Skip to main content Skip to search
16 Feb 2017
2 min 57 sec
Video Overview

དེ་བསྒང་ སྤྲོ་སྟོན་གྱི་ལས་རིམ་ཟེརཝ་ ག་ནི་ཡང་མེདཔ་ལས་ ཕམ་རྒས་ཤོས་ཚུ་གིས་ ཁོ་རའི་ ཚབོ་ཚམོ་ཚུ་ མལ་ཆ་ནང་འཛུལ་ཞིནམ་ལས་ སྲུང་བཏང་བྱིན་ནིའི་ལུགས་སྲོལ་འདུག། ལམ་སྲོལ་འདི་ དེ་བསྒང་ གནམ་མེད་ས་མེད་ཡོངས་གྲགས་ཡོད་རུང་ ད་རེས་ནངས་པ་ གློག་བརྙན་ཊི་བི་ལ་སོགས་པའི་ དེང་སང་གི་འཕྲུལ་རིག་ཚུ་ལས་བརྟེན་ ཉམས་འགྱོ་དོ་ཡོདཔ་ཨིན། སྲུང་གི་བརྗོད་དོན་འདི་ རང་ལུ་ག་ཅི་ཡོད་མིའི་དབང་ལུ་མ་བཏང་བ་ མནོ་བསམ་རྒྱ་ཆེ་ས་ལས་ བཏང་དགོཔ་ཁག་ཆེ་བའི་སྐོར་ལས་ཨིན་ད་ སྲུང་འདི་ མོང་སྒར་རྫོང་ཁག་ ལྕགས་ས་མཁར་གདུང་སིང་མ་ལས་ ཀུན་བཟང་གིས་ བཏངམ་ཨིན་པས།