Skip to main content Skip to search
01 Sep 2018
15 min 39 sec
Ariana Maki
Video Overview
Creators: 
Sherig Dentshog
Transcript search
No results found for this search
0 of 0
  • རྡོེ། Dorji
    ཨཔ་འདི་བུ་ཆུང་ཀུ་གང་ལས་རང་ཤི་སོང་ནུག་ བུ་གཅིག་ཙམ་ཅིག་རང་ཡོདཔ་མས་ ཏེ་བུ་འདི་ཨ་འི་གི་གསོ་འདི་ཡོདཔ་མས། ཨ་པ་འདི་ཚོང་དཔོན་འབད་སྡོད་སྡོདཔ་མས་ འདི་གང་ནོར་བུ་བཏོན་པར་འགྱོཝ་ད་མཆོ་ནང་གྱོང་སོངམ་མས། ཏེ་དེ་ལས་ཨ་འི་འདི་གི་ཨ་ཀུ་གཅིག་འཚོལ་ཚད་ནུག ཨམ་གི་ཨ་རྐུ་སྲིན་པོ་ཨིན་མས་ལོ། ཨམའི་ཨ་ཀུ་སྲིནཔོ་འཚོལ་འབད་ ཨའི་འདི་གི་སླབ་སླབ་མས་ད་ང་གི་ཁྱིམ་ནང་འགྱོ་གེ་ཟེརཝ་ད་ ཨ་དབའི་ཁྱོད་ཀྱི་བུ་འདི་སྲིན་པོ་ཨིན་ཟེར་ནུག་ཨ་ཀུ་གི་ ཏེ་བུ་འདི་གུ་རུའི་སྤྲུལ་པ་ཨིན་མས་ལོ། ཨ་ཀུ་འདི་སྲིནཔོ་འབད་ནི་འདི་གི་འདྲོག་དོ་ཡོདཔ་མས་བ་ཏེ་ ཁྱོད་ཀྱི་བུ་འདི་སྲིནཔོ་མས་ང་འགྱོ་མི་ཚུགས་ཟེར་ནུག ཏེ་ཁྱོད་ནམ་འགྱོ་ནི་ཟེརཝ་ད་ ཁྱོད་ཀྱི་བུ་བསད་ཟེར་ནུག
  • རྡོེ། Dorji
    དབའི་ང་གི་བུ་ག་ཅིག་འབད་བསད་ནི་ཟེར་ནུག་ ད་ཁྱོད་ན་ནཝ་བཟུམ་འབད་སྡོད་ དེ་ལས་ན་ནཝ་བཟོ་སྟག་ལུ་བཟའ་བཙུག་ནུག དེ་ལས་ཨ་འི་གི་འོག་ལུ་སེལམོ་བཙུགས་ ཁ་ནང་ཚོག་བླུག་འབད་ཨ་ལ་ཨལ་ཟེར་སྡོད་ནུག བུ་འདི་གི་འདྲི་ནུག་ ཨའི་ག་ཅིག་འབདཝ་སྨོ་ཟེར་ ཨ་པ་ཡང་མེད་ད་ཁྱོད་ག་ཅིག་འབདཝ་སྨོ། ང་ནཝ་མས་ཟེར་སེལམོ་གུ་ཧེནམ་ད་དཀྲུམ་འགྱོ་དོ་ཡོད་མས་ བལྟས་རུ་ཏོག་ཕྱག་དོ་ཟེར་ནུག་ ཏེ་ཁ་ནང་ལས་ཡང་ཁྲག་སྐྱགའི་ཟེར་སླབ་ནུག ཨ་འི་ཨམ་ཁྱོད་ལུ་ག་ཅིག་འབད་ཅིན་དྲག་ཟེར་སླབ་ད་ ཨའི་གི་གནས་སྐབས་བཏོན་འདི་སྟག་གི་ཨོམ་འབག་འོངམ་པ་ཅིན་དྲག་ནི་མས་ཟེར་ནུག ག་ཅི་འབད་ཟེར་བ་ཅིན་སྟག་གི་བཟའ་བཙུག་ཟེར་མས། ཨིན་ན་ཨའི་ཟེར་སླབ་ད་ཨིན་ཟེར་ནུག་ དེ་ལས་ང་འབག་འོང་གེ་ཟེར་བུ་འདི་ཡར་སོང་ནུག་ སྟག་ཆུ་གུ་གཉིས་བརྩེད་འདི་སྡོད་ས་མཐོང་ནུག
  • རྡོེ། Dorji
    ད་རུང་དྲག་དྲགཔ་བཟོ་ ཨ་ཀུ་གི་སླབ་ནུག་ད་རུང་ཁྱོད་གི་བུ་དོམ་གི་ཡང་བཟའ་མ་ཚུ་ཡང་ན་སྟག་གི་ཡང་བཟའ་མ་ཚུ་ སྲིནམོ་ངོ་མ་རང་མས་ང་འདི་འབད་རང་མི་ཚུ་ཟེར་ནུག དབའི་ག་ཅི་འབད་ན་མནོ ག་ཅིག་འབད་བ་ཅིན་དྲག་ཟེར་ནུག ཁྱོད་ཀྱི་བུ་ལུ་སྲིནཔོ་དགུ་ཡོད་པའི་གཡུས་ཁ་ལས་ཚལ་ལུ་གཅིག་འབག་ཤོ་ཟེར་སླབ་ཟེར་ནུག ད་སྲིནཔོ་སྥུན་དགུ་གི་ཙམ་ཅིག་འབད་ཚུ་ འདི་མེན་ག་གི་ཡང་འབད་མི་ཚུ་ཟེར་ནུག ཡ་ཡ་བཏུབ་ཟེར་ཨའི་གི་ཨ་ལ་ཨ་ལ་ཟེར་ན་ནུག་ ཨ་འི་ག་ཅི་འབདཝ་སྨོ་ག་ཅིག་རང་ནཝ་སྨོ་ཟེར་ནུག ད་གི་ཅིག་འབད་བ་ཅིན་དྲག་འོང་སྟག་ཨོམ་ཡང་འབག་བྱིནའི་དོམ་ཨོམ་ཡང་བྱིན་ཡི། སྲིནཔོ་སྤུན་དགུ་འབད་ས་ལས་ཚལ་ལུ་གཅིག་འབག་འོང་པ་ཅིན་དྲག་ནི་མས་ཟེར་ནུག ཨ་ཁྱོད་དྲག་པ་ཅིན་འདི་ང་འབག་འོང་ཚུ་ཟེར་ནུག་ དེ་ལས་ཁོ་འགྱོ་ནུག
  • རྡོེ། Dorji
    ཏེ་འགྱོ་བའི་ལམ་ཁར་མཆོད་རྟེན་རྙིངམ་ཅིག་ཕྱད་ནུག་ ཏེ་ཁོ་གི་ཆོས་སྐོར་རྐྱབ་འབད་ཕྱག་འཆལ་སྨན་ལམ་བཏབ་ནུག ད་ང་ལམ་བཏང་མ་རེ་ ང་ཨའི་དོན་ལུ་ཚལ་ལུ་ལེན་པར་སྲུནཔོ་བུ་དགུ་འབད་སར་འགྱོཝ་ཨིན་ཟེར་རྒྱབ་ལྷང་ནུག ཏེ་མཆོད་རྟེན་གསརཔ་ཕྱདཔ་ད་བོན་སྐོར་རྐྱབ་ཆབ་གསང་བཏང་དོ་ཡོདཔ་མས་ཁོ་གི་ ཤིད་མཆོད་རྟེན་གསརཔ་ཁྱོད་ཟེར། ཟམ་པ་རྙིངམ་ཕྱགཔ་ད་ཆོས་སྐོར་རྐྱབ་ ཟམ་གསརཔ་ཕྱདཔ་ད་བོན་སྐོར་རྐྱབ་དོ་ཡོད་མས། འ་ནི་འབད་ག་རང་རྒྱལ་འགྱོ་ད་ལུ་ ཀ་ལ་གི་བགོ་ལ་ཐག་སྡོད་ས་ལྷོད་ནུག་ ཁོ་གནམ་སོ་འབད་སྡོད་ས་མེད་དོ་ཡོདཔ་མས་ བགོ་ལ་ཐག་མི་ཨམ་ད་རེས་བཟའ་ནི་ལྟོ་ཅིག་གནང་ ནངཔ་འགྱོ་བའི་ལམ་ཅིག་བཏོན་གནང་ཟེར་ནུག དབའི་ངེ་བུ་དགུ་སྲིནཔོ་ཨིན་ཁྱོད་བཟའ་འོང་ཟེར་ནུག དབའི་གནས་སྐབས་ཁྱོད་ཀྱི་བཏོན་གནང་ཟེར་ནུག་ དེ་ལས་ལྟོ་བྱིན་འབད་ ཟངས་དགུ་གི་འོག་ལུ་བཙུགས་བཞགས་ནུག
  • རྡོེ། Dorji
    དེ་ལས་བུ་འདི་ཚུ་འོང་འབད་པའི་གང་ལས་ ཨའི་ད་རེས་ཤ་གསརཔ་གི་དྲིནམ་མ་འདྲཝ་ཅིག་འོང་དེ་ཟེར་སླབ་ནུག ཏེ་དེ་ལས་ཟང་རེ་རེ་བཞིན་དུ་རྐངམ་གི་རྐྱབ་ད་ལུ་ ཟང་གཅིག་ཀེར་ཀེར་ཟེར་སྤུབ་འདི་སྡོད་ནུག དེ་ལས་ནང་པ་དྲོཔ་ཨ་སག་བུ་འདི་ཚུ་ཁ་རང་ཤ་བདའ་བར་འགྱོ་དོ་ཡོདཔ་མས། ད་རུང་འགྱོ་ནུག་ད་རུང་གནམ་སོགཔ་ཅིག་ ལྕག་གི་བགོ་ལས་ཐག་སར་ལྷོད་ནུག་ ལྕག་གི་བགོ་ལ་ཐག་མི་ཨམ་གཟིགས་བྱ་མོ་ད་རེས་བཟའི་ལྟོ་ཅིག་གནང་ནངཔ་འགྱོ་བའི་ལམ་ཅིག་བཏོན་གནང་ཟེར་ནུག ཨ་བྱིན་ནི་བྱི་གེ་ང་ནང་སྲིནཔོ་ཡོད་ཟེར་སླབ་ནུག་ ལྟོ་ཅིག་བྱིན་ཉལ་བཙུག་ནུག་ ད་རུང་འོངམ་མས་ལོ་བུ་སྤུན་བདུནཔ་འདི།
  • རྡོེ། Dorji
    ཚལ་ལུ་འདི་ཁྱིམ་བཟུམ་འབད་སྦོམ་འདུག་ལོ་ དེ་ལས་གོ་ལས་འབད་ཕྱི་རུ་བཏོག་ནི་དགོ་བཙུགས་ནུག བུང་ཟེར་ས་ཁ་འབུལཝ་ཅིག་སྤུན་དགུ་ག་རང་ལོང་འོང་ནུག་ སྤུན་དགུ་ག་རང་གི་བཟའཝ་ད་ག་རང་ནང་ལས་ལོག་མཐོན་འོང་ནུག དབའི་ཁྱོད་ལས་དྲགཔ་ཡང་བཟའི་ཞན་པ་ཡང་བཟའི་ སྒོམ་ཆེན་སྥྱང་ལོ་ཁྱོད་ག་ཅིག་སྨོ་ལོ་ལོ་མཐོན་འོངམ་མས་ཟེར་ནུག ཏེ་ཁོ་འདི་གུ་རུ་སྤྲུལ་པ་ཨིན་མས་ ཏེ་སྲིནཔོ་འདི་ཚུ་གི་ག་བཟུམ་བཟའ་རུང་ལོག་ནི་མེདཔ་མས་ ཁྱོད་འདི་ག་ཅི་སྨོ་ཟེར་ནུག ཨའི་ང་འདི་གནའ་མེད་ས་མེད་ནང་དོག་འདི་ཨིན་ ང་གི་ཨའི་ད་རེས་ནང་པ་རང་ཤི་ནི་འབད་དོ། སྲིནཔོ་བུ་དགུ་གི་ཚལ་ལུ་གཅིག་འབག་འོང་པ་ཅིན་དྲག་ནི་མས་ཟེར་སླབ་འདི་འོང་ཡི་ཟེར་ནུག ཁྱོད་ནང་དོག་ཚད་ནུག་སྨོ་ཟེར་སླབ་ནུག་ དེ་ལས་ཡར་ལོག་ནི་ལོ་གསུམ་དང་ཉིནམ་གསུམ་ལུས་སོང་ནུག
  • རྡོེ། Dorji
    ལོ་གསར་བཟའ་འདི་ག་རང་ཆང་དྲངས་སྡོད་ནུག་ལོ་ ཨང་རྒས་མིག་ཏོ་མ་མཐོང་མི་གཅིག་ཨ་ལོ་གཅིག་གི་བཟུང་འབད་འཁྱིལ་འགྱོ་དེ་ལོ། དེ་ལས་ཨ་ལོ་བསད་ཨང་རྒས་འདི་ཁོ་གི་འཁྱིལ་འགྱོ་ནུག་ ཨང་རྒས་འདི་ཆུ་མཐུངམ་ད་ཁོ་གི་ཨ་ལོ་ཤ་རླུག་བྱིན་ནུག ཨ་འེ་ད་རེས་འདི་ཆུ་འདི་བྲོཝ་མ་འདྲཝ་ཅིག་རང་འདུག་ཟེར་ནུག་ དེ་ལས་ཁོ་གི་ཨང་རྒས་ཞིམ་འབད་ག་ཟེརཝ་ད་ཞིམ་འབད་ཟེར་ནུག ཨང་རྒས་བུམོ་མེ་ཏོག་སྒྲོལ་མ་ཟེར་མི་འདི་ག་ཏེ་སྡོདཔ་སྨོ་ཟེར་ནུག་ ཨ་འེ་མ་ཤེས་ག་ཕར་ཁྱིམ་ཐོག་བཅ་གསུམ་གྱི་བར་ནང་ལུ་གསེར་གི་རྩེཝ་འོག་ཡོད་མ་ཤེས་ག་ཟེར་ནུག འོ་འ་ནི་ནང་ཨིན་བ་ཏེ་སྨོ་ཨང་རྒས་ཟེར་སླབ་ད་ཨིན་ཟེར་ནུག་ ཨང་རྒས་འདི་བཀོ་བཞགས་འབད་ཁོ་ཡར་སོང་ནུག ཕྱི་རུ་ཁྱིམ་ཐོག་གསུམ་ལས་བརྫེགས་ཚད་ནུག་ བུམོ་མེ་ཏོག་སྒྲོལ་མ་གི་ཁྱོད་ག་ལས་སྨོ་ཟེར་ནུག་ ཁོ་གི་ང་མི་གཡུལ་ལས་ཨིན་ཟེར་ནུག ཁྱོད་ག་ཅིག་འབད་འོངམ་སྨོ་ སྲིནཔོ་བུ་གི་བཟའ་འོང་ཟེར་ནུག ང་ནང་ཁྱོད་མནའམ་འབད་ལེན་པ་ཨིན་ ག་ཅིག་འབད་ཟེར་བ་ཅིན་ང་གི་ཨའི་འདི་ནན་ཡོད་ ཁྱོད་མནའམ་འབད་འཁྱིལ་འོང་པ་ཅིན་མོ་དྲག་འོང་ལོ་དེ་མེན་མི་དྲག་ལོ། ཡ་བླམ་མཁྱེན་ན་ག་རང་སྲིནཔོ་ཨིན་ད་ཁྱོད་བཟའ་རང་བཟའ་འོང་ཟེར་ནུག
  • རྡོེ། Dorji
    ད་འདི་གི་ཟློག་ཐབ་ཁྱོད་རང་གི་རང་འབད་དགོ་ཟེར་ནུག་ ཏེ་བློ་སླབ་འབད་ད་ག་དེ་འབདཝ་དྲག་ག་ཟེར་སྡོདཔ་ད་རང་ བུམོ་མེ་ཏོག་སྒྲོལ་མ་གི་སྦྱིང་གུམ་གུ་སྥྲུལ་འདི་གསེར་གྱི་རྩེཝ་མིག་ཏོ་ནང་ལས་འཐོན་འོང་ནུག ད་ལས་ཁོང་གཉིས་དྲོ་པ་ཧ་སག་འགྱོག་འགྱོ་ནུག་ དེ་ལས་དཀར་པ་བཏབ་མི་སྲིནཔོ་འདི་ཚུ་འོངམ་མས་ལོ་མས་ ང་བཅས་བུམོ་མེ་ཏོག་སྒྲོལ་མ་འཁྱིལ་དོ་ཟེར། དེ་ལས་ཁོང་འུ་སྡུག་འདི་བདའ་མ་བཟུན་མས་ལོ་ དེ་ལས་སྲིནཔོ་ཚུ་གི་མཆོད་རྟེན་རྙིངམ་ང་བཅས་བུམོ་མེ་ཏོག་སྒྲོལ་མ་འཁྱིལ་འགྱོ་དོ་ཁོ་བཟུང་ཟེར་ནུག ང་འདི་རྒྱབ་འབད་མི་ཚུ་ཁོ་གི་ལྷ་གསང་དང་འཁྲིལ་གསལ་བཏང་འོང་འོངམ་ཨིན་ཟེར་ནུག ཏེ་མཆོད་རྟེ་གསརཔ་ལུ་རྐྱབ་འབད་ཟེར་སླབ་ད་ ཁོ་ཆབ་གསང་བཏང་བཀྲ་མ་ཤིབ་འབད་འོང་འོངམ་ཨིན་ང་བཅས་རྒྱབ་མི་འབད་ཟེར་ནུག ག་གི་ཡང་རྒྱབ་འབད་མ་བཏུབ་བ་ལོག་ལྷོད་ནུག ཏེ་ཨམ་སྲུ་འདི་གི་དངུལ་གྱི་ཇ་དོངམ་ཅིག་འབག་འོང་འོངམ་མས་ལོ།
  • རྡོེ། Dorji
    ཏེ་ཡར་ལྷོདཔ་ད་ ད་རུང་ཨའི་འདི་ཨ་ཀུ་འབད་སར་འགྱོ་ནུག་ ཁྱོད་བུ་ལོག་ལྷོད་ཅིག་ག་ཟེརཝ་ད་ལྷོད་ཅིག་ཟེར་ནུག བུམོ་མེ་ཏོག་སྒྲོལ་མ་འཁྱིལ་འོང་ནུག་ག་ཟེརཝ་ད་ འཁྱིལ་འོང་ནུགཟེར་ནུག ཛ་འི་ཁྱོད་བུ་འདི་སྲིནཔོ་རང་ཨིན་མས་ སྲིནཔོ་དཀར་པ་སྐྱེ་མི་གི་ཡང་བཟའ་མ་ཚུགས་འབད་ སྲིནཔོ་བུ་དགུ་གི་ཡང་འབད་མ་ཚུགས་ ཁྱོ་བུ་འདི་སྲིནཔོ་ངོ་མ་རངཨིན་མས་ད་ཁྱོད་རང་ཡང་བཟའ་འོང་མས་ཆར་ཅིག་ཟེར་ནུག ད་ག་དེ་འབད་བ་ཅིན་དྲག་ག་ཟེར་ནུག་ ད་ཁོང་བསད་པ་ང་འོང་གེ་མ་རེ་ ཨ་རང་ནང་ལུ་ཏམ་ཁུ་བླུག་བྱིན་མ་རེ་དེ་ལས་ང་ཁོ་བསད་པ་འོང་གེ་ཟེར་ནུག་ཨ་ཀུ་གི དེ་ལས་ཨའི་གི་ད་ང་གི་བུ་འུ་སྡུག་ཚདའི་ཟེར་ཨ་རང་ནང་ཏམ་ཁུ་བླུག་བྱིུན་དོ་ཡོདཔ་མས་ལོ་ བུ་འདི་མགུ་ཏོག་རང་འབག་མ་ཚུགས་བ་ཆང་མཐུང་སྡོད་ནུག་ལོ་ཏེ་ མ་མཐུང་པ་ཅིན་ཨའི་གི་ཁ་ནང་བླུག་བྱིནམ་མས་ལོ། བུམོ་མེ་ཏོག་སྒྲོལ་མ་འདི་སེམས་མ་བདེ་བ་ལོ་ཏེ་ བླ་མ་མཁྱེན་ནོ་ད་ཅིག་འབད་དོ་མ་རེ་ད་འ་ནི་ཨམ་འདི་གི་གནས་སྐབས་ཅིག་བཏང་དོ་མ་རེ་མནོ་ནུག
  • རྡོེ། Dorji
    ཨ་ཀུ་འདི་ཕུག་གཡིབ་སྡོད་སྡོདཔ་མས་ཁོ་ཕར་ལས་འོངམ་ད་རང་དུར་དུར་ཟེར་སླབ་མས་ལོ་ ཏེ་བུ་འདིན་དྲེན་མེད་འབད་སྡོད་ནུག་ལོ་ཆང་གི་ ཏེ་མནའམ་བུམོ་མེ་ཏོག་སྒྲོལ་མ་གི་མོ་གི་ཇ་དམ་འདི་ནང་ཆུ་བསིལ་ཏོང་ཏོ་གཅིག་བླུག་འབད་ཧིང་ཁ་ལུ་བཀལ་བཞགས་ནུག་ ད་འབད་བཀལ་ས་བཀལ་དའི་ཚེ་ཧེ་མའི་ལས་རང་འ་ནི་ཅིག་འོང་ནི་མས་ང་ག་ཅིག་འབད་འོང་ཡི་ག་མནོ་ནུག ཨ་ཀུ་སྒོ་ཁ་ལས་ནང་ན་འཇུལཝ་ཅིག་བུམོ་འདི་གི་མིག་ཆུ་ཁོང་གི་དཔྱལཝ་གུ་ཕོགཔ་ཅིན་ ཨ་ཀུ་དཔའ་རྟག་མེདཔ་མས་ལོ་ཨམ་བུ་གི་འདི་འབག་ཤོས་ཟེར་ནུག ཨམ་བུ་གི་འདི་འབག་ཤོས། ཏེ་མནའམ་འདི་གི་མིག་ཆུ་བུའི་མིག་ཏོ་ཁར་ཕོགཔ་ཅིག་ ཨ་མ་ང་གི་དཔའ་རྟག་ག་ཏེ་སྨོ་ཟེར་སླབ་ད་ ཨའི་གི་ལགཔ་དཔའ་རྟག་གུ་ལྟད་ནུག་ལོ། དེ་ལས་ཨ་ཀུ་གི་མགུ་ཏོ་བཏོག་བཏང་དང་ནུག་ ཏེ་བུམོ་མེ་ཏོག་སྒྲོལ་མ་གི་མགུ་ཏོ་འདི་བཟུངམ་ཅིག་ཆུ་ཚན་འཁོལ་འཁོཝ་ནང་བཙུགས་བཏང་ད་ནུག་ལོ། ཨམ་སྨན་བླུག་ཤོས་ཨམ་སྨན་བླུག་ཤོས་ཟེར་སླབ་ད་ མནའམ་འདི་གི་གོ་ཐལ་བླུག་བཏགང་ད་ནུག་ལོ་ ཨ་ཁྱོད་ཀྱི་སྨན་ཟེར་ ཁྱོད་ཀྱི་སྨན་འདི་འ་ནི་ཨིན་མ་རེ་ཟེར་ནུག དེ་ལས་འབད་སྲིནཔོ་འདི་འདམ་བཏག་ཞིནམ་ལས་བུ་གི་སངས་རྒྱས་རྟན་པ་དར་དརཝ་ཨིན་ལོ།