Skip to main content Skip to search
20 Jun 2018
3 min 12 sec
Ariana Maki
Video Overview
Creators: 
Penchela

Many Bhutanese stories utilize animals, mainly to build interest among listeners and educate them. Penjor of Karna Gewog, Dagana tells a story, The Porcupine, the Deer and the Elephant. The story is about a battle of egos between the porcupine and the elephant, with a deer acting as mediator. The fight arises because of a watering hole that the elephant dirtied. The two of them showed off the length of their feathers and fur; the deer was the one who transported them between the two. After a while, the deer gets exhausted carrying feathers and fur in between the two animals, and began to frown. This story reveals the reason why deer always appear to be frowning.

སྲུང་མང་ཤོས་ཅིག་ནང་ སེམས་ཅན་གྱི་ཁྱད་རྣམ་བཙུགས་འོངམ་ཨིནམ་ད་ འདི་ཡང་གཙོ་བོ་ར་ སྲུང་ཉན་མི་ཚུ་ལུ་ སྤྲོ་བ་འོང་ཐབས་དང་ སྲུང་གི་གནད་དོན་ཧ་གོ་ཐབས་ལུ་ཨིན་པས། དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ལས་ དཔལ་འབྱོར་གྱིས་ བྱི་ཐུར་དང་ ཀ་ཤ་ གླངམོ་ཆེའི་སྐོར་ལས་ སྲུང་བཏངམ་ཨིནམ་ད་ སྲུང་འདི་ཡང་ བྱི་ཐུར་དང་ གླངམ་ཆེ་གཉིས་ ང་རྒྱལ་གྱིས་སྦེ་འཛིངམ་ད་ ཀ་ཤ་གིས་ འཆམ་ཁ་བཟོ་བའི་སྐོར་ལས་ཨིན་པས། ཁོང་གཉིས་ཀྱི་འཐབ་འཛིང་འདི་ཡང་ གཙ་བོ་ར་གླངམོ་ཆེ་གིས་ ཆུ་ཧུ་མ་སློངམ་ལས་བརྟེན་བྱུང་ཡོདཔ་ད་ དེ་བསྒང་ ཁོང་གཉིས་གིས་གཅིག་གིས་གཅིག་ལུ་ སྒྲོ་དང་སྤུ་ཕར་ཚུར་སྦལ་བཀལ་ཏེ་ སྦོམ་ཚད་བལྟ་བལྟཝ་ཨིནམ་ད་ ཕར་ཚུར་བཀལ་མི་འདི་ ཀ་ཤ་ཨིན་པས། ཡུདཔ་ཅིག་ལས་ ཀ་ཤ་འདི་ ཕར་ཚུར་བཀལ་བ་འགྱོ་འགྱོཝ་གིས་ ཉམས་ཐག་སྟེ་ དཔྱལཝ་ཨོ་ཀྲོ་བསུམས་བསུམསམ་ཨིན་པས། འདི་ལས་ ཀ་ཤ་གི་དཔྱལཝ་ཨོ་ཀྲོ་བསུམས་ཡོད་མི་འདི་ རྒྱུ་མཚན་ནཱི་ལས་བརྟེན་ཨིན་པས། 

Transcript search
No results found for this search
0 of 0
  • དཔལ་འབྱོར་
    དང་ཕུ་ དང་ཕུ་ ཏེ་ཀ་ཤ་དང་བྱི་ཐུར་དེ་ ཏེ་ལྟོ་ཚང་འཕྱད་ ཏེ་ལྟོ་ཚང་འཕྱད་སྦེ་ ཏེ་ཉིནམ་ཅིག་སྤང་ནང་འཐོན་ དེ་ལས་ཏེ་ཁོང་རང་གཉིས་བཤད་ཐོ་འབད་སྡོདཔ་ད་ དེ་ལས་ཏེ་ཉིམ་ཚ་སྟེ་ཁ་སྐོམ་ བྱི་ཐུར་འདི་ཁ་སྐོམ་ཆིཔ་མས་ལགས།
  • དཔལ་འབྱོར་
    ཏེ་བྱི་ཐུར་དེ་ཁ་སྐོམ་ དབའེ་ཀ་ཤ་ ཏེ་ལྟོ་ཚང་ཁྱོད་ཀྱིས་ཆུ་ཅིག་མི་ཐོབ་ག་ཟེར་འབདཝ་ད་ དབའེ་ད་ཆུ་འདི་ཏེ་འཇམ་ཤོས་ཆུ་འདི་ཨིན་ ཆུ་འདི་ཡར་མཚོ་སྦོམ་ཅིག་ཡོད་ འ་ནཱ་ལས་ཆུ་འཐོབ་ཟེར་ཏེ་ ཟེར་འབདཝ་ད་ འ་དེན་ལྟོ་ཚང་སོང་སྟེ་ཆུ་ཅིག་དབོག་འབག་ཤོག་ཟེར་སླབ་སླབ་མས་ལགས།
  • དཔལ་འབྱོར་
    ཏེ་ཀ་ཤ་འདི་འགྱོ་འགྱོཝ་མས་ལགས་ཆུ་དབོག་པར། ཏེ་ཡང་མཚོ་ཅིག་ཡོད་མནོ་ ཏེ་མཚོ་དེ་ནང་སོང་ཆུ་དབོག་པར་འགྱོཝ་ད་ལུ་ དེ་ལས་ཡས་ནང་ལུ་གླངམོ་ཆེ་ཕ་སྤད་ཚུ་འཚུལ་སྡོད་ ཏེ་ཆུ་སྤུ་ར་(ག་ར་)ཧུ་མ་ལོང་བཞགས་བཞགཔ་མས། དེ་ལས་ཏེ་ཧུ་མ་ལོང་འབདཝ་ད་ ཏེ་མར་ཆུ་ཧུ་མ་འོང་སྦེ།
  • དཔལ་འབྱོར་
    དེ་ལས་ཏེ་ བྱི་ཐུར་དེ་ ཀ་ཤ་དེ་འོངམ་ད་ ཀྱེ་ཆུ་འབག་ནི་མིན་འདུག་བ་ུ་ཟེར་སླབ་ད་ ཏེ་ཀ་ཤ་དེ་གིས་ ཏེ་ཆུ་ཧུ་མ་ལོང་ད་ནུག་ཟེར་ དབའེ་ཏེ་ ཆུ་དེ་ན་ལས་ཧུ་མ་ལོང་སྟེ་འདུག་ ཏེ་ཆུ་གཞན་ཁ་ཡང་མེད་ག་ཟེར་སླབ་ད་ ཏེ་མིན་འདུག་ཟེར་ སྤའོ་ཏེ་ད་ ཁོ་གིས་རང་དེ་སྦེ་བང་བཙོང་སྟེ་ ཏེ་ད་ཆུ་ཁོ་གི་ཆུ་རང་ཨིན་ན་ཟེར་སླབ།
  • དཔལ་འབྱོར་
    དེ་ལས་ཏེ་ བྱི་ཐུར་དེ་གིས་མར་ལས་ཡར་སྤུ་སྒྲོ་གཅིག་ཆུང་ཀུ་ཅིག་འབལ་སྐྱེལ་བཏང་བཏངམ་མས་ལགས། ཀ་ཤ་དེ་ལུ་ ཏེ་ཀ་ཤ་དེ་གིས་ཡར་འབག་སོང་སྦེ་གླངམོ་ཆེ་དེ་ལུ་སླབ་སླབ་མས་ ཏེ་མར་ཆུ་ཁྱོད་ཀྱི་ཧུ་མ་ལོང་བཞག་ ད་མར་ལྟོ་ཚང་དེ་གིས་ཆུ་འབག་ནི་མིན་འདུག་ཟེར་ང་ལུ་སླབ་མས་ ཏེ་སེམས་ཅན་ཁྱོད་སྦོམ་མས་སླབ་ད་ མར་ལས་འ་ནཱི་ཅིག་སྐྱེལ་བཏང་དེས་ཟེར་ ཏེ་སྒྲོ་འདི་ཡར་སྟོན་སྟོནམ་མས།
  • དཔལ་འབྱོར་
    ཏེ་ཡར་སྟོནམ་ད་ གླངམོ་ཆེ་དེ་གིས་ཡང་ ཏེ་ཨའོ་་་ དེ་འབད་བ་ཅིན་ ང་སེམས་ཅན་ལས་སྦོམ་ཤོས་རང་ང་བ་ ཏེ་ཁོ་སྦོམ་འདྲས་ཟེར་ཏེ་ དེ་ལས་གླངམོ་ཆེ་དེ་གིས་ཡར་ལས་མར་ ཁོ་གི་ཨེ་ཙི་འོག་ལས་སྤུ་ཆུང་ཀུ་ཅིག་འབལ་བཏངམ་ད་ བྱི་ཐུར་ཁོ་གི་སྒྲོ་དེ་བ་རིངམོ་ཅིག་སྐྱེལ་བཏང་བཏངམ་མས།
  • དཔལ་འབྱོར་
    ཏེ་ད་རུང་ཀ་ཤ་འདི་མར་སོང་སྤྲོད་སོང་བ་ སྤའོ་་་ ང་གི་བར་ཁོ་སྦོམ་འདྲས་ཟེར་ཏེ་ གཟུགས་འདི་ཁོ་སྦོམ་ཨིན་ ཏེ་ང་ལུ་འབད་མི་ཚུགས་ཟེར་ཏེ་ དེ་ལས་མར་ལས་ བྱི་ཐུར་དེ་གིས་ད་རུང་སྐྱེད་པ་ལས་ སྒྲོ་ཅིག་འབལ་སྐྱེལ་བཏང་བཏངམ་མས་ཁོ་གི་སྤུ་ཅུང་འདི་བ་རིངམོ་སྦེ་ འབལ་བཏང་སྐྱེལ་བ་གི་ ད་རུང་ཡར་ལས་གླངམོ་ཆེ་དེ་གིས་ ཏེ་སྤ་་་་ ཏེ་འདེ་མའི་སེམས་ཅན་ང་ལུ་ཡ་ལོང་སྡོདཔ་མས།
  • དཔལ་འབྱོར་
    ཟེར་སླབ་སྦེ་ དེ་ལས་གླངམོ་ཆེ་དེ་གིས་ཁོ་གི་མཇུག་མ་གུ་ལས་སྤུ་ཅུང་ཅིག་འབལ་སྐྱེལ་སྐྱེལཝ་མས་ ཁོ་གི་སྒྲོ་དེ་བ་རིངམོ་སྦེ་ དེ་ལས་ད་རུང་མར་ མར་འོང་སྦེ་འབདཝ་ད་ ཏེ་བྱི་ཐུར་དེ་ལུ་སླབ་སླབ་མས་ ཨའོ་ལྟོ་ཚང་ཁྱོད་ཀྱིས་འདི་འབད་མ་འབདཝ་མིན་འདུག་ རོགས་གཟུགས་གནམ་མེད་ས་མེད་ཨིན་མས་ཟེར་ཏེ།
  • དཔལ་འབྱོར་
    ཟེར་སླབ་སླབ་འབདཝ་ད་ དེ་ལས་ཏེ་བྱི་ཐུར་དེ་གིས་ཡང་ ཏེ་ད་རུང་མར་ལས་ཡར་ཨའོ་ ག་ཅི་ཟེར་ཏེ་ ག་ཅིག་འབད་འདྲོག་དགོཔ་སྨོ་ཟེར་ དེ་ལས་ཏེ་ མར་ལས་ད་རུང་ཁོ་གིས་ མཇུག་མ་གུ་ལས་སྒྲོ་རིངམོ་ཅིག་འབལ་བཏང་བཏངམ་མས་ འབལ་བཏང་འབདཝ་ད་ དེ་ལས་ཡར་གླངམོ་ཆེ་དེ་ ཏེ་རྣམ་རྟོག་ལངས་ གླངམོ་ཆེ་དེ་རྣམ་རྟོག་ལངས་པའི་ཤུགས་ཀྱིས་ ཀ་ཤ་འདི་ངོ་ཚ་བའི་རྐྱེན་གྱིས་ ཡར་ལས་མར་ལོག་བྱོག་འོང་ ད་རེས་ཀ་ཤ་དཔྱལཝ་ ཨོ་ཀྲོ་བཙུམས་སྦེ་སྡོད་མི་འདི་ འ་ནཱི་ཨིན་ཟེར་ ཨིན་མས་ལགས། བཀའ་དྲིན་ཆེ།། །།