Skip to main content Skip to search
20 Jun 2018
7 min 26 sec
Ariana Maki
Video Overview
Creators: 
Penchela

Storytelling is a longstanding tradition of Bhutan, used to remedy the exhaustion of working in the field, and also to share time with children before bed. However, this tradition is fading with the introduction of modernity. A man from Bartsa village in Karna, Dagana narrates a story about an orphan boy who struggles, yet his hard work pays off in the end. The orphan gets blessings from the deity of the rock when he chased a bird that ate all his grains. The blessings got drained by a neighbor who cheated him; however, he did not give up and sought help from the deity. Finally, he found out how to defeat his neighbor and he succeeds. This story teaches the lesson of hard work being rewarded and cheaters being punished. 

སྲུང་བཏང་ནི་འདི་ འབྲུག་གི་ཕ་མེས་ཚུའི་སྐབས་ལས་ར་ ལག་ལེན་འཐབ་སྲོལ་ཡོད་པའི་ ལམ་སྲོལ་ལེགས་ཤོམ་ཅིག་ཨིནམ་ད་ ཁོང་གི་ སྲུང་བཏང་ནི་འདི་ ཉི་མ་ཞིང་ལཱ་འབད་དེ་ འུ་སྡུག་མི་འདི་སངས་ཐབས་ལུ་ཨིནམ་སྦེ་ མནོ་བསམ་བཏང་དོ་ཡོདཔམ་ཚད་ དེ་བསྒང་ ཕྱི་རུ་ཨ་ལུ་འདི་ཚུ་ གཉིད་ཁུག་བཅུག་ནིའི་དོན་ལུ་ཡང་ཨིན་པས། ཨིན་རུང་ར་ ད་རེས་ནངས་པའི་ འཕྲུལ་རིག་གསར་བཏོད་འབད་མི་ལུ་བརྟེན་ ལམ་སྲོལ་འདི་ཚུ་མཐོང་ས་མེདཔ་ད་ དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ བར་ཚྭ་གཡུས་ཚན་ལས་ ཕོ་སྐྱེས་ཅིག་གིས་ དའུ་བུཚ་ཅིག་གིས་ མི་ཚེ་སྐྱོང་ཐབས་ཀྱི་དོན་ལུ་ ལཱ་ཁག་བཏང་རུང་ མཐའ་མཇུག་ལུ་ ཁོ་གིས་ ལཱ་རྩ་འགེངས་འབད་མི་ལུ་ གླ་ཡོན་ཐོབ་པའི་སྐོར་ལས་ཨིན་པས། དའུ་བུཚ་གི་ འབྲུ་འདལ་བཞག་བཞགཔ་འདི་ཚུ་ཆ་མཉམ་ བྱ་གིས་བཟའ་དཔ་ལས་ བྱ་བདའ་འགྱོཝ་ད་ རྡོའི་ལྷ་མོ་གིས་ ཁོ་ལུ་དངོས་གྲུབ་གནང་མི་འདི་ ཁོ་རའི་ བློ་གཏན་ཅན་གྱི་ ཁྱིམ་ཚང་ཅིག་གིས་མེདཔ་བཏང་ད་རུང་ ཁོ་གིས་ ལྷ་མོ་ལས་རྒྱབ་སྐྱོར་ཞུ་ནི་འདི་ བཀོ་མ་བཞག་ལས་ མཐའ་མཇུག་ལུ་ལྷོདཔ་ད་ ཁོ་ལུ་ཁྱིམ་ཚང་འདི་ལས་ ལོག་འཕྱོག་ཐབས་ཀྱི་ར ིག་རྩལ་སྟོན་བྱིན་མི་འདི་ མཐར་འཁྱོལ་བྱུང་ཚུགས་ནུག། སྲུང་འདི་ནང་ ལཱ་རྩ་འགེངས་འབད་བའི་གྲུབ་འབྲས་དང་ མགུ་སྐོར་རྐྱབ་པ་ཅིན་ ཉེས་ཁྲིམས་ཕོག་འོང་ཟེར་བཏོན་ཨིན་པས། 

Transcript search
No results found for this search
0 of 0
  • བརྟན་པོ་
    དང་ཕུ་ ཏེ་ཨ་ནཱི་ ཏེ་ས་མས་ཀྱི་གདན་ཐིང་ གནམ་གི་དགུང་སྤུབས་པའི་སྐབས་འདི་ལུ་ལགས། ཏེ་ཨ་ནཱི་འབདཝ་ད་ལུ་ ཏེ་དྭཝ་བུཚ་ཅིག་ཡོདཔ་མས་ལགས། ཏེ་དྭཝ་བུཚ་འདི་གིས་ཏེ་ སྒང་ཏོག་ཅིག་གུ་ཁོ་ཨ་ནཱི་གླིངམོ་ཅིག་འཕུ་སྡོད་སྡོད་པའི་བར་ན་ར་ ཏེ་རླུང་བཟུམ་སྦེ་ག་ཅི་ཨིན་ན་ཅིག་ ཏེ་འོངམ་མས་ལོ་ལགས། ཏེ་འོངམ་ཅིགན་ ཏེ་ཁོ་གདོང་ཁ་མར་སྒོར་སྦེ་ཨ་ནཱི་འབད་སྡོད་སྡོདཔ་བར་ན་ར་ ཡུདཔ་ཅིག་ལསན་ ཁོ་གི་མིག་ཏོ་ཁར་འདི་སྦུལ་ཨིན་མས་ ཟེརཝ་མས་ལོ་ལགས།
  • བརྟན་པོ་
    སྦུལ་སྦོམ་ཤོས་ཨ་ནཱིམ་ཅིག་འོངམ་མས་ལོ་ཡར་ལས་མར་ འོངམ་ཅིགན་ ཕྲངམ་ཕྲང་ས་ཁོ་ཨ་ནཱི་གླིངམོ་འཕུ་སྡོད་སྡོདཔ་བར་ན་རང་ ཨ་ནཱི་ཁོ་ གི་རྣམ་ཅོ་རྩ་བ་ལས་ཕར་ སྦུལ་དེ་གི་ལྕེ་འདི་བཙུགས་ད་ཡི་ལོ་ལགས། ཨ་ནཱི་ཁོ་གི་རྣམ་ཅོ་དོང་ནང་ ཨ་ནཱི་ལྕེ་འདི་བཙུགས་སྦེ་འབད་ ཡུདཔ་ཅིག་ལས་ སྦུལ་འདི་དེ་ནང་རང་བྱང་ད་ཡི་ལོ། ཏེ་དེ་ལས་དབའི་ ད་ང་ག་ཅི་ཨིན་ན་མནོ་སྦེ་ ཨ་ནཱི་འབད་བའི་བསྒང་ལསན་ དེ་ལས་ཨ་ནཱི་སྦྱངམ་ཅིག་གི་ཁ་ཡང་གོཝ་སྦེ་ཨིན་མས་ལོ་ལགས།
  • བརྟན་པོ་
    དེ་ལས་སེམས་ཅན་ག་ཅི་གི་ཁ་ཡང་ དེ་བསྒང་ལས་ཏེ་ སེམས་ཅན་ག་ཅི་སླབ་ཨིན་ན་གུ་ཅི་སླབ་ཨིན་ན་ཨ་ནཱི་ཁ་འདི་སྤུ་ར་(ག་ར་) ཁོ་གིས་གོཝ་མས་ལགས། དཔོན་ཡོདཔ་མས་བ་ལགས་ དེ་ལས་ཨ་ནཱི་ཁོ་གི་བོད་གཟིམ་སྒརཔ་ཅིག་ དེ་ལས་ཕར་ལས་ ཏེ་ཁོ་ཨ་ནཱི་ནོར་འཚོ་སྦེ་ ཨ་ནཱི་གླིངམོ་འདི་རང་འཕུ་སྡོད་པན་ མགུ་རྒྱ་ཞྭམོ་བཀབ་མི་ཅིག་ བཙུགས་སྦེ་འབད་ དཔའ་རྟགས་ཅིག་བཏགས་སྦེ་ ཨ་ནཱི་རྟ་ན་ཁར་(རྟ་ཁར་)བཞོན་སྦེ་འབད་ ཏེ་རྟ་རྒྱུག་རྐྱབ་བླུགས་དེས་ལོ།
  • བརྟན་པོ་
    དེ་ལས་ཁོ་ཨ་ནཱི་རྟ་རྒྱུག་རྐྱབ་བླུགསཔ་ད་ལུ་ཏེ་ཨ་ནཱི་ རྟའི་རྐང་མར་ཨ་ནཱི་ (ལག་ཆ་?)རྐྱབ་ནི་ཡོད་མེན་ན་ལགས། ཏེ་འ་ནཱི་འདི་གིས་ ཏེ་ཨ་ནཱི་ཁོང་རྟག་བུ་ག་འགྱོ་ས་ལུ་ ཨ་ནཱི་སྦེ་(ཀོ་བཀལ་འབད་?)འབག་ ཏེ་ཨ་ནཱི་(ཧིང་?)འདི་ཚུ་ཡོདཔ་འདྲས་སྦོ་ལགས། དེ་ལས་ཨ་ནཱི་(ཀོ་བཀལ་?)འདི་ཁ་ལས་ དེ་ལས་ཨ་ནཱི་(ཧིང་?)འདི་ཏེ་ ཨ་ནཱི་རྟ་གི་ཨ་ནཱི་ཁ་ལས་ཕར་ ཨེ་ཙི་གི་ནང་ན་ལས་ཕར་གཟུབས་གཟུབས་མས་ བོད་འདི་གིས་ཏེ་ རྟ་འདི་རྟས་ལྕག་བརྡུངས་སྦེ་བདའ་ དེ་ཨ་ནཱི་རྟ་འདི་ ཨ་ནཱི་ཧིང་འདི་ནང་གསོབ་གསོབ་མས།
  • བརྟན་པོ་
    དེ་ལས་རྟ་ཕྱུག་ཀུ་འདི་གིས་སྐད་རྐྱབ་རྐྱབ་མས་ཨའི་བདའ་མ་ཟུན་པར་ ཨེ་ཧི་་་ ཨེ་ཧི་སླབ་ད་ལུ་ འ་ཁྱོད་ར་ཨ་ནཱི་འབད་སྡོད་མ་རེད་ ཨའི་འདི་ན་ཤི་ནི་འབད་དོ་ ཨ་ནཱ་ནང་ལས་ཧིང་ནང་གཟུབས་ཆི་ཡི་ ཟེར་སླབ་སླབ་མས། དེ་བསྒང་ལས་ཁོ་གིས་ཧ་གོ་ཆི་འདུག (ཡར་པམ་ཅིག་?) ཏེ་མོ་བཏབ་པར་འགྱོ་འགྱོཝ་མས་ལགས་ཨ་ནཱི་བོད་འདི་ ཏེ་རྟ་འདི་སྒ་ཕབ་ད་འབདན་ ཨ་ནཱི་(ཀོ་བཀལ་?)འབད་བའི་བསྒང་ལས་ ཨིན་མས་ལོ་ལགས། ཨ་ནཱི་(ཀོ་བཀལ་?)དོང་སྤེད་ དེ་ལས་ཨ་ནཱི་རྟ་གི་མཆན་ཏ་ཁ་ལུ་འཛུལ་སོ་འདུག་ལོ་ལགས་ཨ་ནཱིམ་ཅིག
  • བརྟན་པོ་
    དེ་ལས་ཨ་ནཱི་གཟིམ་སྒརཔ་འདི་གིས་ འུམ་་་་་ དྭཝ་བུཚ་འདི་གིས་སླབ་མི་བདེནམ་མས་ ཏེ་དྭཝ་བུཚ་གིས་བཀག་ནུག་བ་ལགས་ ཁོ་བཀག་མ་བཏུབ་མས་ལགས་རྟ་འདི་ འུམ་་་་ ད་འབདན་ཁོ་གིས་ཧ་གོ་ཆིཔ་མས་ད་འབདན་བཞག་ཤིག ད་ཡར་དཔོན་ལུ་ཞུ་ཞིནམ་ད་ ཨ་ནཱི་དྭཝ་བུཚ་འདི་འབོ་བར་འགྱོ་དགོ་པས་ཟེར་ ཏེ་ཨ་ནཱི་སྦེ་སོང་ནུག ཏེ་དེ་ལས་ཡར་དཔོན་ལུ་ཞུ་སྦེ་འབདཝ་ད་ འོ་་་་ དེ་འབདན་ཅིན་ ཁོ་འཁྱིད་ཤོག་ཤིག་ ཟེར་སླབ་ ཁོང་གཟིམ་སྒརཔ་ཅིག་བཏང་སྦེ་འབད་ ཏེ་ཁོ་ལེན་པར་བཏང་ནུག
  • བརྟན་པོ་
    ཏེ་ང་ག་ཅི་ཡང་མི་ཤེས་ ཟེར་སླབ་འབདཝ་ད་ ག་དེ་འབད་རུང་ ཕར་དཔོན་གྱི་ཕར་འཁྱིད་ཤོག་ ཟེར་གསུངས་དེས་ ཟེར་སླབ་སྦེ་ཞིནམ་ད་ ཁོ་ནང་ལས་ཕར་འགྱོ་སྦེ་ཞིནམ་ད་ དེ་ལས་ དེ་ལས་ཨ་ནཱི་གཡོགམོ་བཏང་སྦེ་ཞིནམ་ད་ལུ་ དེ་ལས་ཆུ་ཚན་བཀལ་གཟུགས་ཆུ་འཁྱུ་ དེ་ལས་ཏེ་བགོ་གྱོན་སྦེ་འབད་ དེ་ལས་ཡར་ ཏེ་གདན་ཁར་བཀལ་ ལྟོ་སྤགས་དང་སྦྲགས་སྦེ་འབད་ ཏེ་ཁོ་ལུ་ ཏེ་ཨ་ནཱི་མོ་བཏབ་ནི་ཟེརཝ་ཡང་མིན་འདུག་ལགས་ ག་ཅི་ཡང་མིན་འདུག ཏེ་དེ་ལས་ཏེ་ མ་པ་རིམ་གྲོ་འདི་ག་ཅི་ཡང་འབད་ཚར་ནུག
  • བརྟན་པོ་
    དེ་ལས་བླམ་ཆོསཔ་འདི་ཚུ་གིས་ ལ་ལུ་གིས་རིམ་གྲོ་རྐྱབ་དགོ་པས་ཟེར་ དེ་ལས་ཨ་ནཱི་དཔའཝ་བོནམ་འདི་ཚུ་གིས་ དཔའམོ་་་་ བྱ་གསད་དགོ་པས་ཟེར་ ལ་ལུ་གིས་ནོར་གསད་འབད་དགོ་པས་ཟེར་ ཏེ་ཨ་ནཱི་སྦེ་སྤུ་ར་(ག་ར་)འབད་ཚར་ནུག་ལགས། དེ་ལས་ཨ་ནཱི་དྭཝ་བུཚ་འདི་ཡར་ལྷོདཔ་ཅིག་ དེ་ལས་ཨ་ནཱི་ལྟོ་དང་སྤུ་ར་(ག་ར་)ཨ་པཱི་སྦེ་བྱིན་འབདཝ་ད་ལུ་ དེ་ལས་བྱི་ལི་ཨའི་གཅིག་དང་ཕྱུག་ཀུ་ཅིག་ཡོདཔ་མས་ས་ལགས། དེ་ལས་ཏེ་ཁོ་ལྟོ་ཨ་ནཱི་སྦེ་བཟའ་འབདཝ་ད་ལུ་ ཏེ་ཨ་ནཱི་བྱི་ལི་ཕྱུག་ཀུ་འདི་འོངམ་མས་ལོ་ལགས།
  • བརྟན་པོ་
    ཕར་མ་སོང་རོགས་ལྟོ་ཟ་སར་མ་སོང་ ལྟ་མ་ཁྱོད་ཀྱི་མིག་ཏོ་ཁ་ལུ་ཨེ་མ་ཆུ་གཏོར་འོང་ཟེརཝ་མས་ལོ། དེ་ལས་ད་རུང་ལྟོ་ཅིག་བླུགས་བྱིན་སྦེ་འབད་ ད་རུང་ཤ་ཁམ་ཏོ་ཅིག་བཏོག་བྱིན་སྦེ་ ད་རུང་འདི་ཟ་ཚར་སྦེ་ ད་རུང་འགྱོཝ་མས་ལོ་ད་རུང་ ད་རུང་ཡུདཔ་ཅིག་ལས་ཕར་ལས་འོངམ་མས་ལོ། ཏེ་དེ་ལས་ བྱི་ལི་འདི་གིས་སླབ་མས་ལོ་ཨའི་འདི་གིས་ མ་་་་་ ང་བཅས་ཀྱི་དཔོན་འདི་དེ་སྦེ་མེན་ ཏེ་གདོན་གཞན་ག་ཅི་ཡང་མེད་ ཨ་ནཱི་དཔོན་གི་རྣམ་ཅོ་ནང་ན་ཨ་ནཱི་ ང་བཅས་འབུབ་གྱོག་མོ་ཡོད་སྨོ་ལགས་ ཨ་ནཱི་འཛུལ་སོ་འདུག་ཟེར་ཨིན་མས། ཏེ་ཨ་ནཱི་དྭཝ་བུཚ་འདི་གིས་གོ་ཆི་འདུག་ལགས་ ཏེ་དྭཝ་བུཚ་གིས་གསུངས་འདུག་ དེ་ལས་ཨ་ནཱི་ཁོང་གཟིམ་སྒརཔ་འདི་ཚུ་ལུ།
  • བརྟན་པོ་
    ད་དེ་སྦེ་མེན་ ད་ཁྱོད་ཀྱི་དཔོན་འདི་ཡར་ལྷོང་དགོ་པ་ཅིན་ ཨ་ནཱི་མེ་འཕུ་རེ་ལས་ ཤིང་ཁུར་རེ་ཤིང་ཁུར་རེ་ ཏེ་འཐུ་བཅུག་ཤིག་ཟེར་ ད་དེ་ཡང་ཨ་ནཱི་བྱི་ལི་འདི་གིས་སླབ་སླབ་མས། མེ་གོངམ་དིང་ཞི་ད་(འཕུ་ཞིན་ན་) དེ་ལས་དཔོན་འདི་ཨ་ནཱི་གུ་མེ་བསྲོ་བཅུག་དགོ་ཟེར་ རྣམ་ཅོ་ནང་ལུ་དཀར་པོད་བཙུགས་དགོ་ཟེར་ དེ་ལས་ཆུ་བཏབ་དགོ་ཟེར་ དེ་ལས་རྔ་དང་རོལམོ་བརྡུང་དགོ་ཟེར། ཏེ་ཨ་ནཱི་སྦེ་འབདཝ་ཅིག་ དེ་ལས་ཏེ་ཨ་ནཱི་འབུབ་འདི་ ཨིན་ཅི་མེན་ཅི་འཐོན་འོང་ཟེར་ ཨ་ནཱི་སྦེ་ཨིན་མས་ལགས།
  • བརྟན་པོ་
    དེ་ལསན་ ཏེ་ཨ་ནཱི་དེ་ལས་ དེ་ཚེ་ཁོང་དམངས་འཛོམས་ དེ་ལས་ཏེ་ཤིང་འཐུ་ མར་རྡོ་གཅལ་ནང་འབད་བཏོན་སྦེ་འབད་ ཏེ་མེ་འཕུ་ དེ་ལས་ཏེ་ཆུ་བཏབ་ རྣམ་ཅོ་རྩ་བ་ལས་ཕར་ ཏེ་ཨ་ནཱི་དཀར་པོད་བཙུགས་ ཆུ་བཏབ་ དེ་ལས་ཏེ་རྣམ་ཅོ་རྩ་བ་ལས་ཕར་ ཏེ་རྡུང་འཕུ་ས་ལས་འཕུ་ རོལམོ་བརྡུང་ས་ལས་བརྡུངས་ ཨ་ནཱི་འབད་བའི་བསྒང་ལས་ ཏེ་ཡུདཔ་ཅིག་ལས་ དེ་ལས་ཨ་ནཱི་དཀར་པོད་འདི་ ཨ་ནཱི་དཀར་པོད་འབལ་བལྟཝ་ཅིག་ དེ་ལས་ཨ་ནཱི་གྱོག་མོ་འདི་ ཨ་ནཱི་རྣམ་ཅོ་གི་དོང་ནང་ལས་འཐོན་ནི་འབད་ ཨ་ནཱི་འབད་ཚར་གཅིག་ ཨ་ནཱི་འབད་བལྟཝ་མས་ཟེརཝ་མས།
  • བརྟན་པོ་
    ད་རུང་ནང་ན་ཚར་གཅིག་འཛུལ་སོ་ཡི་སླབ་མས་ལོ་ མར་འཛུལཝ་ཅིགང་ ཁོང་བཅུ་ཐམ་དེ་ཅིག་འདུག་ལོ་ ཨ་ནཱི་འཐོན་སོ་འདུག་ལགས། ད་ས་དྲོད་བཏགས་ཆི་འདུག་ཟེར་ ད་འཐོན་འཐོན་ཟེར་ཏེ་སླབ་ དེ་ལས་ཨ་ནཱི་གྱོག་མོ་འདི་འཐོན་ཡར་སོང་འདུག འདི་འཐོན་ དེ་ཡང་ཨ་ནཱི་(དུས་ཁྲོལ་ན་?)ཨ་ནཱི་དཀར་པོད་ནང་བཟུང་ ཏེ་ཨ་ནཱི་སྤུར་ དེ་ལས་ཨ་ནཱི་ཤོ་གུ་ནང་བསྡམས་སྦེ་བཞག་འདུག་བ་ལགས་ ཨ་ནཱི་དྭཝ་བུཚ་འདི་གིས་ བཞག་ཅི་བཞག་ཅི་ (བཞགས་ཅི་མར་ཞོབ་?)ཡར་སོ་འདུག་ལགས།
  • བརྟན་པོ་
    དེ་ལས་མར་(ཞོབ་?)སོང་ དེ་ལས་དེ་ཚེ་ཏེ་ ཁོ་གི་རིམ་གྲོ་འབད་མི་ བླམ་ ཆོསཔ་ རྩིསཔ་འདི་ཚུ་ག་རང་མར་རྡོ་གཅལ་ནང་བཏོན་ ཡ་ད་ཁྱོད་ཀྱིས་ང་ལུ་ ག་ཅི་ག་ཅི་རང་འབད་ཡི་ཟེར་སླབ་ད་ ད་ང་བཅས་ཀྱིས་འདི་ དངམ་(རྣམ་དཔྱོད་ཡང་མེད་?) ལ་ལུ་གིས་ ཏེ་དཔའ་བོ་དཔའམོ་འདི་ཚུ་གིས་ནོར་བསད་ ང་བཅས་ཀྱིས་ཏེ་ཆོས་སྲུང་བཏང་ ང་བཅས་ཀྱིས་ཏེ་ཕགཔ་བསད་ དེ་ལས་ཏེ་ལ་ལུ་གིས་བྱ་བསད་ ལ་ལུ་གིས་ཨ་ནཱི་སྦེ་རིམ་གྲོ་རྐྱབ་ ཏེ་ལ་ལུ་གིས་གླུད་བཏང་ ལ་ལུ་གིས་དམར་གཏོར་འཕངས་ ང་བཅས་ཨ་ནཱི་སྦེ་འབད་ཞིན་ན་ ཨ་ནཱི་སྦེ་ཨིན་ལགས་ཟེར་སླབ།
  • བརྟན་པོ་
    དེ་ལསན་ ཏེ་ཁོང་ལུ་གསོལ་རས་མེན་པས་ལགས་ཏེ་ གསོལ་རས་འདི་ག་ཏེ་འོངམ་བ་ ཏེ་(ཁྱབས་བྱིས་?) ཏེ་གསུམ་གསུམ་ གསུམ་གསུམ་ ཡ་ང་གི་ཁ་ཐུག་ལས་གསོལ་རས་འ་ནཱི་ཨིན་ཟེར་ ཏེ་གསུངས་འདུག དེ་ལས་དྭཝ་བུཚ་གུ་ལྷོདཔ་ད་ལུ་ ཡ་དྭཝ་བུཚ་ངེ་གི་དོན་དག་ལུ་ ཁྱོད་ག་ཅི་འབད་ཡི་ ཟེར་སླབ་ད་ལུ་ ཨ་ནཱ་ཡོད་ལགས་ ཟེར་སླབ་སྦེ་འབད་ ཨ་ནཱི་དཀར་པོད་འདི་གུ་ ཨ་ནཱི་ཁ་ཕྱེ་ཞིནམ་ད་ ཨ་ནཱི་འབུབ་འདི་བཏོན་ད་འདུག་ལགས་ཁོ་གིས། ཨ་ནཱི་འདི་དཔོན་གྱི་ ཏེ་འ་ནཱི་ཁར་ན་མི་འདི་ ཨ་ནཱི་ཨིན་པས་ལགས་ ཟེར་སླབ་སྦེ་ཨ་ནཱི་སྟོནམ་ད།
  • བརྟན་པོ་
    དེ་ལས་ཏེ་ དྭཝ་བུཚ་ལུ་ཏེ་ གསོལ་རས་ཡང་གནང་འདུག་ ཏེ་དེ་བསྒང་ལས་ ཏེ་རོགས་དཔོན་ཡང་ དེ་བསྒང་ལས་དྲག་ནུག དེ་ལས་ཏེ་ཁོ་དེ་ཚེ་ཏེ་ གནམ་མེད་ས་མེད་ དེ་ལས་ཏེ་ མ་བཏུབ་བཏུབ་ཡར་ལས་རང་ དེ་བསྒང་ལས་ཁོ་ལུ་ཏེ་ ཏེ་དྭཝ་བུཚ་ཁོ་ལུ་ཏེ་ ཤ་གིས་མ་བཏུབ་ཆུམ་གིས་མ་བཏུབ་ བཀབ་བགོ་གིས་མ་བཏུབ་ དེ་ལས་ཏེ་ཨ་ནཱི་ཏེ་ཞབས་ཁོ་ར་གི་ཐུགས་གཏད་དགོངས་གཏད་འབད་ ཏེ་ཨ་ནཱི་སྦེ་བཞག་ནུག་ལགས། ང་གི་ཁ་ཐུག་ལས་ཨ་ནཱིམ་ཅིག་ཨིན།། །།