན་མས། ཁོང་གཉིས་ནོར་འཚོ་བ་འགྱོ་་དོ་ཡོདཔ་ཨིན་མས། དེ་ལས་ཕྱུགསཔོ་འདི་གིས་ དཝ་བུཚ་འདི་ བསད་ནི་ དཔའ་ཅམ་ཡོདཔ་ཨིན་མས། དཝ་བུཚ་འདི་ མེ་གྱིས་རྩ བ་ལས་ཉལ་བཅུག་ཞིནམ་ལས་ རྨ ལེ་ཤ་བཏོན་ཡོདཔ་ཨིན་མས། དེ་ལས་ཁོ་ལུ་ཡོད་རུ་མེད་རུ་ ནོར་ཅིག་ཡོད་མི་འདི་གིས་ ཐལཝ་ག་ར་བཟའ་འདི་ ཁ་ལས་ནོར་ལེ་ཤ་ བསྟོན་བཞག་འདི་དཝ་བུཚ་འདི་ ཕྱུགསཔོ་ཐལ་སོངམ་ཨིན་མས།

 

Transcript search
No results found for this search
0 of 0
  • གཡང་རྒྱས་ Yangay
    དང་ཕུ་ཡོདཔ་ཨིན་མས་སྨོ་ལགས། ཏེ་ཕྱུག་པོའི་ཨ་ལོ་དང་སྤྱང་བུཚ་ཅིག་ཡོདཔ་ཨིན་མས་ལགས། ཕྱུག་པོའི་ཨ་ལོ་འདི་ཁོ་ ལྟོ་མཛར་ ལྟོ་བཅིངས་བཅིངསམ་མས་ལགས། དེ་ལས་སྤྱང་ཀའི་བུཚ་འདི་ གླི་སྐྱུརཔོ་ཟེར་སླབ་ཨིན་ལགས། འ་ནཱི་ ལྟོ་མཛར་བཅིངས་འབག་འགྱོ་འགྱོཝ་མས་ཁོང་གཉིས།
  • གཡང་རྒྱས་ Yangay
    ནོར་འཚོ་སྡོདཔ་ད་ དེ་སྦེ་འགྱོཝད་ལུ་ ཏེ་ཁོ་ ཕྱུག་པོའི་ཨ་ལོ་འདི་ ལྟོ་ཟ་ཟཝ་མས་ སྤྱང་ཀའི་བུཚ་འདི་ གླི་སྐྱུརཔོ་ཟ་ཟཝ་མས་ལགས། ཨའེ་ ཁྱོད་ལྟོ་ཨ་ཙི་ཅིག་ལྷང་གེ་ཟེརཝ་ད་ལུ་ ཁྱོད་སྤྱང་ཀ་བུཚ་ཨིན་ ང་གི་མི་བྱིན་ཟེར་ མ་བྱིན་པས་ལགས། དེ་ལས་ཁོང་གཉིས་ ཕྱི་རུ་ནོར་སྐྱོར་ ནོར་གྱི་བྱང་ས་ལྷོད་སྦེ་ཉལ་ཉལཝ་མས་ལགས།
  • གཡང་རྒྱས་ Yangay
    དེ་སྦེ་ ཉལཝ་ད་ལུ་ སྤྱང་ཀའི་བུཚ་འདི་ འོག་ལས་བཞག་བཞགཔ་མས་ལགས། ཕྱུག་པོའི་ཨ་ལོ་འདི་ ལྟག་ལས་ཉལ་ཉལཝ་མས། ཏེ་སྤྱང་ཀ་བུཚ་ འཕུལ་ཏེ་མར་ མེ་བཏང་ནུག་ལོ་ལགས་ [འ་ནཱི་མེ་ནང་?] ཏེ་དེ་སྦེ་འབདཝ་ད་ སྤྱང་ཀ་བུཚ་འདི་ མེ་གིས་འཚིགས་བཞག་སྟེ་ ནངས་པར་ཟེརཝ་ད་ལོངམ་ད་ལུ།
  • གཡང་རྒྱས་ Yangay
    ཁོ་གི་རྒྱ་བ་གཅིག་ཡོད་ལོ་ སྤྱང་ཀའི་བུཚ་གི་རྒྱ་བ་ རྒྱ་བ་གིས་འ་ནཱི་གོ་ཐལ་ཧིང་སང་ས་ཟ་ད་ནུག་ལོ་ འ་ནཱི་རྒྱ་བ་གིས་ ལོག་ཨག་ཚི་རྐྱབ་བཏངམ་ད་ རྒྱ་ཚ་མིན་རང་འབྱུང་འཐོན་འོང་ནུག་ལོ་ཁོ་གི་ དབའེ་ཁོ་གི་རྒྱ་ཚ་མིན་འཐོན་འོང་ནུག་སྨོ? ད་ང་ཡང་དེ་སྦེ་འབད་དགོ་པས་ཟེར་ ལོག་ཁོང་གཉིས་བསྐོར་རྒྱབ་འབདཝ་ད་ལུ།
  • གཡང་རྒྱས་ Yangay
    ཕྱུག་པོའི་ཨ་ལོ་འོག་ལས་ཉལ་སྦེ་ ཏེ་ལོག་སྟེ་ མེ་ནང་འཕུལ་བཏང་ཡི་ལོ་ཁོང་གཉིས། དེ་སྦེ་འབདཝ་ད་ལུ་ ཏེ་ང་ཡང་ཐོབ་ནི་མས་ཟེར་ འ་ནཱི་ཁོ་གི་འདི་ འདུག་ལོ་ཁོ་གི་གླང་གཅིག་ འ་ནཱི་གོ་ཐལ་ཚུ་ག་ར་ཟ་ནུག་ལོ། དེ་སྦེ་འབདཝ་ད་ ཁོ་གི་འདི་ སྦལཔ་འཐོན་ལོ་སྨེ་ལགས་ ཨེ་ཧེ་ རྫོགས་སོ་ཡི་ དེམ་ཅིག་ར་ཨིན་ལགས་ ཧེ་ཧེ་ཧི་ཧི་་་་་་་།། །།