Skip to main content Skip to search
23 Oct 2017
8 min 46 sec
Rinchen Dorji
Video Overview
Creators: 
Dawa Tshering

44-year-old Dorji Wangmo of Bongo Gewog narrates a story of an orphaned boy and a crippled monkey. Her story conveys the value of being clever despite one's weaknesses. The crippled monkey in the story turns outs to be clever, and helps his poor orphan master. The story, on the other hand, also talks about being guilty of one's misconduct. The monkey with his friends enters the orphan's garden to steal bitter wheat, and the crippled monkey gets caught due to his disabled leg. The monkey then begs for forgiveness and promises to serve the orphan with dedication. The monkey succeeds and helps the orphan to become the king of that district.

མོ་གི་སྲུང་འདི་ནང་ དབང་པོ་ལུ་སྐྱོན་ཕོག་རུང་ རིག་པ་རྩལ་དྲགས་ཡོད་པའི་སྐོར་ལས་ཨིན་པས། སྲུང་འདི་ནང་ སྤྱ་རྐངམ་ཞ་བོ་འདི་ རིག་པ་ཅན་ཨིནམ་མ་ཚད་ ཁོ་རའི་ཇོ་བདག་ དའུ་བུཚ་འདི་ལུ་ ཆ་རོགས་འབདཝ་མ་ཚད་ ད་རུང་ ལོག་གཅིག་ལས་འབདན་ སྲུང་འདི་གིས་ རང་གི་ལཱ་འཛོལ་མི་ལུ་ འཛོལཝ་ཨིནམ་ཤེས་དགོ་པའི་ སྐོར་ལས་སྟོནམ་ཨིན་པས། སྤྱ་རྐངམ་ཞ་བོ་འདི་དང་ཆ་རོགས་ཚུ་གིས་ དའུ་བུཚ་གི་ལྡུམ་ར་ལས་ ཀར་ཨརཝ་བརྐུ་བ་སོངམ་ད་ སྤྱ་རྐངམ་ཞ་བོ་འདི་ རྐངམ་མ་བདེཝ་ལས་ བདའ་ཟུན་ཟུནམ་མས། དེ་ལས་སྤྱ་འདི་གིས་ ལཱ་འཛོལ་བ་འབད་མི་ནི་ བཟོད་གསོལ་འབད་དེ་ ཁོ་ལུ་ དམ་ཚིག་ལྡན་པའི་སྒོ་ལས་ ཞབས་ཏོག་ཞུ་ནི་སྦེ་ ཁ་བཟེད་བཟེདཝ་ཨིནམ་ད་ སྤྱ་འདི་གིས་ ཁོ་རའི་ཁས་ལེན་གྲུབ་སྟེ་ དའུ་བུཚ་འདི་ མངའ་སྡེ་འདིའི་རྒྱལཔོ་བཀལ་དཔ་ཨིན་པས། 

Transcript search
No results found for this search
0 of 0
  • རྡོ་རྗེ་དབང་མོ Dorji Wangmo
    དང་ཕུ་དང་ཕུ་ལུ་ཏེ་ དྭཝ་བུཚ་གཅིག་ཡོདཔ་མས། དེ་ལས་དྭཝ་བུ་ཚུ་འདི་ཏེ་ དྭཝ་བུ་ཚུ་འདི་ཏེ་ ག་ནི་ཡང་མེད་པའི་དྭཝ་བུ་ཚུ་སྤྱང་ཀ་ཅིག་ཨིན་མས་ཏེ། ཏེ་དེ་ལས་ཁོ་ རོགས་ག་ར་བྱཱོ་ཞིང་བརྐོ་དེས་ཟེརཝ་མས་ལོ། ཏེ་ཁོ་གིས་ཡང་བྱཱོ་ཞིང་བརྐོ་ནུག བྱཱོ་ཞིང་བརྐོ་ དེ་ལས་ སོན་མིན་འདུག་ཏེ་ཁོ་ལུ་ དེ་ལས་ བྱཱོ་ཞིང་འདི་བརྐོ་བཞག་སྦེ་ དེ་ལས་རོགས་བྱཱོ་བཏབ་དེས་ཟེརཝ་མས་ལོ་ཏེ།
  • རྡོ་རྗེ་དབང་མོ Dorji Wangmo
    ཏེ་རོགས་ཁོ་རོགས་ཀྱི་འོག་ལས་ཕར་འགྱོ་ རོགས་ཨ་ནཱི་སྦེ་སོན་གཏོར་ནི་ཡོད་བ་ཏེ་ སོན་གཏོརཝ་ད་ ཁོ་མགུ་ཏོ་དཔག་བཟེད་ ཏེ་མགུ་ཏོ་གུ་ཆགས་མི་འདི་ཕར་ཁོ་རའི་བྱཱོ་ཞིང་ནང་འགྱོ་ཡི་རང་[སྐྱུགས་?] ད་རུང་རང་གཡུར་མ་འཐུ་རྫུ་བཏབ་ ཤིང་དང་རྡོ་ཕར་བཏོན་རྫུ་བཏབ་ ད་རུང་རང་མགུ་ཏོ་གུ་བཟེད་ ཏེ་བྱཱོ་འདི་ཁོ་ར་ག་འགྱོ་ས་ལས་ཕར་ སྲབ་འཕྲོས་འཕྲོས་འབད་ ཡོབ་(གང་)སོང་ནུག་ཏེ་ ཁོ་མགུ་ཏོ་གུ་བཟེད་མི་འདི་གིས།
  • རྡོ་རྗེ་དབང་མོ Dorji Wangmo
    ཏེ་འ་ནཱི་བྱཱོ་འདི་བཏབ་ སྤ་་་་་ ཁོ་བྱཱོ་འདི་ག་ནི་བ་ལེགས་པས་ཟེརཝ་མས་ལོ་ཏེ་ ཁོང་གི་བྱཱོ་ལེགས་ཤོམ་འབད་བཏབ་མི་འདི་དང་ ཁོ་གི་འབདཝ་ད་ ཁོ་གི་ཏེ་ གནམ་མེད་ས་མེད་ལེགས་པས་ལོ། དེ་ལས་ཏེ་ བྱཱོ་བརྡུང་སའི་དེམ་[རི་བརྡལ་འཐག་?] ད་འབདན་ང་བྱཱོ་ཅིག་བསྡུ་ཟ་ནི་གི་ཨིན་ཟེར་ དེ་ལསན་ཞག་གཉིས་གསུམ་ཅིག་ཁར་བལྟ་བར་འགྱོཝ་ད་ གསེར་ཆོམ་ཆོ་འབད་ཚོ་སོ་ནུག་ཟེརཝ་མས་ལོ་བྱཱོ་འདི། ཏེ་བྱཱོ་བརྔ་རནམ་ཡར་སོ་ནུག
  • རྡོ་རྗེ་དབང་མོ Dorji Wangmo
    ཁྱོད་དེ་སྦེ་དྲིན་ལན་མཇལ་ཚུགས་ག་ རྐངམ་འདི་ཞཝ་མས་ ཁྱོད་ཤིང་འབྲས་བཏོག་བྱིན་དན་མ་ཤེས་ ཏེ་ག་ཅི་འཚོལ་བྱིན་ནིམ་ཟེར་ནུག ཨ་ང་དྲིན་ལན་འབྱོར་འབད་ར་ འབད་ཚུགསཔ་ཟེར་ནུག་ ཨིན་ན་ཨིན་ན་ཟེར་བཞག་བཞགཔ་མས་ཏེ་ བཞག་དེ་ལས་ཏེ་ སྤྱ་འདི་གིས་ སྤྱ་འདི་ཁོ་དང་མཉམ་བཞག་ ཁྱོད་ར་ན་སྡོད་ཤིག་ཟེར་ནུག་ ང་ཕར་ལས་ཕར་བཤལ་བལྟ་སོང་གེ་ཟེར་ ཏེ་སྤྱ་འདི་བཤལ་ཡར་སོང་ནུག་ནཱ་ལས་ཕར།
  • རྡོ་རྗེ་དབང་མོ Dorji Wangmo
    ནཱ་ལས་ཕར་འབད་བཤལ་འགྱོ་ཕར་ རྒྱལཔོ་ཅིག་གི་ལྡུམ་ར་ནང་ཐོན་སོང་ནུག་ཏེ་ ཕར་འགྱོ་ཕར་ཕར་བཤལ་ཚུར་ཚུར་བཤལ་སྡོད་སྡོཔ་མས། དབའི་སྤྱ་ཁྱོད་ག་ཅི་འབདཝ་ སྤྱ་རྐངམ་ཡང་ཞཝ་མས་ཟེར་ནུག་ ཨ་ང་ཏེ་ནཱ་ རྒྱལ་པོ་གི་ རྒྱལ་པོའི་སྲསམོ་གཅིག་ཏེ་ ངེ་གི་རྒྱལ་པོ་གི་མནའམ་འབད་དགོ་མནོ་བཤལཝ་ཨིན་ཟེར་ནུག ནཱ་ཤོག་ཁོ་རེད་ལེགས་ཤོམ་འབད་དྲི་བལྟ་དགོ་པས་ཟེར་སླབ་སླབ་མས། ཏེ་ག་དེ་སྦེ་སྨོ་ཁྱོད་རྐངམ་ཞཝ་མས་ ཁྱོད་ལུ་རྒྱཔོ་ཅིག་ཡོད་སྦོ་ཟེར་ནུག
  • རྡོ་རྗེ་དབང་མོ Dorji Wangmo
    སྤ་་་་་ རྒྱལཔོ་ སྦ་སྒོར་རྒྱལཔོ་ཟེར་མི་ཅིག་ཡོད་ལགས་ ཟེར་ཞུ་ཞུཝ་མས། ཨིན་ན་དེ་འབད་བ་ཅིན་ ཁོ་ན་འཁྱིད་འོང་གེ་ ཟེར་སླབ་སླབ་མས་ཏེ་སྤྱ་འདི་གིས་ ཤོག་ཤོག་ཡ་ཟེར་ནུག་ ཏེ་ནཱ་བཅའ་སྒྲིག་རྐྱབ་བཞག་ཟེར་ནུག་ དེ་ལས་ཁོ་ནཱ་ལས་ཕར་འབད་སོང་སྟེ་ རྟ་གི་རྐངམ་ཡ་གཅིག་ཐོབ་ཐོབ་མས།
  • རྡོ་རྗེ་དབང་མོ Dorji Wangmo
    དང་ཕུ་[དུས་བཞི་?]ལས་ཤི་སྟེ་དོང་ནང་སྦ་ ཏེ་ཨ་ནཱི་རོ་ཁྱི་དང་ག་ཅི་གུ་ཅིག་འདྲུད་བཀོ་བཞག་བཞགཔ་མས་ལོ་རྐངམ་ཡ་གཅིག ཏེ་འ་ནཱི་འཐུ་འབག་སྦེ་ ཏེ་རྐང་རྗེས་ཟེརཝ་ཅིག་རྐྱབ་བཞག་བཞགཔ་མས་ཏེ་ རྒྱལཔོ་གི་ རྒྱལཔོ་གི་རྫོང་ནང་བྱོན་ས་གི་འགྱོ་ས་གི་ལམ་ཁར་ ཆུ་ཅིག་ཡང་བརྒལ་ནི་ཡོདཔ་མས། ཆུ་འདི་གི་ལུངམ་མར་ལས་ ཕར་ལས་མར་ཕ་ཀི་ལོགས་ལས་མར་རྐྱབ་མི་འདི་གིས་མར་བདའ་ མར་ལས་ཡར་རྐྱབ་མི་འདི་གིས་ ཕ་ཀི་ལོགས་ལས་ ཏེ་ཡར་དང་མར་ཟེརཝ་ཅིག་རྐྱབ་བཞག་ནུག་ཏེ་ཁོ་ རྐྱབ་བཞག་སྦེ་ཡར་སོང་ནུག་ ནཱ་ལས་ཕར་སོང་ དབའེ་དྭཝ་བུཚ་ ད་འབདན་ ང་ཕར་རྒྱལཔོ་གི་ རྒྱལཔོ་གི་དམག་དཔོན་བསྐོས་ནི་འབད་ ནཱ་ལས་ཕར་ བཅའ་སྒྲིག་རྐྱབ་བཞག་ཡོད་སྨ་རེད་འགྱོ་གེ་ཟེར་ནུག་ད།
  • རྡོ་རྗེ་དབང་མོ Dorji Wangmo
    དེ་ལས་ནཱ་ལས་ཕར་སོང་སོངམ་མས་ཏེ་ཁོ་ དེ་ལས་ཕར་ལུང་པའི་བརྡར་རོ་ནང་ལྷོདཔ་ད་ ཏེ་དྭཝ་བུཚ་འདི་སྤུས་ཙ་འབད་ཀྲེག་འཁྱུ་ གོ་ར་རྡུགས་འདི་ ཆུ་བཀལ་བཏང་བཞག་ནུག ཏེ་སྒལ་ཏོ་རིལ་རི་འབད་རྡོ་ཡི་གུ་བཀལ་བཞག་སྦེ་ ཏེ་ཁོ་གནམ་མེད་ས་མེད་སྔུ་ལི་རྐྱབ་འགྱོ་འགྱོཝ་མས་ཏེ་སྔུ་སྟེ་ དབའེ་སྤྱ་ཞཝ་ ཀྱེ་ཁྱོད་རྒྱལཔོ་ནཱ་འབྱོན་ནི་ལོ་ འབྱོན་ནི་མིན་འདུག་བ་ཡ་ཟེར་ནུག དེ་སྦེ་མ་གསུངས་ལགས་ཟེར་ནུག ང་ད་རེས་གནམ་མེད་ས་མེད་སྡུག་བསྔལ་ཕོག་ ད་ག་ནི་ཡང་མེད་ཟེར་ནུག་ ཏེ་རྟ་དང་ཆ་མཉམ་ ཏེ་རྒྱལཔོ་ཡང་ ང་ར་ཆུ་ནང་ལས་རྩལ་རྐྱབ་བཏོན་བཞག་ཡི་ཟེར་ནུག བདེན་རྫུན་མ་རེ་བ་ཅིན་བལྟ་བར་བྱོན་ཤིག་ཟེར་ནུག་ཏེ།
  • རྡོ་རྗེ་དབང་མོ Dorji Wangmo
    ཨིན་ན་ཨིན་ན་ཟེར་ བལྟ་བར་བཏང་བཏངམ་མས་ བྱ་རོགས་གཉིས་གསུམ་ཅིག་ དབའེ་དབའེ་ཨིན་མས་ཟེར་ནུག དེ་ལས་ཁྱོད་ར་བདེན་རྫུན་མ་རེ་བ་ཅིན་བལྟ་ཤིག་ ང་བཅས་རྟའི་རྐང་རྗེས་ རྟ་ཡོད་རུང་ཆུ་གིས་ཕྱག་འབག་ དེ་ལས་རྒྱལ་པོ་གི་ན་བཟའ་ཡོད་རུང་ པུ་ར་(ག་ར) འ་ནཱི་སྦེ་ཆུ་གིས་འབག་ ཨ་ནཱ་རྒྱལཔོ་ཡང་[རྨ་ཀྲེག་ཤི་ཀྲེག་?]བཟོ་ཟེར་ནུག
  • རྡོ་རྗེ་དབང་མོ Dorji Wangmo
    ང་ར་གིས་ཆུ་ནང་ལས་བཏོན་བཏོནམ་ཨིན་ཟེར་ ཨིན་ན་ཨིན་ན་ཟེར་སླབ་ དེ་ལས་ཁྱད་མེད་ཟེར་ ཕར་ལས་ཚུར་ ཏེ་རྒྱལཔོ་གིས་ཕར་ལས་ཚུར་ བྱ་རོགས་འདི་ཚུ་ལུ་ གོ་དང་དཔའ་རྟགས་བེན་དང་ མ་བཏུབ་བཏུབ་སྐྱེལ་སྐྱེལཝ་མས་ དེ་ལས་རྟ་ མ་པ་ངོ་རིས་འདི་འཇའ་རིསམོ་ཡོདཔ་མས་ཏེ་ དྭཝ་བུཚ་འདི་རོགས་ དེ་ལས་ཕར་འཁྱིད་ཡར་སོང་ནུག ཕར་འཁྱིད་གསེར་ཁྲི་གུ་བཀལ་ དགའ་སྟོན་འབད་ དེ་ལས་སྤྱ་འདི་གིས་སླབ་འདུག་ དྭཝ་བུཚ་ལུ་ དབའེ་བཞེས་སྒོ་འདི་ ཨ་ཙི་རེ་འབད་ཟ་སྨ་རེད་ ཁྱོད་ཟ་མ་ཧུམ་(ཟ་མྱོང་)འབད་ནི་འདི་གིས་ ཆབ་གསང་ཤོར་འོང་ ཟེར་སླབ་སླབ་མས།
  • རྡོ་རྗེ་དབང་མོ Dorji Wangmo
    དེ་ལས་ ཏེ་དྭཝ་བུཚ་འབད་ ཟ་མ་ལྷོད་(ཟ་མྱོངམ་)འབད་ནི་འདི་གིས་ རྐྱབ་རྐྱབ་མས་ཏེ་ ལྟོ་དང་ སྤགས་དང་ ཇ་དང་འགྲངསམ་འབད་ཟ་ ཡུདཔ་ཅིག་ལས་ཆབ་གསང་གང་སྟེ་ཏེ་ ཆབ་གསང་གང་དྲེགས་མ་ཚུགས་པ་སྤྱ་འདི་ལུ་སླབ་ནུག དབའེ་ང་ཆབ་གསང་འགྱོ་དགོ་པས་ཟེར་ནུག ཡ་ཡ་ངེའི་རྒྱལཔོ་ཆབ་གསང་འབྱོན་ནི་ལོ་ད་འབདན་ ང་རང་སྐྱེལ་བར་འགྱོ་དགོ་པས་ཟེར་ནུག་ ཡར་ལོངམ་ཅིག་ཨ་དུམ་ཅིག་བུད་ཡར་སོ་ཡི་ཟེརཝ་མས་ལོ་ མར་གསེར་ཁྲི་གུ་ དབའེ་དབའེ་ངེའི་རྒྱལ་པོའི་སྲུང་འཁོར་ན་བུད་སོང་ཡི་ཟེར་འཐུ་ ཧེམ་ཅུ་ནང་ག་འགྱོ་ནུག་ཏེ་ ཧེམ་ཅུ་ནང་རྐྱབ་ དེ་ལས་ཆབ་གསང་འདི་ ཆབ་གསང་འདི་ཡང་ ཁོ་གིས་སྐྱེལ་ཕར་ ཕར་ལྷོདཔ་ད་སླབ་སླབ་མས། ང་ད་ཅི་ལས་སླབ་ཅི་ ཁྱོད་བཞེས་སྒོ་གནམ་མེད་ས་མེད་འགྲངསམ་འབད་མ་ཟ་ཟེར་སླབ་ཅི་མེན་ན་ཟེར་ ལྡན་ལྕག་གིས་བརྡུངས་བརྡུངསམ་མས་སྤྱ་འདི་གིས།
  • ཨམ་རྡོ་རྗེ་དབང་མོ་ Dorji Wangmo
    ཨ་བ་འདི་ཕར་བཏོན་བཀོ་ ཆབ་གསང་རྫོགཔ་འབད་བཏང་བཅུག དེ་ལས་ཕར་ལས་ཚུར་ཡང་ད་རུང་ ཕྱག་ཞུ་ཡར་གསེར་ཁྲི་གུ་བཀལ་ དེ་ལས་རོགས་རྒྱལ་པོའི་སྲསམོ་འདི་ དངུལ་ཁྲི་གུ་ ཁོ་གསེར་ཁྲི་གུ་བཀལ་བཀལཝ་མས་ཏེ་ སྒྲིག་ཁྲིམས་པུ་ར་ཁོ་ར་གིས་སྟོན་ དེ་ལས་འ་ནཱི་སྦེ་ འབད་ཚར་བའི་ཤུལ་ལསན་ དེ་ལས་སླབ་སླབ་མས་ ད་དེ་ལས་སྒྲིག་ཁྲིམས་ཡང་སྦྱང་སོང་ནུག་བ་ཏེ་ཁོ་ སྒྲིག་ཁྲིམས་ཡང་སྦྱང་ དེ་ལས་འ་ནཱི་སྦེ་སྡོད་ དེ་ལས།
  • རྡོ་རྗེ་དབང་མོ Dorji Wangmo
    སྤྱི་འདི་ ཏེ་ཤི་རྫུ་བཏབ་སྡོད་སྡོད་པ་མས། ཁོ་གིས་ག་དེ་འབདན་ན་བལྟ་ནི་འབད་ ཁ་ཕྱེ་སྤར་རི་གང་བཏབ་སྦེ་ མར་སྒོ་ཁར་ཤི་སྡོད་སྡོདཔ་མས་[རྦད་ལྕགས་?]ཀྱི་རྩ་བར་ དེ་ལས་བྱ་རོགས་ཚུ་ཐོན་དེས་ཟེརཝ་མས་ལོ། དབའེ་ང་བཅས་རྒྱལཔོ་གི་སྤྱ་ཞཝ་ཤི་སོ་ནུག་ ཟེར་ནུག་ ཨེ་སྤྱ་དེམ་ཤི་བ་རྐངམ་བཤེད་འདྲུད་ ཨ་མར་ཆུ་སྐྱེལ་གཏང་ ཟེར་བས་ལོ། དེ་ལས་སྤྱ་འདི་ ཏེ་འགྲོས་ཀྱིས་འབད་ འ་ནཱི་གོ་གོཝ་མས་ཏེ་ འགྲོས་ཀྱིས་འབད་ལོང་ ཏེ་[ཨེ་འཚིལ་?]བཏབ་ ཏེ་ལོང་ལོངམ་མས་ མ་ཤི་བས་མ་ཤི་བས་ རྒྱལ་པོ་ཟེར་ནུག ནཱ་འཁྱིད་ཤོག་ ཟེར་བས་ལོ།
  • རྡོ་རྗེ་དབང་མོ Dorji Wangmo
    འཁྱིད་སྐྱེལ་ དེ་ལས་ཏེ་ ཁོ་དེ་ལས་རྒྱལཔོ་ཁམས་སངས་འབྱོན་གེ་ཟེར་ནུག་སྤྱ་འདི་གིས་ ཁམས་སངས་འབྱོན་གེ་ཟེར་ དེ་ལས་ཕར་ཙང་ཙ་འཁྱིད་ལྡན་ལྕག་གིས་གླེབས་གླེབས་མས་ཏེ་སྤྱ་འདི་གིས་ ཁྱོད་དྭཝ་བུཚ་ ཁྱོད་ཟ་སར་སྐྱེལ་མི་འདི་ང་ཨིན་ཟེར་ ག་ཅི་འབད་ང་ཤིཝ་ད་ཁྱོད་ག་ཅི་སླབ་སྨོ་ཟེར།
  • རྡོ་རྗེ་དབང་མོ Dorji Wangmo
    དེ་ལས་ ཏེ་ཕྱག་ར་འཚལ་ ང་ཁྱོད་ད་ལྟོ་རང་བློ་བཙོང་ག་ ཟེར་སླབ་སླབ་མས། ཨ་་་དེ་སྦེ་འབད་མ་ཆི་ ད་འབདན་ སྐུ་ཆེ་གསུང་ཆེ་ཐོབ་ཟེར་ནུག་ དེ་ལས་ཏེ་ དེ་ལས་འབདན་དེ་གི་ཤུལ་ལས་ ཞག་གཉིས་གསུམ་ཅིག་ལས་འབདན་ བདེན་དེ་ར་ཤི་སོ་ནུག་ཏེ་སྤྱ་འདི་ བདེན་དག་འབད་ཤི་སྦེ་ དབའེ་རྒྱལཔོ་གི་སྤྱ་ཤི་སོ་ནུག་ལགས་ཟེར་ནུག་ དོན་དག་འབད་ཤི་ཤིཝ་མེན་པས་ཨིན་པ་ དེམ་ཁ་ཕྱེ་སྤར་རི་གང་བཏབ་ཁོ་ཤི་བཟུམ་བཏབ་སྡོད་སྡོདཔ་མས་དེ་ཚེ་ ཏེ་དབའེ་དབའེ་ངེ་གི་སྤྱ་ཤི་སོང་ནུག ངེའི་སྤྱ་གནམ་མེད་ས་མེད་ལེགས་ཤོམ་ཨིན་ ང་ར་གི་ཨཔ་དང་ཨའི་གི་ཁྱད་ཟེར་རུང་ཁོ་ཨིན་ད་ ངན་ཆ་མཉམ་ཆུ་གིས་འབག་ཡར་སོ་ཡི་ ཟེར་སླབ་རྒྱལཔོ་སྔུ་སྦེ་ཐོན་ཐོནམ་མས་ ཡར་ལས་མར། དེ་ལས་སྤྱ་འདི་བགའ་ས་མ་ཐུབ་པར་ ཏེ་ཕྱེ་ལྐོད་མ་བསྣམས་ཏེ་(བརྣངས་སྟེ་)་ཤི་སོངམ་མས་ཏེ་ བདེན་དག་འབད་ཤི་སོང་ནུག་དེ་ལས་ ཏེ་དེ་ལས་ བདེན་དེ་འབད་ར་ཤི་ དེ་ལས་ཏེ་སྤྱ་འདི་མ་བཏུབ་བཏུབ་ མི་བ་ཡང་རྔམ་འབད་རོ་བསྡུ་བསྡུཝ་མས་ཏེ་ཁོ་ འ་ནཱིམ་ཅིག་མས། ཧེ་ཧི་ཧི་ཧི་་་་་་།། །།