Skip to main content Skip to search
07 Jun 2018
20 min 31 sec
Rinchen Dorji
Video Overview
Creators: 
penchela

This is a Lotsham (Nepali) version of story narrated by Bakta Bdr Gurung from Dagana district. This version was also narrated in Dzongkha and Tshangla language from different parts of the country. It is a story about a King and his two consorts, one evil and one pure. The evil consort destroys the other along with a child, but later is punished for her actions while the pure queen is reborn into better circumstances. Thus, the story revals the futility of greed. 

༉  དར་དཀར་ན་རྫོང་ཁག་ཏོ་ཁེ་ལས་ བཱག་ཏ་བྷ་དུར་གུ་རུང་གིས་ ལྷོ་མཚམས་ཀྱི་ཁ་སྐད་ནང་སྦེ་ རྒྱལཔོ་ཅིག་ལུ་ བཙུནམོ་གཉིས་ཡོད་མི་ལས་ གཅིག་མཁའ་འགྲོ་དང་ གཅིག་བདུདམོ་ཨིན་པའི་སྐོར་ལས་ སྲུང་གཏངམ་ཨིནམ་ད་ སྲུང་འདི་ ང་བཅས་རའི་རྒྱལ་ཡོངས་ཀྱི་ཁ་སྐད་རྫོང་ཁ་དང་ ཚངས་ལའི་ཁ་སྐད་ནང་ཡང་གཏང་སྲོལ་ཡོད། ཏེ་བདུད་ཀྱི་བཙུནམོ་འདི་གིས་ མནོ་བསམ་ངན་པའི་སྒོ་ལས་ མཁའ་འགྲོའི་བཙུནམོ་འདི་བཀྲོངས་ཏེ་ རྒྱལཔོ་གི་བཙུནམོ་སྦེ་ དབང་ཚད་ཚར་གཅིག་མོ་གིས་ལེན་ཆི་ནུག ཨིན་རུང་ མཁའ་འགྲོའི་བཙུནམོ་འདི་ ལོག་སྟེ་སྐུ་འཁྲུངས་ཞིནམ་ལས་ བདུདམོ་དེ་དམ་བཏགས་སྦེ་ མོ་ར་བཙུནམོ་ངོ་མ་འབད་མཛད་པའི་སྐོར་ལས་འཐོནམ་ཨིན་མས། ཏེ་སྲུང་འདི་གིས་ ང་བཅས་ར་ག་ར་འབད་རུང་ འདོད་པ་དང་ཆགས་པའི་དབང་ལུ་ཐལ་ཏེ་ ལཱ་ངན་པ་འབད་ནི་མི་འོང་ ཟེར་བའི་དོན་སྟོནམ་ཨིན་པས།

Transcript search
No results found for this search
0 of 0
  • བག་ཏཱ་བཱ་དུར་གུ་རུང་
    ཧེ་མ་རྒྱལ་པོ་སྤུན་ཆ་གཉིས་ཡོདཔ་མས་ ཏེ་རྒྱལ་པོ་འབད་མི་ཕོ་རྒནམ་འདི་གཤགས་སོངམ་མས། ནོར་ཅུང་འདི་རྒྱལ་པོ་འབད་འདི་ཡུན་རིངམོ་ཡར་སོང་ནུག་ དེ་འབད་རུང་ཁོ་གཉེན་མ་རྐྱབ་འབད། རྒྱལ་པོ་གཤགས་མི་འདི་གི་བཙུནམོ་འདི་རྡོ་ཆལ་ཕྱགས་སྡོད་ད་སླབ་ནུག ཁྱོད་རྒྱལཔོ་ག་བཟུམ་སྨོ་ ཡང་ན་འགན་ཁུར་ལེགས་ཤོམ་འབད་འབག་ནི་མེད་འདུག་ ཡང་ན་གཉེན་རྐྱབ་ནི་མེད་འདུག རྒྱལ་པོ་འདི་རྡོ་ཆལ་ནང་བཞུགས་བཞུགས་མས་ དེ་ལས་ད་རུང་རྒྱལ་པོ་འདི་རྡོ་ཆལ་ཟུར་ཁ་སྡོད་ནུག ད་རུང་བཙུནམོ་འདི་གི་ཁྱོད་རྒྱལ་པོ་ག་བཟུམ་སྨོ་ཟེར་ནུག་ ཁྱོད་ཀྱི་ང་ལཱ་འབད་ས་དཀྲོག་མས། བཙུནམོ་འདི་ཁྱིམ་ཕྱགས་འདི་སྡོད་ནུག་ ཏེ་མོ་ག་ཏེ་ཕྱགས་ས་ཁོ་འོང་སྡོད་དོ་ཡོདཔ་མས། དེ་ལས་བཙུནམོ་འདི་གི་ ཁྱོད་གླང་དང་འདྲ་བས་ ཡང་ན་ང་གི་ག་ཅིག་སླབ་ཨིན་ཁྱོད་ཧ་མི་དགོ་པས། ཡང་ན་བཙུནམོ་ཡང་མི་འཚོལ་པས། རྒྱལ་ཁབ་འདི་བཟུམ་གཅིག་གི་རྒྱལཔོ་འབད་ཞི་ན་ བཙུནམོ་གཅིག་དགོ་རང་དགོ
  • བག་ཏཱ་བཱ་དུར་གུ་རུང་
    རྒྱལ་པོ་འདི་སེམམ་མ་བདེཝ་མ་ཚད་སེམས་མ་དགའ་པས། དེ་ལས་ཁོ་གཉེན་རྐྱབ་དགོ་པས་མན་ བཙུནམོ་འཚོལ་བར་རྒྱལ་ཁབ་ཐ་ཡུལ་མེད་པར་འགྱོ་ནུག འཚོལ་འདི་ལམ་རིངམོ་འགྱོ་བའི་བར་ན་རྒྱལ་ཁབ་གཞན་ཅིག་ཁར་ལྷོད་ནུག དེ་ལས་རྒྱལ་ཁབ་འདི་ནང་གི་རྒྱལ་པོ་དྲུས་ནུག་ ཁྱོད་ག་སྨོ། ག་ཏེ་ལུ་འགྱོཝ་སྨོ། ཏེ་ག་ཅིག་འབད་བར་འོང་ཡི་ཟེར་ནུག་རྒྱལ་པོ་འདི་གི ན་གི་ང་གིས་སླབ་མི་འདི་བྱིན་ནི་ཨིན་ཟེར་བ་ཅིན་ཅམ་ཅིག་དོན་དག་སླབ་ནི་ཨིན། ཏེ་ན་གི་མི་བྱིན་ཟེར་བ་ཅིན་ང་འོང་དགོ་པའི་དོན་དག་འདི་མི་སླབ་ཟེརཝ་ད། རྒྱཔ་ལོ་གི་བཏུབ་ ཁྱོད་ག་ཅིག་གནང་ཟེར་སླབ་ཅི་བྱིན་ནི་ཨིན་ཟེར་ནུག རྒྱལ་པོ་འདི་གི་གཏན་གཏན་ཨིན་ཟེརཝ་ཚར་གསུམ་སླབ་ནུག་ རྒྱལ་པོ་སོ་སོ་འདི་གི་གཏན་གཏན་ཨིན་ཟེར་ནུག ང་རྒྱལ་ཁབ་སོ་སོ་འདི་གི་རྒྱལཔོ་ཨིན་ ཏེ་ང་བཙུནམོ་གཅིག་འཚོལ་བར་འོང་ཡིགཉེན་རྐྱབ་ནི་འབད་ཟེར་ནུག འདི་འབདན་བཏུབ་པས་ ད་རེས་ཞག་ན་སྡོད་འབད་ ནང་པ་བཙུནམོ་འཁྱིལ་སོང་ཟེར་སླབ་ནུག་ བཏུབ་འདི་འབདན་ཟེར་ནུག
  • བག་ཏཱ་བཱ་དུར་གུ་རུང་
    དེ་ལས་ཞག་སྡོད་ལྟོ་བཟའ་འབད་སྡོད་ནུག་ ད་རུང་རྒྱལ་པོ་འདི་གི་ ད་རུང་སྡོད་ཉང་མ་གསུམ་དེ་ཅིག་ཟེར་ནུག ཉི་མ་གསུམ་སྡོད་འདི་གི་རྒྱབ་ལས་བཏང་ད་ནུག་ལོ་ ཁྱོད་འ་ནི་ཅ་ལ་འདི་འབག་འགྱོ་ ལ་ག་མ་དཀྲུམ་ ཆུ་ཡོད་ས་ལྷོདཔ་ད་དཀྲུམ། འདི་གི་ཁྱོད་གི་ལཱ་འབད་བཏུབ་ཟེར་ནུག ང་འདི་ན་གི་བུམོ་བཙུནམོ་འབད་འཁྱིལ་ནི་འབད་འོང་འོངམ་ཨིན། འདི་སེམ་ཅུམ་ང་ག་ཅི་འབད་ནི་ཟེར་ནུག་ ཏེ་སེམ་ཅུམ་གཅིག་ཡོད་མེན་ན་ཚོདམ་བཟའ་མི་འ་ནི་གཅིག་བྱིན་བཏང་ནུག ཏེ་ཁོ་གི་དོན་འཛིན་མ་རི་བར་ ཚོདམ་བཟའ་མི་སེམ་ཅུམ་གི་ང་གི་བཙུནམོ་ག་དེ་འབད་བཏུབ་ནི་ཟེར་མནོ་ནུག སྒང་ཏོ་གུ་འབདམ་མ་དཀྲུམ་ ཆུ་ཡོད་ས་འབག་འབད་དཀྲུམ་ འདི་དཀྲུམ་བལྟཝ་ད་བཙུནམོ་འདི་ནང་ན་འོང་ཟེར་ནུག
  • བག་ཏཱ་བཱ་དུར་གུ་རུང་
    ཨ་འོ་འདི་བཟུམ་དོན་འཛིན་མེད་པའི་བློ་ཟེར་ སྒང་ཁ་ལྷོདཔ་ཅིག་དཀྲུམ་ད་ནུག ཏེ་དེ་ལས་དཀྲུམ་བལྟཝ་ད་འདི་ནང་ལས་ལྷའི་སྲསམོ་བཟུམ་སྲསམོ་གཅིག་འའཁྲུངས་ནུག་ནུག་ལོ་ སེམ་ཅུམ་འདི་ནང་ལས། དེ་ལས་ཆུ་གནང་ཆུ་གནང་ཟེར་སླབ་ད་ སྒང་ཁ་འབད་ནི་འདི་གི་རྒྱལཔོ་ནོར་བཟུམ་འདི་གི་ཆུ་མ་འཐོབ་པར་སྲསམོ་འདི་ཤི་སོང་ནུག ད་ང་གི་ཨ་ཞང་རྒྱལཔོ་འདི་གི་འདི་ཆུ་འབད་ས་སོང་འབད་དཀྲུམ་ཟེར་ཡི་ ད་རུང་ཁོ་འབད་ས་གསལཝ་བཏབ་པར་འགྱོ་དགོ་འབད་མནོ་ ལོག་འགྱོ་ནུག་ལོ། ག་ཅིག་འབད་ག་ཡི་རྨགཔ་ ག་ཏེ་ལུ་དཀྲུམ་ཅིག་ཟེརཝ་ད་ ཁོ་གི་ཆུ་ཡོད་ས་དཀྲུམ་ཅི་ཟེར་ནུག ཐེ་རེ་བ་རི་ཁྱོད་ཤོབ་རྐྱབ་མས་ སྒང་ཁ་དཀྲུམ་འབད་ཆུ་མཐུང་ནི་མ་འཐོབ་པ་ཤི་སོངམ་འོང་ ཟེར་སླབ་འབད་ ཚོགས་བརྡ་བཏང་ནུག
  • བག་ཏཱ་བཱ་དུར་གུ་རུང་
    ད་ཁྱོད་ཟླ་ངོ་དྲུག་སྡོདཔ་ད་ཅམ་ཅིག་བཙུནམོ་འཐོབ་འདི་མེན་མི་འཐོབ་ཟེར་ནུག ད་རུང་ཟླ་ངོ་དྲུག་རྒྱལ་པོ་འདི་འབད་ས་ཀཝ་བཅད་ བློ་ལེགསཔ་དང་ཚོགས་བརྡ་བཏང་ གནས་སྐབས་འདི་ཚུ་མ་རབ་ཅིག་བཏོན་བྱིན་ སླབ་བྱ་ལེགསཔ་ལེ་ཤཱ་བྱིན་ནུག་ དེ་ལས་རྒྱལ་ཁབ་ཕྱེད་ཡང་བྱིན་ནུག ཏེ་ཟླ་དྲུག་གི་རིང་ལུ་ཁོ་ཡོ་ཏམ་ལེ་ཤཱ་འཐོབ་ མི་ཤེསཔ་མཐོངམ་གཅིག་བཟོ་འདི་ ད་རུང་སེམ་ཅུམ་གཅིག་བྱི་བཏང་ནུག འ་ནི་འདི་ཧེ་མ་བྱིན་མི་བཟུམ་རང་ཨིན་ ད་ཆུ་ཡོད་སར་སོང་འབད་ཅམ་ཅིག་དཀྲུམ་ འདི་མེན་པ་ཅིག་ཁྱོད་ཁྲིམས་བཀལ་ནི་ཟེར་ནུག དེ་ལས་ཁོ་སེམས་དགའ་འདི་ཆུ་ཡོད་ས་ལྷོདཔ་ད་ སེམ་ཅུམ་འདི་དཀྲུམ་ད་ནུག
  • བག་ཏཱ་བཱ་དུར་གུ་རུང་
    ད་རུང་ལྷའི་སྲསམོ་བཟུམ་གཅིག་འའཁྲུངས་ནུག་ ད་རུང་ཆུ་ཆུ་ཟེར་སླབ་ད་ཁོ་གི་ཆུ་ཁ་ནང་བླུག་བྱིན་ནུག དེ་ལས་སླསམོ་འདི་གི་ ང་ཁྱོད་ཀྱི་བཙུནམོ་ཨིན་ ཏེ་རི་བ་རི་བཙུནམོ་ཨིན་ཟེར་ནུག དེ་ལས་ཁོང་འོང་ནུག་ ཏེ་རྒྱལཔོ་འདི་གི་བཙུནམོ་འཁྱིལ་འོང་པའི་ལམ་ཁ་ལུ་ ལྷམ་བཙེམ་མི་གཅིག་ཡོདཔ་མས་ ཁོ་རང་གི་རྒྱལ་ཁབ་ནང་། ཏེ་ལྷམ་བཙེམ་མི་འདི་མིག་ཏོ་ཡང་གཅིག་མེད་འདུག་ལུ་ཤ་ཡང་གནགཔོ་མས་ལོ་ ཏེ་མོ་གི་ཁྱིམ་འདི་ལམ་ལྟག་མས་ལོ་ དེ་ལས་ལམ་འོག་ལུ་ཆུ་ཡོམ་འདུག་ལོ་ འདི་ན་ཤིང་ཡང་འདུག་ལོ། ད་ཁྱོད་ཤིང་གུ་འཛེག་སྡོད་ ང་རྟ་གླང་མོ་ཆེ་མི་ཚུ་ ཁྱོད་ཀྱི་དོན་ལུ་འཁྱིལ་འོང་ནང་ཨིན་ཟེར་སླབ་འབད་ ཡར་སོང་ནུག་ལོ་ བང་མི་སེར་དང་དམག་མི་ཚུ་གཉེན་རྐྱབ་ནི་འབད།
  • བག་ཏཱ་བཱ་དུར་གུ་རུང་
    ཏེ་ལྷམ་བཙེམ་མིའི་ཨམ་ཞཝ་འདི་ཆུ་ལེན་རྗིང་ཁར་འོང་ནུག་ ཏེ་ཆུ་ཡོམ་འདི་གི་མཐའ་མར་ཤིང་གུ་སྡོད་པའི་བཙུནམོ་གི་གྱིབ་མ་འདི་ཆུ་ནང་ཕོག་ནུག་ལོ། ཏེ་ལྷམ་བཙེམ་མི་འདི་ཆུ་དབོགས་ནི་འབདཝ་ད་མཐོང་ནུག་ དབའི་ང་འདི་མིག་ཏོ་ཡང་ཞཝ་ཨིན་བྱ་རིམ་ཡང་མེད་ ད་ང་ག་དེ་འབད་འཇའ་རིས་ཡར་སོངམ་ཨིན་ན་མནོ་ནུག ད་རུང་བལྟཝ་ད་མ་མཐོང་ལོ་ ད་རུང་བལྟཝ་ད་མཐོང་ནུག དབའི་མི་གཞན་གཅིག་མས་ཟེར་མནོ་འདི་ འཇའ་མི་འཇའ་ ཞོན་མི་ཞོན་ད་ང་ག་དེ་འབད་ད་སྨོ་ཟེར་ནུག་ མོ་རང་ལུ། ད་རུང་བལྟཝ་ད་མེད་འདུག་ལོ་ ད་རུང་ལེགས་ཤོམ་འབད་བལྟཝ་ད་འདུག་ལོ། འཇའ་མི་འཇའ་ ཞོན་མི་ཞོན་ད་ང་ག་དེ་འབད་ད་སྨོ་ཟེར་སླབ་ནུག་ མོ་རང་ལུ་ ཏེ་ཚར་གསུམ་སླབ་ད་ བཙུནམོ་འདི་དགའ་ཤོར་སོང་ནུག་ལོ་ཤིང་གུ་ལས། ད་རུང་ཆུ་ནང་བལྟ་འབད་འཇའ་མི་འཇའ་ ཞོན་མི་ཞོན་ད་ང་ག་དེ་འབད་ད་སྨོ་ཟེར་སླབ་ནུག ཏེ་དེ་འབདའི་འབདའི་སྐབས་བཙུནམོ་འདི་དགའ་ཤོར་འདི་སྐེད་སྦོམ་འབད་དཁའ་ད་ནུག ཏེ་ལྷམ་བཙེམ་མི་འདི་ཡར་བཏའཝ་ཅིག་མོ་མཐོང་ད་ནུག
  • བག་ཏཱ་བཱ་དུར་གུ་རུང་
    དབའི་ཨ་ཞེམོ་ཁྱོད་དེ་མི་ལེགས་མི་ལེགས་ ས་ཁ་འབབ་མས་ཚར་ཅིག་བཟུང་གེ་བལྟ་གེ་ཟེར་ནུག མི་བཏུབ་ང་མི་འབབ་ རྒྱལཔོ་དམག་མི་མི་སེར་ རྟ་དང་གླངམོ་ཆེ་ལེན་པར་ཡར་སོང་ཡི། ང་བཅས་གཉེན་ཡང་གཟིམ་ཅུང་ནང་འབད་རྐྱབ་ནི་ཨིན་ འདི་འབད་ནི་འདི་གི་རྒྱལ་པོ་ལོག་ད་རྟག་རང་འོང་ ང་མར་འབབ་མི་བཏུབ་ཟེར་ནུག ཚར་གཅིག་འབབ་གནང་མས་ཟེར་ ལོག་ལོག་སླབ་ད་འབབ་འོང་ནུག ཏེ་བཙུནམོ་འདི་རོ་ཡབ་ཀྱི་གསེར་གི་རྒྱན་ཆ་འདི་ཚུ་མ་བཏུབ་བཏུབ་འབད་དགོན་འདི་བཏང་ནུག་ལོ། ཏེ་ཚར་ཅིག་ཁྱོད་གི་དགོན་ཆས་འདི་ང་གི་ཡང་དགོན་བལྟ་གེ་ཟེར་ནུག འདི་དེ་འབད་མི་བཏུབ་ཟེར་ནུག་བཙུནམོ་གི་ ཏེ་ལྷམ་བཙེམ་མི་འདི་གི་ཉན་རང་བ་བཏུབ་པར་ གསེར་གི་དགོན་ཆས་རེ་རེ་འབད་ག་རང་བྱིན་ནུག ང་འཇའ་བས་ཡ་ ཨ་ཞེམོ་ཟེར་ནུག་ འཇའ་ཕས་ཟེར་ནུག
  • བག་ཏཱ་བཱ་དུར་གུ་རུང་
    དེ་ལས་ལྷམ་བཙེམ་མི་འདི་གི་བཙུནམོ་འདི་ཆུ་ནང་འཕུལ་བཏང་འབད་བསད་ད་ནུག ལྷམ་བཙེམ་མི་འདི་གི་ཤིང་གུ་རྫེགས་འམད་སྡོད་ནུག་ལོ་ དགོན་ཆས་ག་རང་དགོན་འབད། ཏེ་རྒྱལ་པོ་འདི་རྟ་གླང་མོ་ཆེ་མི་ག་རང་འཁྱིལ་འདི་ ས་དང་གནམ་ཡང་འདི་རི་རི་འབད་བྱོན་ནུག་རྒྱལ་ཁབ་ནང་ལས། ཏེ་བཙུན་མོ་འདི་གི་རྩིབ་བཟའ་འདི་ ད་བལྟས་ཉི་མ་གི་འཚིགས་འདི་གནག་པོ་ཡང་ཡར་སོང་ཡི་ དེ་ལས་ཨོ་ལ་འོང་འདི་མིག་ཏོ་གཅིག་ཡང་མེདཔ་བཏང་ད་ཡི་ཟེར་ནུག ཏེ་རྒྱལ་པོ་ནོར་བཟུམ་འདི་ཨིནམ་དྲས་མནོ་ནུག་ མིང་རང་རྒྱལ་པོ་ནོར། ཨིནམ་དྲས་མནོ་འདི་ཤིང་གུ་ལས་འཕབ་འཁྱིལ་ཡར་སོང་ནུག་ དེ་ལས་གཟིམ་ཅུང་ནང་འཁྱིལ་འབད་བཞགས་ནུག་ བཙུནམོ་ལེགས་ཤོམ་འདི་བསད་ཡི། ཏེ་བསོད་ནམ་མེད་པའི་ཨཔ་སྲུ་གཅིག་འབད་ནི་འདི་གི་ རྒྱལ་པོ་འདི་གནང་ཡང་ཡར་རྒྱལ་མ་འགྱོ་ དཀའ་སྡུག་ནང་རང་སྡོད། ག་ཅིག་འབད་ཟེར་བ་ཅིན་བཙུནམོ་འདི་གི་ ངན་པ་ལས་བཏོན་འདི་གི
  • བག་ཏཱ་བཱ་དུར་གུ་རུང་
    བཙུནམོ་ཆུ་ནང་བསད་ད་མི་འདི་རྗིང་ནང་ལས་ མེ་ཏོག་པདྨ་བཟུམ་འབད་སྐྱེས་ཚད་ནུག་ལོ། དེ་ལས་འ་ནི་འབད་སྡོད་པའི་སྐབས་ལུ་ རྒྱལ་ཁབ་འདི་ནང་མེ་ཏོག་པདྨ་སེར་བཟུམ་འབད་སྐྱེས་ནུག་ཟེར་བའི་གཏན་ག་ཏེ་ཡང་ཆབ་སོངམ་མ་ཚད་རྒྱལ་པོ་གི་ཡང་གོ་ཚད་ནུག དེ་རྒྱལཔོ་གི་གཟིམ་ཅུང་ནང་འབག་བཞགས་དགོ་ཟེརཝ་ད་ ལྷམ་བཙེམ་མི་སེམས་ཁར་དོགས་པ་བཟའ་འདི་ བཙུནམོ་འདི་འདི་ནང་བསད་ནི་འདི་གི་ འགྱོ་མི་བཏུབ་ཟེར་སླབ་རུང་རྒྱལ་པོ་གི་ མ་ཉན་པར་བྱོན་སོང་ནུག་དམག་མི་ཚུ་འཁྱིལ་འབད། དེ་ལས་མེ་ཏོག་འདི་འབག་འོང་འདི་གཟིམས་ཅུང་ནང་བཞགས་ནུག་ ཏེ་གཟིམ་ཅུང་སྒོ་ཁར་བཞགཔ་ད་ གནམ་ཡང་མེ་མིན་དགོ་འབད་ལོ་ ག་ཅིག་འབད་ཟེརན་འོད་ཟེར་དེམ་དེམ་འབད། ཏེ་དེ་འབད་བཞགསཔ་ད་ལྷམ་བཙེམ་མི་འདི་ལུ་དོགས་པ་བཟའ་ནུག་ལོ། མེ་ཏོག་འདི་སྒོ་ཁར་བཞགས་ནི་འདི་གི་ ལྷམ་བཙེམ་མི་འདི་ཕྱི་དང་ནང་ན་འགྱོཝ་ད་ དྲངས་འདི་རང་བཞགས་དོ་ཡོདཔ་མས། ཉི་མ་གསུམ་འགྱོ་བའི་གང་ལས་འདི་ལྷམ་བཙེམ་མི་འདི་དྲང་འདི་བསད་ནི་རང་འབད་ད་ནུག རྒྱལ་པོ་ལུ་འདི་ལེགས་ཤོམ་འབདཝ་མས་ལོ་ ཏེ་མི་གཞན་འགྱོཝ་ད་ཡང་ག་ནི་ཡང་མི་འབད་བས་ལོ།ཏ་ ཏེ་ལྷམ་བཙེམ་མི་འདི་གི་རྒྱལ་པོ་ལུ་ མེ་ཏོག་འདི་གི་ང་དྲང་བསད་ནི་མས་ འདི་གི་ན་ནི་ལས་འདི་འཚིག་འདི་འབད་རང་མ་ཚུགས་ཟེར་ནུག ད་འདི་ཁྱིམ་འོག་ས་རྡོང་ནང་བཙུགས་དགོ་ཟེར་སླབ་འདི་ས་རྡོང་ནང་བཙུགས་ནུག
  • བག་ཏཱ་བཱ་དུར་གུ་རུང་
    དེ་ལས་འདི་ནང་ལུ་འདི་ཟྭོ་ཆག་སྐྱེས་ཚད་ནུག་ ཟྭོ་ཆག་འདི་ག་ནི་བ་ཡང་ལེགསཔ་འབད་སྐྱེས། ཏེ་ཟྭོ་ཆག་སྐྱེས་བའི་གང་ལས་རྒྱལ་པོ་འདི་ཟྭོ་ཆག་ཚོདམ་བཟའ་དགོ་མནོ་ནུག་ལོ། ད་འ་ནི་ཚོདམ་བཟོ་བཟའ་གེ་ཟེར་ནུག་ ལྷམ་བཙེམ་མི་འདི་གི་བཟའ་མི་བཏུབ་ཟེར་སླབ་ནུག་ མོ་ལུ་འདོག་པ་ཡོད་ནི་འདི་ག་ི ཏེ་བཟའ་གེ་ཟེར་རྒྱལ་པོ་གི་ཚོདམ་བཟོ་བཟའ་ནུག རྒྱལ་པོ་གི་བཟའཝ་ད་ག་ནི་ཡང་མི་འབད་བས་ལོ་ ལྷམ་བཟོ་མི་གི་བཟའཝ་ད་འཚིག་འདི་འབད་རང་མི་ཚུགས་འབད་ལོ། ད་ལས་ཟྭོ་ཆག་ཡང་འབལ་བཀོ་བཏང་ཟེར་སླབ་འདི་ འབལ་བཀོ་བཏང་ད་ནུག ཟྭོ་ཆག་ཡང་མེད་ད་ ཧེ་མ་མེ་ཏོག་ དེ་ལས་ཟྭོ་ཆག་ ད་ཚར་གཉིས་ཡང་སོང་ཡི་སྨོ་བཙུནམོ་འདི་འདི་ནང་རང་སྐྱེས་འདི། དེ་ལས་ཟོྭ་ཆག་ཡང་ཡལ་བཏང་མི་ཤུལ་ལས་ མལ་ཤིང་(སྟོང་ཤིང་)འབད་སྐྱེས་ནུག་ལོ། ཏེ་དེ་ལས་སྟོང་འདི་ག་རང་གི་བཟའ་དོ་ཡོདཔ་མས། དེ་ལས་རྒྱལ་པོ་དང་ལྷམ་བཙེམ་མི་བཙུནམོ་གཉིས་ཡང་བཟའ་བར་འགྱོ་ནུག ཏེ་ལྷམ་བཙེམ་མི་འདི་རྡོག་མ་གི་ཕོག་འདི་བསད་ནི་རང་འབད་ད་ནུག་ ད་འབདཝ་ད་རྒྱལ་པོ་ལུ་འདི་ག་ནི་ཡང་མི་འབད་བས་ལོ། མོ་འདི་རྡོག་མ་འི་ལྐོདམ་ཐོག་འདི་བཟའ་རང་མི་བཙུགས་འབད་ལོ་ ད་རུང་ཤིང་འདི་བཏོག་བཏང་ཟེར་སླབ་ནུག མོ་ལུ་འདོག་པ་ཡོད་ནི་འདི་གི་ ཏེ་ཤིང་ཡང་བཏོག་བཏང་ད་ནུག
  • བག་ཏཱ་བཱ་དུར་གུ་རུང་
    ད་རུང་རང་སྟོང་ཤིང་འདི་གི་ཕར་ཁ་བལ་ཤིང་(ཤིང་འབྲས་ཅིག) འབད་སྐྱེས་ནུག་ལོ། ད་བཞི་ཡར་སོངའི་སྨོས། དེ་ལས་བལ་ཤིང་འདི་གུ་ལས་རྡོག་མ་བཏག་ཚད་ནུག ཏེ་བྲམ་ཟེ་ཨ་རྒས་ཅིག་དང་ཨང་རྒས་ཅིག་ཡོད་ལོ་ ཏེ་ཁོང་གཉིས་ལུ་ཨ་ལོ་གཅིག་ཡང་མེད་པར་ ལོ་དྲུག་བཅུ་ཡར་སོང་ནུག ད་ང་བཅས་ལུ་ཨ་ལོ་མ་པ་ལས་རང་མེད་ འ་ནི་ཤིང་འབྲས་འདི་འབག་འབད་ སྒྲོམ་ནང་བཞགས་གེ་ འདི་ག་ནི་བ་ལེགས་འབད་ཟེར་སླབ་ནུག འ་ནི་ཤིང་འབྲས་གི་སོད་ནམ་འབག་འོང་ལོ་ ཟེར་སླབ་འབད་ལོ་དྲུག་བཅུ་ལང་མི་རྒས་རྒས་གཉིས་ཀྱི་སྒྲོམ་ནང་བཙུགས་བཞགས་ནུག ཏེ་ཁོ་གཉིས་པར་དང་ཚུར་འགྱོཝ་ཅིག་བཞེས་སྒོ་བཟོ་བཞགས་ ཉི་མ་ཅིག་ཅིག་ལེགས་ཤོམ་འགྱོ་ནུག་ ཁོང་གཉིས་ཤིང་འབྲས་འདི་འབག་འོང་པའི་ཤུལ་ལས། དབའི་ང་བཅས་གཉིས་ལུ་ག་ཅིག་གི་དངུས་སྒྲུབ་ཨིན་མ་ ཧེ་མ་འབད་ཨ་ལོ་ཡང་མེད་སོ་བསོད་ནམ་མེད་མི་ང་བཅས་གཉིས་ ད་འ་ནི་ཤིང་འབྲས་འབག་འོང་འདི་དགའ་དང་སྐྱིད་པ་འབྱུངས་ཡི་ ཁྱིམ་ནང་ཡང་ལེགས་ཤོམ་འགྱོ་དོ་ རྒྱུ་ཅལ་ཡང་ཕར་དང་ཚུར་ལས་ཨ་རྟག་རང་འོངམ་མས། དྲོ་པ་དང་ཕྱི་རུ་ང་བཅས་ཕར་དང་ཚུར་ལས་འོངམ་ད་ལྟོ་ཡང་བཟོ་བཞགསཔ་མས། ག་ཅིག་འབད་ཨིན་མནོ་འདི་སྡོད་ནུག་ ཏེ་དུས་ཨ་རྟག་རང་ལྟོ་དང་ཚོདམ་ཚ་ཏོམ་འབད་བཟོ་བཞགས་དོ་ཡོདཔ་མས། ཏེ་འདི་བཟའ་ཉལ་འབད་དོ་ཡོདཔ་མས་ ཏེ་ཁོང་གཉིས་དཀའ་སྡུག་ཚུ་བཤེད་འབད་སྡོད་དོ་ཡོདཔ་མས།
  • བག་ཏཱ་བཱ་དུར་གུ་རུང་
    དེ་ལས་ཉི་མ་ཅིག་འདི་ཁོང་གཉིས་བལྟ་དགོ་མནོ་འདི་དྲེགས་རང་མ་ཚུགས་འབད་ ད་འ་ནི་ཤིང་འབྲས་འདི་རང་འོང་འ་ནི་དཀྲུམ་བལྟ་གེ་ཟེར་སླབ་ནུག དེ་ལས་ཁོང་གཉིས་ལྷ་ལུ་ལྷ་གསང་གནམ་དའི་སྒོ་ལས་གསོལཝ་བཏབ་འབད་དཀྲུམ་ད་ནུག འདི་ནང་ལས་སསྲམོ་འཇའ་རིམ་གཅིག་འཁྲུངས་ནུག ཏེ་དེ་ལས་མི་གི་ཧེ་མ་གི་ལོ་རྒྱུས་ཚུ་སླབ་ནུག ཧེ་མ་རྒྱལཔོ་གཅིག་བཙུནམོ་ལྷང་པ་འོང་དེ་ལས་ སེམ་ཅུམ་གཅིག་བྱིན་ ཁོ་ལུ་སྒང་ཁ་མ་དཀྲུམ་ཟེར་སླབ་ད་ གླང་བཟུམ་འབད་མི་རྒྱལཔོ་འདི་སྒང་ཁ་དཀྲུམ་ལས་ ཧེ་མ་གི་བཙུནམོ་ཡང་བསད་དའི། དེ་ལས་ཟླ་དྲུག་གི་ཤུལ་ལས་ ཆུ་མཐའ་མ་ འཁྲུངས་མི་འདི་ང་ཨིན། རྒྱལ་པོ་གི་ང་འཁྱིལ་འོང་པའི་ལམ་ཁར་ ཆུ་འདི་གི་མཐའ་མར་ཤིང་གུ་སྡོད་ ང་མི་སེར་དང་རྟ་གླངམམོ་ཆེ་འཁྱིལ་འོག་གེ་ཟེར་འགྱོ་བའི་ཤུལ་ལས། ལྷམ་བཙེམ་མི་གི་གྱིབ་མ་ནང་མཐོང་འདི་ ད་ང་ག་དེ་འབད་འཇའ་རིས་ཡར་སོངམ་ཨིན་ན་མནོ་ནུག དབའི་མི་གཞན་གཅིག་མས་ཟེར་མནོ་འདི་ འཇའ་མི་འཇའ་ ཞོན་མི་ཞོན་ད་ང་ག་དེ་འབད་ད་སྨོ་ཟེར་ནུག་ མོ་རང་ལུ། ད་རུང་བལྟཝ་ད་མེད་འདུག་ལོ་ ད་རུང་ལེགས་ཤོམ་འབད་བལྟཝ་ད་འདུག་ལོ། འཇའ་མི་འཇའ་ ཞོན་མི་ཞོན་ད་ང་ག་དེ་འབད་ད་སྨོ་ཟེར་སླབ་ནུག་ མོ་རང་ལུ་ ཏེ་ཚར་གསུམ་སླབ་ད་ བཙུནམོ་འདི་དགའ་ཤོར་སོང་ནུག་ལོ་ཤིང་གུ་ལས། ད་རུང་ཆུ་ནང་བལྟ་འབད་འཇའ་མི་འཇའ་ ཞོན་མི་ཞོན་ད་ང་ག་དེ་འབད་ད་སྨོ་ཟེར་སླབ་ནུག ཏེ་དེ་འབདའི་འབདའི་སྐབས་བཙུནམོ་འདི་དགའ་ཤོར་འདི་སྐེད་སྦོམ་འབད་དཁའ་ད་ནུག ཏེ་ལྷམ་བཙེམ་མི་འདི་ཡར་བཏའཝ་ཅིག་མོ་མཐོང་ད་ནུག ལྷམ་བཙེམ་མི་འདི་གི་བཙུནམོ་འདི་ཆུ་ནང་འཕུལ་བཏང་འབད་བསད་ད་ཡི།
  • བག་ཏཱ་བཱ་དུར་གུ་རུང་
    ང་སྐྱེས་བ་ཟྭོ་ཆག་ དེ་ལས་མེ་ཏོག་པདྨ་ སྟོང་གི་ཤིང་ བལ་གི་ཤིང་འབད་སྐྱེས་བའི་སྐབས་རྡོག་མ་འདི་ན་ཕམ་གཉིས་ བལ་རྡོག་མ་འདི་ལེགས་ཤོམ་ལྷ་ལུ་ཕུལ་བཞགས་ནི་ཨིན་ཟེར་འབག་འོངམ་ལས། ཁྱོད་ཀྱི་སྡུག་སྔལ་མཐོངམ་ད་ང་མཛོད་མ་ཚུ་ འདི་འབད་ནི་འདི་གི་ལྟོ་བཟོ་བྱིན་ཡི། ང་དབྱིབ་འདི་ལཱ་འབད་སྡོད་ཅིག་ ད་ང་རོགས་གི་མཐོངམ་བཟོ་ད་ཡི་འཛམ་གླིང་བཏོན་བྱིནའི་ ང་གི་རྒྱལཔོ་འདི་ས་གནས་འ་ནི་ཁ་ཡོད་ ཁ་མཐོན་བཏང་གནང་ངེའི་རྒྱལ་པོ་ལུ་ཟེར་སླབ་ད་ ཁ་མཐེན་བཏང་ད་ནུག ཏེ་དེ་ལས་རྒྱལ་ཁབ་འདྲ་མི་སྣ་ཚོག་ལས་རྒྱལཔོ་དང་མི་ཤེས་མི་མཐོངམ་འབོ་འདི་ ང་གི་སྲུང་བཏང་དོ་བཟུམ་འབད་རང་སྲུང་བཏང་ནང་སྒོ་བཙུགས་ད་ནུག་ བལ་ནང་ལས་གྲུངས་མི་བཙུནམོ་འདི་གི དེ་ལས་སྲུང་མ་བཏུབ་བཏུབཔ་འབད་བཏང་འབད་ མགུ་ལུ་མཇུག་ཚུན་ཚོད་བཏང་། དེ་ལས་མཐའ་མཇུག་ལུ་ཤིང་འབྲས་འབད་སྐྱེས་ ཤིང་འབྲས་འདི་ཁོང་ཕམ་གཉིས་ཀྱི་འབག་འོང་སྒྲོམ་ནང་བཞགས་ཡི། དེ་ལས་ང་ཁོང་གཉིས་ལུ་ཕྱགས་ཞུ་སྡོད་པའི་བར་ནང་རང་ ཁོང་གཉིས་འདོག་པ་བཟའི་ཤིང་འབྲས་འདི་འབག་འོང་མི་ཚད་ལས་ལྟོ་བཟོ་བཞགསཔ་མས་ ཁྱིམ་ཧིང་སངས་བཞགསཔ་མས་དགའ་སྐྱིད་འབྱུངས་ ག་ཅི་་ཨིན་ ཤིང་འབྲས་འདི་ང་བཅས་ཀྱི་ལྷ་ཨིནམ་འདྲས་མནོ་དཀྲུམ་ད་སྲསམོ་འཁྲུངས་ཡི་ འདི་ཁྱོད་ཀྱི་བཙུནམོ་ཨིན་མས་ཟེར་ནུག དེ་ལས་རྒྱལ་པོ་འདི་གི་མོ་ང་གི་བཙུནམོ་ངོ་མ་རང་ཨིན་མས་ཟེར་ མི་བཙུནམོ་འབད་གཟིམ་ཅུང་ནང་འཁྱིལ། དེ་ལས་ལྷམ་བཙེམ་མི་འདི་བཙོན་ཁང་ནང་བཙུགས་ དགའ་བ་དང་སྐྱིད་པ་འབད་རྒྱལ་ཁབ་སྐྱོང་སྡོད་ནུག
    ད་ང་གི་སྲུང་འདི་འ་ནི་ཅིག་འབད་མཇུག་བསྡུ་ནི་ཨིན།