Skip to main content Skip to search
26 Sep 2018
5 min 33 sec
Rinchen Dorji
Video Overview
Creators: 
Penchela

Ap Tempo of Karna Gewog, Dagana narrates a story of a poor girl who is straight forward and faithful. Her rich friend was always insecure. The poor girl gets rewarded by a deity for her kind heart and good attitude; she suddenly becomes rich, and her rich friend became insecure about her. She tries to achieve what the poor girl has achieved, but gets punished due to her jealousy and greediness. By the time the rich girl realized her mistake, it was too late; she lost all her possessions. The story teaches us to be satisfied with what we have, and appreciate others for their achievements.

དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ལས་ ཨཔ་བརྟན་པོ་གིས་ དམ་ཚིག་ཅན་གྱི་སྤྱང་ཀའི་བུམོ་ ལཱ་ག་ཅི་འབད་རུང་ རྒྱུད་ཕྲང་ཏོག་ཏོ་ཡོད་ཅི་ཅིག་གི་སྐོར་ལས་ སྲུང་བཏངམ་ཨིན་པས། མོ་ལུ་ ཆ་རོགས་སྦེ་ ཕྱུག་པོའི་བུམོ་ གཞན་གྱི་ལཱ་གི་གྲུབ་འབྲས་ལུ་ མ་དགའ་མི་ཅིག་ཡོདཔ་ཨིནམ་ད་ སྲུང་འདི་ནང་ སྤྱང་ཀའི་བུམོ་ སེམས་དང་སྤྱོད་པ་བཟང་དྲགས་ཡོདཔ་ལས་ ལྷ་གིས་གསོལ་རས་གནང་ཡོདཔ་སྦེ་ཨིན་པས། མོ་དེ་འཕྲོ་ལས་ཕྱུགཔོ་ཐལ་བའི་སྐབས་ ཆ་རོགས་ཕྱུག་པོའི་བུམོ་འདི་ མོ་ལུ་ངལ་མ་རངས་པར་ མོ་གིས་ཡང་ ཆ་རོགས་སྤྱང་ཀའི་བུམོ་གིས་ཐོབ་དོ་བཟུམ་སྦེ་ ཐོབ་ནི་གི་རྩིས་རྐྱབ་ད་ མོ་རའི་འདོད་པ་དང་ ཕྲག་དོག་གིས་སྦེ་ ལྷའི་ཉེས་པ་ཕོག་ཡོདཔ་མས། དེ་བསྒང་ ཕྱུག་གི་བུམོ་འདི་ མོ་རའི་ཆ་རོགས་ལུ་ འདོད་པ་དང་ ཕྲག་དོག་བསྐྱེད་མི་འདི་ འཛོལ་བ་ཨིནམ་ཧ་གོ་བའི་བསྒང་ལས་ ལྷ་གིས་ ཧེ་མ་ལས་ཉེས་པ་བཀལ་ཚརཝ་ལས་ ཕྱི་ར་ཕྱི་སོངཔ་ རྒྱུ་ནོར་ག་ར་རྫོགས་སོངཔ་ཨིན་པས། སྲུང་འདི་ནང་ རང་ལུ་ག་ཅི་ཡོད་མི་གི་ འདོད་པ་ཚིམས་དགོཔ་དང་ གཞན་གྱི་གྲུབ་འབྲས་ལུ་ ངལ་རངས་བསྐྱེད་དགོ་པའི་སྐོར་ལས་ སྟོནམ་ཨིན་པས། 

Transcript search
No results found for this search
0 of 0
  • བརྟན་པོ་
    ཕྱུག་པོའི་བུམོ་དང་ཨ་ནཱི་ ང་བཅས་སྤྱང་ཀའི་བུམོ་ དེ་ལས་ཏེ་ཁོང་གཉིས་ཀུ་ཏེ་དེ་ཚེ་ཁ་བསྡོམས་སྦེ་འབད་ ཏེ་ནགས་སྐྱེ་བཅག་པར་འགྱོ་འགྱོཝ་མས་ཁོང་གཉིས་ཀུ། ཏེ་གཡུས་ཀྱི་བུམོ་འདིན་ མོ་སྤྱང་ཀ་བུམོ་འབད་ མོ་ཕྱུག་པོའི་བུམོ་འབད་ཞིནམ་ད་ཏེ་ མོ་ཏེ་ ཡར་ལམ་ཕྱེད་ཀ་ལྷོད་པའི་བསྒང་ལས་ ཏེ་ཁོ་གཉིས་ཀུ་སོ་སོ་སྦེ་ཡར་སོང་ནུག དེ་ལས་ཨ་ནཱི་གཡུས་ཀྱི་བུམོ་ཨ་ནཱི་སྤྱང་ཀམོ་འདི་ དེ་ལས་ཏེ་མོ་གདོང་ཁ་ལུ་ཚུད་མི་འདི་ ཏེ་གཅིག་བ་གཅིག་སྦོམ་ གཅིག་བ་གཅིག་སྦོམ་ གཅིག་བ་གཅིག་སྦོམ་ ཨིན་མས་ཟེརཝ་མས་ལོ་ལགས་སྦོམ་ཤོས་ཨ་ནཱི་སྦེ་ ཨ་ནཱི་ལུ་ཆགས་སྦེ་ ཏེ་བཅག་བཅག་ དེམ་ཕྱུག་པོའི་བུམོ་འདིན་རོགས་ཡར་སོ་ནུག་ལགས།
  • བརྟན་པོ་
    ཏེ་ནགས་སྐྱེ་ལེགས་ནི་འདི་གིས་ ཏེ་མོ་ཨ་ནཱི་སེམས་ཆགས་ ཏེ་དེ་ལས་ཨ་ནཱི་ག་ར་བཅག་ཅི་བཅག་ཅི་ བཅག་སྟེ་ར་ཡར་སོ་འདུག ཏེ་ཨ་ནཱི་བཅགཔ་ཅིན་ དེ་ལས་གནམ་བསྲོ་སོ་འདུག་ལགས། དེ་ལས་གནམ་བསྲོ་སྦེ་ཞིནམ་ད་ ཏེ་རྡོ་བྱག་ཕུག་སྦོམ་ཅིག་འདུག་ ཏེ་ཨ་ནཱ་ཕར་ལུས་སོ་འདུག་ལགས། ཏེ་དེ་ཅིག་གི་བར་ན་རང་ ཨ་ནཱི་རྡོ་ཕུག་གི་བྱག་ཕུག་ནང་ལས་མར་སྦུལ་ཅིག་འཐོན་དེས་ལོ་ལགས། སྦུལ་འདྲ་མེད་སྒྲིག་མེད་ཅིག་ ཏེ་སྦུལ་འདི་གིས་ཁ་སླབ་མས་ལོ། དབའི་ཏེ་ཁྱོད་ག་ཏེ་འགྱོ་ནི་སྨོ་ཟེར་སླབ་ད་ལུ་ ང་ད་རེས་ཨ་ནཱི་ནགས་སྐྱེ་བཅག་པར་འོང་འོངམ་ཨིན། ཏེ་ང་གནམ་ཡང་བསྲོ་སོ་ཡི་ ད་ད་རེས་གདན་མལ་ཆ་ཡང་མེད།
  • བརྟན་པོ་
    འེ་་་་ ཁྱད་མེད་ ཏེ་གདན་མལ་ཆ་ང་ད་ལྟ་རང་འབག་འོང་མ་རེད་ཟེར་ ཏེ་ཁོ་གིས་ཨ་ནཱི་སྦེ་གསུངས་མས་ འ་ནཱི་ཁའི་གནསཔོ་སྡོད་སྡོདཔ་མས། ཏེ་དེ་ལསན་ ཡུདཔ་ཅིག་ལསན་ ཨིན་མས་ལོ་ལགས་ གདན་མལ་ཆ་དེ་ཚུ་ ལྟོ་དེ་ཚུ་སྤུ་ར་(ག་ར་)འབག་འོང་དེས་ལོ་ མ་པ་འདི་ཁོ་ཡང་ཏེ་ གནསཔོ་ཨིནམ་མམ་ མ་པ་མོ་དང་གཉེན་རྐྱབ་ད་འདུག་བ་ཏེ་ དེ་ལས་མོ་དྲོ་པ་ནཱ་ལས་མར་འབག་སྦེ་འགྱོ་ནི་འབདཝ་ད་ ཁྱོད་ར་ནངས་པར་དྲོ་པ་ ཉིམ་རྩེ་དང་སྦྲགས་ཏེ་མར་ཆང་ཅིག་ མར་བཀང་བཞག་མ་རེད་ཟེར་ ཏེ་ཨ་ནཱི་སྦུལ་དེ་གིས་སླབ་བཏངམ་མས་ལོ།
  • བརྟན་པོ་
    ཏེ་འདི་གི་དྲོ་པ་མར་སོང་ ཧ་སག་འབད་ཉིམ་རྩེ་འཐོནམ་ཅིག་ མར་ཆང་ཅིག་བཀལ་སྦེ་འབད་ ཏེ་མར་ཆང་འདི་བཀལ་བ་ དེམ་ག་ཏེ་འོང་ནི་ཏེ་ ཨ་ནཱི་ཕྱུག་པོའི་བུམོ་ན་ལས་ལེན་སྦེ་མར་ཆང་ཅིག་བཀལ་སྦེ་འབདན་ ཡུདཔ་ཅིག་ལས་ ཨིན་མས་ལོ་མ་རེད་སྤ སྤ་སྤ་་་་ གླང་འབག་ནི་ཡོད་པ་ལུ་ བ་འབག་ནི་ཡོད་པ་ལུ་ རྟ་ཙེང་སྐད་རྐྱབ་ནི་ཡོད་པ་ལུ་ དེ་བསྒང་ལས་ཨིན་མས་ལོ་ཡར་ལས་མར་ དེ་བསྒང་ལས་ གདངས་ནར་ཏེ་གི་ལགས། ཆུམ་གྱི་དོས་ ཤ་དོས་ མར་དོས་ ཇ་དོས་འབད་ཞིནམ་ད་ དེ་བསྒང་ལས་ ཏེ་གདངས་ནར་ཏེ་ཨིན་མས་ལོ་ལགས།
  • བརྟན་པོ་
    དེ་ལས་མར་ལྷོད་ ཏེ་ཁྱིམ་འདིན་མིན་འདུག་ལོ་ ཏེ་ཁྱིམ་འདིན་ཨ་ནཱི་འཁན་པ་གིས་ ར་ཀ་རེ་ཀ་ཅིག་བཀབ་ ཨ་ནཱི་ཅིག་ལས་འགལ་མིན་འདུག དེ་ཚེ་མར་ལྷོདཔ་ཅིག་ ཏེ་འདི་གི་ནུབ་གཅིག་གི་ནང་ན་རང་ཁྱིམ་ཡང་སྒྲུབ་སོ་འདུག་ལོ་ཏེ་ ཁྱིམ་དེ་བསྒང་ལས་རྫོང་ཆེན་བཟུམ་ཅིག་རྐྱབ་ཚར་ནུག་ལོ་ ཕར་ཕྱུག་པོའི་བུམོ་འདི་ཏེ་ གནམ་མེད་ས་མེད་མིག་ཚར་ ཨའི་ཨཔ་དེ་ཚུ་སྤུ་ར་(ག་ར་)མིག་ཚར་ སྤ་་་་་ ལྟ་ཤིག་ཟེར་ བུམོ་ཁྱོད་ཟེར་ཏེ་ ཁྱོད་གཉིས་ཀུ་ཅིག་ཁར་སོང་སོངམ་ཨིན་མེན་ན་ཟེར་ཏེ་ ཏེ་ལྟ་ཤིག་རོགས་ ཨ་ཕར་གཡུས་པའི་བུམོ་ཨ་ཕི་དེམ་ སྤྱང་ཀམ་བུམོ་ཨ་ནཱི་གིས་ཡང་ལྟ་ཤིག་ ཨ་ནཱ་ལྟ་ཤིག་ཁྱིམ་ང་བཅས་བ་འདི་ཁོང་གི་སྦོམ་མས་ཟེར་ཏེ་ རྟ་ང་བཅས་བ་འདི་ཁོང་མངམ་མས་ཟེར་ཏེ་ ནོར་ང་བཅས་བ་འདི་ཁོང་མངམ་མས་ཟེར།
  • བརྟན་པོ་
    དེ་ལས་ཕར་ཁོང་རང་ ཏེ་བུམོ་དཀྲོགས་ ཏེ་དེ་ལས་བུམོ་འདི་གིས་ཕར་ཨ་ནཱི་ དབའི་ཏེ་ཁྱོད་གཉེན་ག་དེ་འབད་རྐྱབ་ཅི་ ཏེ་ང་ནཱ་ལས་འགྱོ་འབདཝ་ད་ ཨ་ནཱི་རྡོ་བྱག་ཕུག་ནང་ལུ་ ཏེ་ཨ་ནཱི་སྦེ་སྡོད་ ཨ་ནཱ་སྡོདཔ་ད་ལུ་ དེ་ལས་ཨ་ནཱི་སྦུལ་འདི་གིས་འབད་ ང་ལུ་ཨ་ནཱི་སྦེ་འབད་ཡི་ཟེར་སླབ་ ཏེ་དེ་ལསན་ཨའི་དང་ཨཔ་ཆ་ཉན་མ་བཏུབ་པར་ དེ་ལས་ཨ་ནཱི་བུམོ་འདི་གིས་ཕར་ཨའི་དང་ཨ་པ་ལུ་ཞུ་ དེ་ལསན་ཏེ་ མི་དམངས་བཀུག་ དེ་ལས་སྦུལ་འཚོལ་བ་ཨིན་མས་ལགས། གཡུས་པའི་བུམོ་ཨ་ནཱི་སྤྱང་ཀ་གི་རྨགཔ་འདི་ཡང་འགྱོ་ནུག་ཏེ་ ཨ་ནཱི་སྦུལ་འབད་ནི་དེ་གིས་ དེ་བསྒང་ལས་ཁོ་མི་ལུ་གྱུར་སོ་འདུག་བ།
  • བརྟན་པོ་
    དེ་ལསས་ཏེ་ ག་ཏེ་གུ་ཏེ་ལས་རྟས་ཐག་འབག་ རྡོ་ལྷོག་ས་ལས་ལྷོག་ ག་ཅི་རི་ལྷོག་ས་ལས་ལྷོག་ ག་ཅི་འབད་ས་ལས་འབད་ སྦུལ་འཚོལ་འཚོལ་གིས་ཁོང་ སྦུལ་སྦོམ་ཆུང་ཨ་ནཱིམ་ཅིག་འཐོབ་ནུག་ལགས་ ཁོང་གིས་འཐོབ་ནི་འདི་ ཏེ་འདི་སྦུལ་བང་ཅན་བཙོང་ ཏེ་འཁརཝ་གིས་ཨེབ་ས་ལས་ཨེབ་ ཨོལ་ལྐོག་ཁར་ཐབ་བཏགས་ས་ལས་བཏགས་ ཏེ་འདྲུད་བདའ་ དེ་ལས་མར་ཕུང་ནང་བཙུགས་ དེ་ལས་ཏེ་སྒོ་སྤུ་ར་(ག་ར་)བསྡམས་ དེ་ལས་ཨ་ནཱི་[སེར་ཀུ་?]སྤུ་ར་(ག་ར་)བསུབས་ལགས་ དེ་ལས་བུམོ་འདི་ བུམོ་འདི་གི་ཁུག་ནང་ཧེད་སྦུལ་དེ་འདི་ནང་ན་བཙུགས་ དེ་ལས་ཏེ་ཁོ་རང་སྒོ་བསྡམས་སྦེ་འབད་ དེ་ལས་ནུབ་ཕྱེད་ཀ་ཅིག་ལས་ ཨ་ཅའོ་ ཨཅའོ་ཟེར་སྐད་རྐྱབ་མས་ལོ་ལགས།
  • བརྟན་པོ་
    ཤུད་ཁུ་སིམ་སི་མི་སྡོད་ག་ཨ་ཨཔ་གིས་ ད་རུང་ཡུདཔ་ཅིག་ལསན་ ད་རུང་ཨ་ཅའོ་ཨ་ཅའོ་སླབ་མས་ལོ། ད་ལྟ་རང་ང་མར་འོངམ་ད་རྟས་ཐག་དང་འཕྱད་འོང་ ད་རེས་བུམོ་འདི་ཁུ་སིམ་སིམ་འབད་མི་སྡོད་ག་ བྱ་ཏོག་ཁམ་ལན་(ཨ་ཙི་ཁ་ལསན་) དེ་ལསན་སྐད་ཡང་རྐྱབ་ནི་མིན་འདུག་ལོ་ ག་ཅི་ཡང་མིན་འདུག་ལོ། འེ་་་་ ད་འབདན་ ད་རྨགཔ་དང་བུམོ་འཆམ་སོ་འདུག་ ཟེར་སླབ་སྦེ་འབད་ ཁོ་རང་སེམས་དགའ་སྦེ་སྡོད་སྡོདཔ་མས། ཏེ་བ་ཛར་(ཆུ་ཚོད་)བཅུ་གཉིས་ལང་རུང་ཡང་ལོང་ནི་མི་འདུག་ཟེརཝ་མས་ལོ། དེ་ལས་ཨའི་སོང་སྒོ་ཕྱེས་བལྟ་བའི་བསྒང་ལསན་ བལྟ་མི་ཚུགས་པས་ལོ་ལགས་ དེ་བསྒང་ལས།
  • བརྟན་པོ་
    བུམོ་དེ་བསྒང་ལསན་ མིད་ཚར་ནུག་ལོ་ལགས་དེ་བསྒང་ལས་ སྦུལ་དེ་གི་ལྐོད་མར་ ཕར་གསད་གེ་སླབ་པན་ གླགས་འཁེལ་མ་ཚུགས་པས་ དེ་བསྒང་ལས་ མི་མིད་པའི་བསྒང་ལས་ སྦུལ་སྦོམ་འགྱོ་འོང་བ་ལགས་ ཏེ་སྨོ་ཤིག ཏེ་དེ་ལསན་ ཏེ་སྒོ་ཕྱེས་སྦེ་ གཉེར་ཚང་འདི་ཚུ་སྤུ་ར་(ག་ར་)བཏོན་ དེ་ལས་ཁྱིམ་དང་སྦྲགས་ སྤུ་ར་(ག་ར་)མེ་དཔག་བཏང་འདུག་ལགས། ཨ་ནཱི་སྦེ་ཨིན་ ཟེར་ཨིན་མས་ལགས། ང་བཅས་ཨ་ནཱི་ ཏེ་ཕྱུགཔོ་ཟེར་ སྤྱང་ཀ་ཟེར་སླབ་འབདཝ་ད་ལུ་ ཏེ་ཨ་ནཱི་སྦེ་འགྱོ་མི་བཏུབ་ཟེར་ སླབ་མས་བ་ལགས། ད་ཨ་ནཱི་ཅིག་ཨིན་པས།། །།