Skip to main content Skip to search
21 Jun 2018
21 min 56 sec
Ariana Maki
Video Overview
Creators: 
Yeshi Wangchuk, Dorji Nima

This story of a king and a poor boy is narrated by Chozom from Dagphel village in Zhemgang Dzongkhag. The epic story is about deception and its impact. In the story, the king tried to deceive the poor boy, whose wife was extremely beautiful. He made several plans to go after the beautiful wife. The plans all failed due to the power of the poor boy's wife, who was an extraordinary being. At the end of the story, the king had to surrender all his property to the poor boy, who then became ruler. Thus, the story reveals themes of the dangers of desire and greed.

གཞལམ་སྒང་རྫོང་ཁག་ བདག་འཕེལ་གཡུས་ཚན་ལས་ ཆོས་འཛོམས་ཀྱི་བཏང་མི་སྲུང་འདི་ འབྱིད་སྐོར་གྱི་སྲུང་ཅིག་ཨིནམ་ད་ སྲུང་འདི་སྒྲུང་གཏམ་གྱི་ སླ་ལུ་ཚུདཔ་ཨིན་པས། སྲུང་འདི་ སྤྱང་ཀའི་བུཚ་ཅིག་དང་ རྒྱལཔོ་ཅིག་གི་སྐོར་ལས་ཨིནམ་ད་ སྤྱང་ཀའི་བུཚ་ལུ་ ཨམ་སྲུ་ག་ནི་བས་ བྱ་ཆི་ཆི་དང་ཡིད་འཕྲོག་ཚུགསཔ་སྦེ་ཡོད་མི་འདི་ལུ་ རྒྱལཔོ་འདི་ སེམས་ཤོར་ཏེ་ སྤྱང་ཀའི་བུཚ་འདི་ འབྱིད་སྐོར་རྐྱབ་ནི་འབད་བའི་སྐོར་ལས་ཨིན་པས། རྒྱལཔོ་འདི་གིས་ སྤྱང་ཀའི་ཨམ་སྲུ་འདི་ འཕྱོག་ནིའི་རྩིས་ཚར་ལེ་ཤ་ཅིག་རྐྱབ་རུང་ ཨམ་སྲུ་འདི་ མི་མ་ཡིན་པ་ཅིག་འབདཝ་ལས་ མོ་གི་ནུས་པ་ལུ་བརྟེན་ རྒྱལཔོ་གི་འཆར་གཞི་འདི་ཚུ་ མནོཝ་མནོ་ས་འགྱོ་མ་བཏུབ་པས། མཇུག་མཐའ་མཇུག་ལུ་ལྷོདཔ་ད་ རྒྱལཔོ་གི་བང་མཛོད་དང་ སྟོབས་ཤུགས་ཆ་མཉམ་ སྤྱང་ཀའི་བུཚ་ལུ་ཤོར་ཏེ་ ཁོ་ར་ཡང་ སྤྱང་ཀའི་བུཚ་གི་འོག་ལུ་ ལཱ་འབད་དགོ་བྱུང་ཡོདཔ་ད་ ,སྲུང་འདིའི་བརྗོད་དོན་ངོ་མ་འདི་ རེ་བ་དང་འདོད་པའི་སྐོར་ལས་ཨིན་པས། 

Transcript search
No results found for this search
0 of 0
  • ཆོས་འཛོམས་ Chozom
    དང་ཕུ་འབད་འབདཝ་མས་ ད་རིས་འབད་འབདཝ་མས་ སྤྱང་ཀའི་བུཚ་གཅིག་ནོར་འཚོ་སྟེ་སྡོད་སྡོདཔ་མས་ ནོར་འཚོ་སྟེ་སྡོད་པ་ཅིན་ ཁོ་ནོར་འཚོ་སྟེ་སྡོད་པ་ཅིན་ སྦུལ་གཉིས་འཐབ་དེས་ཟེརཝ་མས་ལོ་ སྦུལ་གནགཔོ་དང་དཀརཔོ་གཅིག་ སྦུལ་གཉིས་འཐབ་འཛིང་འགྱོ་སྟེ་ ཁོ་བལྟ་སྟེ་སྡོད་སྡོདཔ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ད་ ལྟ་མ་ལྟ་མ་འབདཝ་ད་ལུ་ སྦུལ་གནགཔོ་རྒྱལཝ་མས་ཟེརཝ་མས་ལོ་ དཀརཔོ་འདི་ཤི་རང་ཤིཝ་མས་ལོ་ཏེ་ དེ་འབདཝ་ད་མནོ་དོ་མས་ཁོ་གིས་ ཡ་སྦུལ་དཀརཔོ་ཟེར་མི་འདི་ ལྷ་སྦུལ་ཟེར་འབད་ནི་ཨིན་ཟེར་ གནགཔོ་འདྲེ་ཨིན་ཟེར་ སླབ་ཨིན་ཟེར།
  • ཆོས་འཛོམས་ Chozom
    ད་ཨ་ནཱི་གནགཔོ་ང་གིས་གསད་གེ་སྨ་རེད་ཟེར་ གནགཔོ་ཁོ་གིས་བསད་ནུག་ཏེ་ གནགཔོ་བསདཔ་ཅིག་ དེ་ལས་ཁོ་ཀླུའི་སྲས་སྡོད་ནུག་ཏེ་ ཀླུ་རྒྱལ་པོའི་སྲས་ ཨ་ནཱི་སྦུལ་དཀརཔོ་འདི་ དེ་ལས་ ཁོ་གིས་སླབ་ནུག་ཏེ་ ད་ཨ་ཅོ་བླ་མ་མཁྱེན་ནོ་ཟེར་ ཁྱོད་ཀྱིས་སྲོག་སྐྱབས་མ་འབད་བ་ཅིན་ ང་དུས་ར་བསད་ཡི་ ང་དུས་ར་ཨ་པ་དང་ཨའི་འབད་སར་མ་ལྷོད་ཟེར་ ང་གནམ་མེད་ས་མེད་བཀའ་དྲིན་ཆེ་ཡི་སྨ་རེད་ཟེར།
  • ཆོས་འཛོམས་ Chozom
    ཨ་ཅོ་ ད་ ངེའི་ཁྱིམ་ནང་ཁྱོད་འགྱོ་གེ་ཟེར་ འཁྱིད་འགྱོ་ནུག་ཏེ་ སྦུལ་གིས་ འཁྱིད་དེ་ཁོ་འཁྱིད་དེ་ ཏེ་འཁྱིད་འགྱོཝ་ད་ལུ་ཏེ་ ཁྱོད་མར་ངེའི་བཀའ་དྲིན་དགའ་ཚོར་འབད་ ང་གིས་ཁོ་ལུ་ ག་ཅི་ཅིག་བྱིན་རང་བྱིན་ ཟེར་སླབ་འོང་སྨེ་ སླབ་ནུག་བ་སྦུལ་གིས་ བྱིན་ར་བྱིན་དགོ་ཁོ་ལུ་ གཞན་འབད་བ་ཅིན་ ང་ཁྱོད་ཚུ་འབད་སར་མ་ལྷོདཔ་འོང་ཟེར་ ང་གིས་དེ་སྦེ་སླབ་འོང་ དེ་འབདཝ་ད་ ཨ་པ་དང་ཨའི་གིས་ག་ཅི་དགོ་ནི་ཟེརཝ་ད་ སྒོ་རྒྱབ་ཁ་གི་རོ་ཁྱི་གནང་ཟེར་ སླབ་སྨེ་ཟེར་ སླབ་ནུག་ཏེ།
  • ཆོས་འཛོམས་ Chozom
    འ་ནཱི་ཁོ་གི་ནུམོ་ཨིན་པས་ཏེ་ དེ་ལས་ འགྱོ་ནུག་ཁོང་གཉིས་ འགྱོ་སྦེ་ དེ་ལས་ རྒྱ་མཚོ་ནང་ན་ང་གིས་འཛུལ་མི་ཚུགས་ཟེར་ སླབ་ནུག་ཏེ་ དེ་འབདཝ་ད་ཁོ་གིས་སླབ་ནུག་ཏེ་ ད་ངེ་གི་མཇུག་མ་གུ་བཤེད་ཞིནམ་ལས་ ཁྱོད་ར་མིག་ཏོ་བཙུམས་སྦེ་སྡོད་སྨ་རེད་ ཟེར་སླབ་ནུག་ཁོ་གིས་ དེ་ལས་ ཁོ་གི་མཇུག་མ་གུ་སྦུལ་གྱི་མཇུག་མ་གུ་བཤེད་སྦེ་ མིག་ཏོ་བཙུམས་ཏེ་སྡོད་ནུག་ཁོ་ དེ་ཅིག་གི་བར་ན་ཕྲང་སྟེ་མར་ལྷོད་ནུག་ཁོ་ ཀླུའི་རྒྱལ་པོའི་རྫོང་ནང་།
  • ཆོས་འཛོམས་ Chozom
    དེ་ལས་མར་ལྷོད་དེ་ ཨ་པ་དང་ཨའི་འབད་སར་ལྷོད་ཅི་ལོ་སྨེ་ མར་ལྷོད་སྦེ་ ཕང་མར་ག་ཕུབ་རྐྱབ་སྟེ་རང་སྔུ་ཡི་ལོ་སྨེ་ཁོ་ ཨ་པ་དང་ཨའི་གི་ཕང་མ་འཛུལ་ཏེ་རང་ ང་ད་རེས་ཁོ་ཨ་ཅོ་ཅིག་མེད་པ་ཅིན་ ཐད་རི་བ་རི་ཤི་ཤིཝ་རང་ཨིན་ཟེར་ ཁྱོད་གཉིས་འབད་སར་མ་པ་ལས་རང་མ་ལྷོདཔ་འོང་ཟེར་ ད་ཁྱོད་གཉིས་ཀྱིས་ ཁོ་ལུ་བཀའ་དྲིན་དགའ་ཚོར་ཅིག་བྱིན་རང་བྱིན་དགོ་ ཟེར་སླབ་ནུག་ཏེ།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ལུནི་ ཨའེ་་་་་ཨིན་པས་ཏེ་ཟེར་ ད་བྱིན་དགོ་ཁོ་ལུ་ ཟེར་སླབ་ནུག་ཨ་པ་དང་ཨའི་གིས་ ད་ག་ཅི་བྱིན་ནི་སྨོ་ ཟེར་སླབ་ད་ལུ་ ཁོ་ལུ་དྲིས་ནུག་ཏེ་ ག་ནི་ཡང་མི་དགོ་ ཟེར་སླབ་ནུག ཁྱོད་ལུ་གཅིག་འདི་བྱིན་རང་བྱིན་དགོ་ ཟེར་སླབ་ནུག་ཨ་པ་གིས་ ག་ནི་ཡང་མི་དགོ་ ག་ནི་ཡང་མི་དགོ་ ཟེར་སླབ་ནུག་ཁོ་གིས་ དེ་ལས་ བྱིན་རང་བྱིན་དགོ་ཁྱོད་ལུ་གཅིག་འདི་ཟེརཝ་ད་ལུ།
  • ཆོས་འཛོམས་ Chozom
    བྱིན་རང་བྱིན་པ་ཅིན་ ང་ལུ་སྒོ་རྒྱབ་ཁའི་རོ་ཁྱི་གནང་ ཟེར་སླབ་ནུག་ཁོ་གིས་ རོ་ཁྱི་གནང་ ཟེར་སླབ་ད་ལུ་ ཨའེ་་་་ཨིན་རྒྱུ་འདི་ ད་རོ་ཁྱི་ཟེརཝ་ད་འདི་ ང་བཅས་གཉིས་ཡང་ཕང་མས་ཕང་ནི་འདི་ཟེར་ དེ་འབད་རུང་ ད་སྐྱེས་པའི་ཁ་ཚིག་ ཟ་མོའི་དམ་ཚིག་ཨིན་པས་ བྱིན་རང་བྱིན་དགོ་ ཟེར་བྱིན་ནུག་ཏེ་ བྱིན་སྦེ་ ཨ་པ་དང་ཨའི་གིས་ ཁ་ཆེམས་སླབ་ནུག་ ད་ ཁྱོད་བང་ཅུང་མ་ནང་ཟཝ་ད་ མོ་ལུ་བང་ཅུང་ཁབ་ཏོ་ནང་བྱིན་སྨེ་ལྟོ་ཟེར།
  • ཆོས་འཛོམས་ Chozom
    ས་ཁར་བླུགས་ཏེ་མ་པ་ལས་རང་མ་བྱིན་སྨ་རེད་ ཟེར་སླབ་བཏང་ནུག་ ཨ་པ་དང་ཨའི་གིས་ དེ་ལས་རོ་ཁྱི་ལུ་ཟོགཔོ་རྩ་ལས་རང་མ་འབད་ཟེར་ དྲང་ཡང་མ་དྲང་ བརྡུང་ཡང་མ་བརྡུང་ཤིག་ཟེར་ ལེགས་ཤོམ་སྦེ་བཞག་སྨ་རེད་ ཟེར་སླབ་བཏང་ནུག་ཏེ་ དེ་ལས་མར་ལས་ཡར་འོངམ་ད་ལུ་ རོ་ཁྱི་གི་མཇུག་མ་གུ་བཤེད་སྦེ་ མིག་ཏོ་བཙུམས་ཤིག་ཁྱོད་ར་ ཟེར་སླབ་ནུག་ཏེ་ ཨ་ནཱི་ཆ་རོགས་ཀྱིས་ སྦུལ་གིས་ དེ་ལས།
  • ཆོས་འཛོམས་ Chozom
    རོ་ཁྱི་གི་མཇུག་མ་གུ་བཤེད་སྦེ་ མིག་ཏོ་བཙུམས་སྦེ་སྡོད་ནུག་ཁོ་ དེ་ཅིག་གི་བར་ན་ལུ་ ཆུ་གི་མཐའ་མར་ལྷོད་ནུག དེ་ལས་ལྷོད་སྦེ་ དེ་ལས་ཁྱིམ་ནང་འབག་ནུག་ཁོ་གིས་རོ་ཁྱི་འདི་ རོ་ཁྱི་འབག་སྦེ་ ཁོ་ལཱ་སར་རང་ ལཱ་སར་འགྱོ་ མོ་ཁྱིམ་ནང་རང་ཨིན་པས་རོ་ཁྱི་འདི་ སྒོ་གི་རྒྱབ་ཁར་བཏགས་ཏེ་རང་ དེ་འབདཝ་ད་ ལྟོ་འཕྲལ་འཕྲལ་ར་ཁོ་གིས་ ས་ཁར་བླུགས་བྱིན་དོ་མས་ཏེ་ རོ་ཁྱི་མིག་ཏོ་ཁ་ལས་ མིག་ཆུ་རང་ཤར་ཤར་བཏང་སྔུཝ་མས་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ འེ་་་་་ ཁྱོད་ཡང་རྟག་བུ་རང་བང་ཅུང་ནང་རང་ཨིན་པས་ཁྱོད་ཡང་ཟེར་ ད་རུང་ཀ་ལ་ལས་བང་ཅུང་ནང་བླུགས་སྦེ་བྱིན་དོ་མས་ དེ་འབདཝ་ད་ ལེགས་ཤོམ་འབད་ཟཝ་མས་ཟེརཝ་མས་ལོ་རོ་ཁྱི་གིས་ལྟོ་ དེ་ལས་ ཁོ་ར་ ལཱ་སར་རང་ ལཱ་སར་འགྱོ་སྡོད་དོ་མས་ཏེ་ ནངས་པར་གནངས་ཚེ་ཟེརཝ་ད་ལུནི་ ཁོ་ལཱ་སར་འགྱོ་སྡོདཔ་ད་ལུ་ ལྟོ་བཟོ་ ཁྱིམ་འཕྱགས་ ལྟོ་བཟོ་སྦེ་ ལེགས་ཤོམ་འབད་ ཧིང་སང་ས་བཟོ་སྟེ་ ཕྱི་རུ་གསུམ་བཞག་དོ་མས་ཁོ་ལུ་ ལྟོ་བཟོ་ཡི་བཟོ་ཡི་རང་།
  • ཆོས་འཛོམས་ Chozom
    དེ་ལས་ག་ཡོདཔ་ཨིན་ན་ང་ལུ་ཤ་ཚ་མི་ མི་གཅིག་འདི་འདུག་རང་འདུག་ང་ལུ་ཟེར་ ལྟོ་ཟ་ཡི་ཟ་ཡི་རང་ཉལ་དོ་མས་ ད་རུང་ཉི་མ་ལཱ་སར་འགྱོ་དོ་མས་ ད་རུང་ཕྱི་རུ་དེ་སྦེ་བཞག་དོ་མས་ དེ་ལས་གཅིག་འདི་འདུག་རང་འདུག་ད་ཟེར་ ཁོ་གཡིབ་སྟེ་ སྡོདཔ་ཨིན་ལོ་མེན་ན་ཏེ་ད་རུང་ སྒོ་རྒྱབ་ཁར་འཛུལ་སྦེ་གཡིབ་སྟེ་ སྡོདཔ་ཨིན་ལོ་ དེ་འབདཝ་ད་ལུནི་ ཁོ་རའི་རོ་ཁྱི་འདི་ ཐོན་འགྱོཝ་མས་ཟེརཝ་མས་ལོ་ཕྱི་ཁར།
  • ཆོས་འཛོམས་ Chozom
    སྒོ་ཐེམ་བརྒལ་སྦེ་ སྤྲིང་སྟེ་བལྟཝ་མས་ལོ་ སྒོ་ཐེམ་གུ་འཛེགས་སྦེ་ དེ་ལས་ ཕར་ཨེ་ཁུག་གི་མཐའ་མར་འགྱོ་སྦེ་ སྤྲིང་སྟེ་བལྟཝ་མས་ལོ་ ཕར་ཁོ་འགྱོ་སའི་ལམ་ཁར་རང་འགྱོ་སྦེ་ སྤྲིང་སྟེ་བལྟཝ་མས་ཟེརཝ་མས་ལོ་ དེ་ལས་ལོག་སྟེ་འོང་མས་ཟེརཝ་མས་ལོ་ ལོག་སྟེ་འོང་སྦེ་ རོ་ཁྱི་གི་དཔྱལཝ་གི་ཡར་ལས་མར་སྦེ་རང་ པོ་ཀོ་ཀོ་བཏང་གས་མས་ཟེརཝ་མས་ལོ་དེ་བསྒང་ལུནི་ གས་འགྱོ་སྦེ་ བུམོ་འཇའ་རིསམོ་གཅིག་ལུ་ ཀླུའི་བུམོ་འཇའ་རིསམོ་གནམ་མེད་ས་མེད་འཇའ་རིསམོ་གཅིག་ལུ་སྤྲུལ་ཡི་ཟེརཝ་མས་ལོ་མོ་གིས།
  • ཆོས་འཛོམས་ Chozom
    ཐོན་ཡི་ཟེརཝ་མས་ལོ་ ག་ཅི་འདེ་ཆུ་ནང་ལས་ཐོནམ་ཅིག་བཟུམ་ཅིག་ ཆུ་གི་ལྦ་ག་བཟུམ་འབད་མི་ཅིག་ བུམོ་མཇའ་རིསམོ་ དེ་ལས་ ཏེ་མགྱོགས་པ་མགྱོགས་པ་རང་ ཁྱིམ་འཕྱག་ ཐབ་འཕྱག་ དེ་ལས་ ལྟོ་བཟོ་ནི་བཅའ་སྒྲིག་རྐྱབ་མས་ཟེརཝ་མས་ལོ་མོ་གིས་ ཨ་ནཱི་སྦལཔ་གི་སྲུང་ནང་བཟུམ་སྦེ་རང་ དེ་ཅིག་གི་བར་ན་ཁོ་གིས་ དེ་ལས་ ཁོ་སེམས་དགའ་བའི་ཤུགས་ཀྱིས་ དེ་ལས་མགྱོགས་པ་མགྱོགས་པ་རང་ རོ་ཁྱི་གི་ཤུབས་གུ་ལུ་བཤེད་པར་འགྱོ་ནུག་མེན་ན་ཏེ་ཁོ་གིས།
  • ཆོས་འཛོམས་ Chozom
    སྤྱང་ཀའི་བུཚ་གིས་ ཁྱོད་ང་སེམས་མ་དགའ་མ་དགའ་སྡོད་པ་ཅིན་ ཁྱོད་དེ་སྦེ་ཨིན་པས་ཟེར་ ཁྱོད་ག་ཅི་སྨོ་ཟེར་ ཁྱོད་ཁྱི་ཤུབས་འདི་བཏོག་རང་བཏོག་ནི་ཨིན་ང་གིས་ད་རིས་ ཟེར་སླབ་སླབ་མས་ཁོ་གིས་ དེ་འབདཝ་ད་ མ་བཏོག་སྨ་རེད་ཟེར་ ང་དུས་ཚོད་ཨ་ཙི་ཅིག་མ་རན་ ཟེར་སླབ་ནུག་ཏེ་ དུས་ཚོད་མ་རན་ཟེརཝ་ད་ བཏོག་རང་བཏོག་ནི་ད་ ག་ཏེ་བཞག་ནི་ ཟེར་སླབ་ནུག་ཏེ་ དེ་ལས་ཁོ་ར་རྒྱལ་ཏེ་བཏོག་ནུག་ཏེ་ བཏོག་སྦེ།
  • ཆོས་འཛོམས་ Chozom
    ཨ་ནཱི་བཟུམ་སྦེ་རང་སླབ་ནུག་(སྦལཔ་གི་སྲུང་ནང་ཐོན་དོ་བཟུམ་) རོ་ཁྱི་གི་པགས་ཀོ་བཏོག་སྟེ་ ད་གནམ་མེད་ས་མེད་ཁྱོད་ར་ཕྱ་རུ་རུ་སྦེ་བཏོག་སྟེ་ ག་ཏེ་ཡང་གཏོར་ད་ཟེར་ དེ་སྦེ་གཏོར་ད་ཟེར་ དེ་ལས་ གཏོར་གཏོརཝ་མས་ཏེ་ཁོ་གིས་ད་རུང་ ག་ཏེ་ག་ཏེ་ཡང་གཏོར་ཏེ་ ཁྱིམ་གནམ་མེད་ས་མེད་རྫོང་བཟུམ་གྱུར་ དེ་ལས་ ཏེ་བཟའ་ནི་འཐུང་ནི་གནམ་མེད་ས་མེད་མི་ལྡིར་བ་ལྡིར་རྟ་ལྡིར་ག་ར་གྱུར་གྱུརཝ་མས་ཏེ་ གནམ་མེད་ས་མེད་ཁོ་འདི།
  • ཆོས་འཛོམས་ Chozom
    ཕྱུགཔོ་གནམ་མེད་ས་མེད་རྒྱལཔོ་ལས་ལྷག་སྟེ་ཁོ་འགྱོ་འགྱོཝ་མས་ཏེ་ དེ་ལས་ལྷག་སྟེ་འགྱོ་སྦེ་ དེ་ལས་རྒྱལཔོ་མིག་ཏོ་ཚ་ཚཝ་མས་སྨ་རེད་ཁོ་ལུ་ མིག་ཏོ་ཚ་སྟེ་ རྒྱལཔོ་མིག་ཏོ་ཚ་སྟེ་ དེ་ལས་ ཨ་ནཱི་སྤྱང་ཀའི་བུཚ་འདི་གནམ་མེད་ས་མེད་ཕྱུགཔོ་འགྱོ་ཡི་ ག་ཅི་ཅིག་འབད་འབདཝ་ཨིན་ན་ གཅིག་འདི་འབད་རང་འབད་ནུག་ཟེར་ ད་ཁོ་ཤོག་ཟེར་སླབ་ཤིག་ཟེར་ དེ་ལས་སྒར་པ་གཅིག་བཏང་ནུག་ཏེ་ཁོ་འབད་སར་ ཁོ་འབོ་བར་ དེ་ལས་འགྱོ་ནུག་ཁོ་ འགྱོ་སྦེ་ དེ་ལས་ བུམོ་ཡང་ཤེས་ནུག་ཏེ་ གསང་ཡུམ་ཡང་།
  • ཆོས་འཛོམས་ Chozom
    གསང་ཡུམ་ཡང་གཞན་དང་མ་འདྲཝ་ཅིག་ གནམ་མེད་ས་མེད་མཁའ་འགྲོ་བཟུམ་ཅིག་འདུག་ཟེར་ རྒྱལཔོ་འདི་ ཁོ་གི་གསང་ཡུམ་ཁོ་སེམས་ཤོར་ཏེ་ ཁོ་གི་གསང་ཡུམ་འཕྱོག་ནི་སྦེ་ རྒྱལཔོ་གིས་འགོ་བཙུགས་ནུག་ཏེ་དེ་ལས་ དེ་ལས་ཏེ་ ད་རྒྱལཔོ་གིས་སླབ་ནུག་ཏེ་ ད་ཁྱོད་ཕྱུག་པོའི་མི་ག་ཅི་གི་ཡང་ཕྱུག་འོང་ཟེར་ ནངས་པར་ང་བཅས་གཉིས་ཀྱི་ འགོ་དང་པ་རང་ ང་བཅས་གཉིས་ཀྱི་ བྱ་པོད་འཐབ་བཅུག་ནི་སྨ་རེད་ ཟེར་སླབ་ནུག་ཏེ།
  • ཆོས་འཛོམས་ Chozom
    ནངས་པ་ཉི་མའི་རྩེ་དང་འཁྲིལ་ཏེ་ ང་བཅས་གཉིས་ཀྱི་བྱ་པོད་འཐབ་བཅུག་ནི་སྨ་རེད་ ཟེར་གསུངས་ནུག དེ་ལས་ འགྱོ་ནུག་ཁྱིམ་ནང་ལོག་སྟེ་ ཁྱིམ་ནང་འགྱོ་སྦེ་ ག་དེ་སྦེ་གསུང་མས་གོ་རྒྱལ་པོ་གིས་ ཟེར་དྲིས་ནུག་ཨམ་སྲུ་གིས་ དེ་ལས་ བྱ་པོད་འཐབ་བཅུག་ནི་ལོ་ ད་རྒྱལཔོ་གིས་ ངེའི་བྱ་པོད་དང་ ཁོ་གི་བྱ་པོད་གཉིས་འཐབ་བཅུག་ནི་ལོ་ ཟེར་སླབ་སླབ་མས་ འོང་དེ་སྦེ་སླབ་འོང་ ཟེར་སླབ་ཅི་མེན་ན་ང་གིས་ཟེར་ ང་དུས་ཚོད་ཨ་ཙི་ཅིག་མ་རན་ཟེར་བ་ཅིན་ ཁྱོད་ཀྱིས་མ་ཉན་ ཟེར་སླབ་ནུག་ཏེ།
  • ཆོས་འཛོམས་ Chozom
    ཁོ་དུས་ཚོད་རན་ནི་ཅིག་སྡོད་སྡོདཔ་འདྲས་མེན་ན་གཞན་འབད་བ་ཅིན་ དགྲ་བྱང་ཕྱད་མི་འོང་ནི་གིས་ དེ་ལས་ དེ་སྦེ་སླབ་སྦེ་ དེ་ལས་ འགྱོ་ཤིག་ཟེར་ བཏང་ནུག་ཏེ་ཁོ་བཏང་སྦེ་ མར་ཨ་ཞང་མཚོ་ན་རིན་ཆེན་ ཉེ་ཉེ་གཡུའི་སྒྲོལ་མ་ ང་ལུ་བྱ་པོད་ཀྱི་སོན་ཅིག་གནང་ཟེར་ སླབ་པར་འགྱོ་ཤིག་ ཟེར་སླབ་བཏང་ནུག་ཏེ་ དེ་ལས་ཁྱོད་ར་མིག་ཏོ་རང་མ་བལྟ་སྨ་རེད་ གོ་ལ་གིས་མགུ་ཏོ་སྤུར་ཏེ་སྡོད་སྨ་རེད་ ཟེར་སླབ་ནུག་ཏེ།
  • ཆོས་འཛོམས་ Chozom
    འགྱོ་ནུག་ཁོ་ འགྱོ་སྦེ་ དེ་ལས་ ཨ་ཞང་མཚོ་ན་རིན་ཆེན་ཉེ་ཉེ་གཡུའི་སྒྲོལ་མ་ཟེར་ ཁོ་གི་ཨམ་སྲུ་གི་ཨ་པ་དང་ ཨའི་ཨིན་པས་མེན་ན་ཏེ་ ཨ་ཞང་དང་ཉེ་ཉེ་གཡུའི་སྒྲོལ་མ་ ང་ལུ་བྱ་པོད་ཀྱི་སོན་ཅིག་གནང་ ཟེར་སླབ་སྦེ་ ཁོ་ར་ཉལ་ཏེ་སྡོད་ནུག དེ་འབདཝ་ད་ བྱ་པོད་ཨ་ནེ་ཅིག་འབད་མི་ཅིག་ ཅིའུ་ཅིའུ་བཏང་འབག་འོང་ནུག་ལོ་བསྐྱལ་བར་ འ་ནཱི་བཟུང་འབག་སྟེ་ཁྱིམ་ནང་འགྱོ་ནུག་ཏེ་ ཨམ་སྲུ་འབད་སར་ ཁའི་ཁོ་གི་བཟུམ་སྦེ་མིན་འདུག་ འཐབ་སྟེ་ཡང་མི་རྒྱལ་ནི་མས་ ཟེར་སླབ་སླབ་མས་རྨགཔ་གིས།
  • ཆོས་འཛོམས་ Chozom
    རོགས་རྒྱལཔོ་གི་བཟུམ་སྦེ་མིན་འདུག་ ཟེར་སླབ་སླབ་མས་ དེ་ལས་འབག་སོང་ག་དེ་སྦེ་ཨིན་རུང་ ཟེར་སླབ་སླབ་མས་ཏེ་ འབག་སྦེ་འཐབ་བཅུག་དོ་མས་ཏེ་ ཐང་ཅིག་ནང་ཐོན་སྦེ་ཁོང་གཉིས་ ད་ གདན་ཅིག་ཐིང་སྟེ་སྡོད་སྦེ་ འཐབ་བཅུག་དོ་མས་ཏེ་བར་ན་སྟོན་ཏེ་ དེ་ལས་ཁོ་གི་འདི་ བྱ་པོད་གནམ་མེད་ས་མེད་ཆོ་ཏོ་རང་འ་ནཱི་སྦེ་འབད་མི་སྦོམ་སྦོམ་ སྐད་རང་ཀང་ཀང་བཏང་རྐྱབ་དོ་མས་ཏེ་ ཁོ་གི་བྱ་པོད་ཀྱིས་ ཅིའུ་ཅིའུ་བཏང་འབདཝ་མས་ཟེརཝ་མས་ལོ་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ རོགས་ཀྱི་ཁམ་ཏོ་གཅིག་ཆོ་ཏོ་རྐྱབ་ད་རང་ ཀོབ་ཀོབ་བཏང་འཐུ་བཏང་མས་ཟེརཝ་མས་ལོ་ཁོ་གི་འདི་ བྱ་པོད་ཀྱི་ཁ་གང་གང་རྐྱངམ་ཅིག་ལང་པས་ཟེརཝ་མས་ལོ་ཁོ་གི་བྱ་པོད་ཀྱིས་ དེ་འབདཝ་ད་ལུནི་ རྒྱལཔོ་ཧ་ཧ་ཧ་བཏང་བགའ་དོ་མས་ཏེ་ སེམས་དགའ་སྟེ་ ཛའི་ངེའི་བྱ་པོད་དྲག་པས་སྨ་རེད་ཟེར་ དེ་ལས་ཉི་མ་ཉིན་གུང་ལངས་དོ་ལངས་དོ་ཟེརཝ་ད་ལུནི་ ཁོ་གི་བྱ་པོད་ཀྱི་ ཕེར་ཀ་ལིང་ཕེར་ཀ་ལིང་བཏང་བརྒྱལཝ་མས་ཟེརཝ་མས་ལོ་ཏེ།
  • ཆོས་འཛོམས་ Chozom
    ཕྱི་རུ་གནམ་གནག་དུང་དུ་བསྲོཝ་ད་ལུནི་ རྒྱལ་པོའི་བྱ་པོད་འདི་ བསད་བཏང་ཡི་ཟེརཝ་མས་ལོ་ཏེ་ ཁོ་གི་བྱ་པོད་ཆུང་ཀུ་འདི་གིས་ དེ་ལས་རྒྱལཔོ་ངལ་མ་རངས་པས་ཏེ་ད་རུང་ ད་ཁྱོད་དྲག་པས་མི་ ག་ཅི་ཡང་དྲག་ ནངས་པར་འབད་བ་ཅིན་ ཕགཔ་འཐབ་པར་ཨིན་སྨ་རེད་ཟེརཝ་མས་ལོ་ད་རུང་ དེ་ལས་ཕྱི་རུ་ཁྱིམ་ནང་འགྱོ་དོ་མས་ཏེ་ ཁྱིམ་ནང་འགྱོཝ་ད་ ག་དེ་སྦེ་གསུང་མས་གོ་རྒྱལཔོ་གིས་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    ད་ཕགཔ་འཐབ་པ་ཨིན་ལོ་ད་ ཟེར་སླབ་སླབ་མས་ ང་དུས་ཚོད་མ་རན་ ཟེར་སླབ་ཅི་བ་ ཨམ་སྲུ་གིས་རྟག་བུ་རང་སླབ་དོ་མས་ཁོ་ལུ་ དེ་ལས་ནངས་པར་དྲོ་པ་འགྱོ་ཤིག་ད་ཟེར་ ཨ་ཞང་མཚོ་ན་རིན་ཆེན་ ཉེ་ཉེ་གཡུའི་སྒྲོལ་མ་ ཕགཔ་གི་སོན་ཅིག་ཞུ་གེ་ལགས་ཟེར་ སླབ་པར་འགྱོ་ཤིག་ ཟེར་སླབ་སླབ་མས་ཏེ་ དེ་ལས་འགྱོ་འགྱོཝ་མས་ཏེ་ད་རུང་ དེ་སྦེ་རང་འབད་སྦེ་ དེ་འབདཝ་ད་ཕགཔ་གི་ཕྱུ་གུ་ཨ་ནེ་ཅིག་འབད་མི་ཅིག་ ཅེ་ཅེ་བཏང་འབད་མི་ཅིག
  • ཆོས་འཛོམས་ Chozom
    འབག་འོང་ནུག་ཟེརཝ་མས་ལོ་ཏེ་ དེ་ལས་ད་རུང་འབག་སྦེ་འགྱོ་དོ་མས་ཏེ་ ལགཔ་ཁར་བཤེད་སྦེ་ཁོ་གི་འདིནི་ཕགཔ་ཡང་ རྒྱལཔོ་གི་འདི་ འཁྱིད་འབག་སྟེ་ མཆེཝ་རང་འ་ནེ་སྦེ་བཀུགཔ་འགྱོ་འགྱོཝ་ མ་འདྲཝ་ཅིག་འདུག་ཟེརཝ་མས་ལོ་ཏེ་ཕགཔ་སྦོམ་ དེ་ལས་ ད་རུང་ལྟ་མ་འབདཝ་ད་ལུ་ འཐབ་བཅུག་དོ་མས་ཏེ་ཐང་བར་ན་སྟོན་ཏེ་ དེ་འབདཝ་ད་ལུནི་ ཁོ་གི་ཕགཔ་འདི་ རྒྱལ་པོའི་ཕགཔ་གིས་ ཚར་རེ་བླུགས་བྱིནམ་ད་ལུ་ ཝར་ཝར་བཏང་གཡུག་བཀོཝ་མས་ལོ་ཏེ།
  • ཆོས་འཛོམས་ Chozom
    ཝེའི་ཝེའི་བཏང་ དེ་ལས་ ཉིན་ཕྱེད་ལངས་དོ་ལངས་དོ་ཟེརཝ་ད་ལུནི་ ཧེ་མ་འདི་རྒྱལཔོ་གནམ་མེད་ས་མེད་བགའ་དོ་མས་ཏེ་ ལྟ་མ་འབདཝ་ད་ཉིན་ཕྱིད་ལངས་དོ་ལངས་དོ་ཟེརཝ་ད་ལུ་ ཁོ་གི་ཕགཔ་འདི་གིས་ བརྒྱལ་དོ་མས་ཏེ་ ཕྱི་རུ་ཁམས་ལུ་ལྷོདཔ་ད་ལུནི་ ཕགཔ་སྦོམ་ཤོས་དེམ་བསད་དོ་མས་ཏེ་ད་རུང་ དེ་ལས་ད་རུང་ ངལ་མ་རངས་རངས་མས་ཏེ་ ད་ནངས་པར་གླང་འཐབ་པར་ཨིན་སྨ་རེད་ ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    ང་བཅས་གཉིས་ཀྱི་གླང་འཐབ་པར་ཨིན་སྨ་རེད་ ཟེརཝ་མས་ལོ་ དེ་ལས་ ནང་དོག་ནུག་ཏེ་ ད་རུང་ཁོ་ ད་རུང་ཁྱིམ་ནང་འགྱོ་ནུག་ ག་དེ་སྦེ་གསུང་མས་རྒྱལཔོ་གིས་ ཟེར་དྲིས་ནུག ནངས་པར་ལས་གླང་འཐབ་པ་ཨིན་ལོ་ད་ཟེར་ནུག ད་རུང་ནངས་པར་དྲོ་པ་འགྱོ་སྨ་རེད་མར་ལུ་ ཟེར་སླབ་སླབ་མས་ ད་རུང་འགྱོ་འགྱོཝ་མས་ཁོ་ དེ་འབདཝ་ད་ བོའུ་ཅུང་ཕྱུ་གུ་འཚརཝ་ཅིག་འབད་མི་ རྐངམ་རང་ཡར་ལོང་མ་ཐེག་པར་ ལེམ་ལེམ་བཏང་རྦབ་རིལ་འགྱོ་སག་ས་འབད་མི་ཅིག་འབག་ནུག་ཟེརཝ་མས་ལོ་ད་རུང་།
  • ཆོས་འཛོམས་ Chozom
    དེ་ལས་ ཁོ་གི་འདིནི་བླ་མ་མཁྱེན་ནོ་ ནངས་པར་འབགཔ་ད་ལུནི་ འཐབ་པར་འབགཔ་ད་ལུནི་ ཁོ་གི་འདི་བླ་མ་མཁྱེན་ནོ་ རྭཝ་རང་གནམ་མེད་ས་མེད་རྒྱས་ཏེ་འགྱོ་འགྱོཝ་མ་འདྲཝ་ཅིག་ གླང་འཁྱིད་འབག་ནུག ཟེརཝ་མས་ལོ་ཏེ་ཁོ་གི་འདི་ ཝར་ཝར་བཏང་ཞིང་ལེབ་རེ་རེ་གི་རྩིས་ཡང་ གཡུག་བཀོཝ་མས་ཟེརཝ་མས་ལོ་ཏེ་ དེ་བསྒང་ལུ་གླང་གི་རྭཝ་གིས་ དེ་ལས་ ཕྱི་རུ་ཧ་ལམ་འབདཝ་ད་ལུནི་ ཁོ་གི་འདི་གིས་ རྒྱལཔོ་གི་འདི་ གཡུག་བཀོཝ་མས་ཟེརཝ་མས་ལོ་ཏེ།
  • ཆོས་འཛོམས་ Chozom
    རྒྱལཔོ་གི་གླང་འདི་ ཁོ་གི་དེ་གིས་ ཕྱི་རུ་ཁམས་ཅིག་ཁར་ལྷོདཔ་ད་ལུ་ རྒྱལཔོ་གི་དེ་བསྣད་དེ་ ལེབ་ཏར་བཏང་བསད་བསད་མས་ལོ་ དེ་ལས་ག་དེ་སྦེ་འབད་རུང་མ་རྒྱལ་བར་ དེ་ལས་ཏེ་ དགོངསམ་ཁྲལ་ནུག་ཏེ་ ངལ་མ་རངས་པས་ཏེ་རྒྱལཔོ་འདིནི་ ག་དེ་སྦེ་འབད་རུང་ ཁོ་གི་ཨམ་སྲུ་འཕྱོག་མི་ཚུགས་ནི་མས་ཟེར།
  • ཆོས་འཛོམས་ Chozom
    ད་ཁོ་ཕམ་པ་ཅིན་ ཁོ་གི་ཨམ་སྲུ་འདི་རྒྱལ་པོ་གིས་འཕྱོག་ནི་སྦེ་ རྒྱལ་སྤུང་སྟེ་ཡོད་དོ་མས་ཁོང་གཉིས་ རྒྱལ་བཞག་བཞགཔ་མས་ དེ་ལས་ ད་ག་དེ་སྦེ་འབད་རུང་འབད་མ་ཚུགས་པར་ རྒྱལཔོ་གིས་ད་རུང་ ད་ནངས་པར་ ཡུངས་དཀར་བྲེ་དགུ་འགྱོ་བའི་ཞིང་བརྫམ་ཤིག་ཟེར་ བཀའ་གནང་གནངམ་མས་ཏེ་ཁོ་ལུ་ དེ་ལས།
  • ཆོས་འཛོམས་ Chozom
    ག་དེ་སྦེ་གསུང་མས་གོ་རྒྱལཔོ་གིས་ ཟེར་དྲིས་དྲིསཝ་མས་ ནངས་པ་ལུནི་ ད་ཡུངས་དཀར་བྲེ་དགུ་གི་ཞིང་བརྫམ་ད་ལོ་ང་གིས་ བྲེ་དགུ་ཤོང་པའི་ཞིང་བརྫམ་ད་ལོ་ཟེར་ ཡུངས་དཀར་བྲེ་དགུ་འདི་ ག་ཏེ་ཤོང་ནི་ཏེ་བླ་མ་མཁྱེན་ནོ་ ཨ་ནཱི་བདེ་ཆེན་གླིང་ས་ག་ར་འབད་རུང་ ཡུངས་དཀར་བྲེ་དགུ་གི་འདི་ག་ཏེ་ཡང་ཁྱབ་འོང་།
  • ཆོས་འཛོམས་ Chozom
    ཁོ་ཨ་ཙི་རེ་གཏོར་ཡི་གཏོར་ཡི་བཙུགས་འོང་མེན་ན་ཏེ་ དེ་ལས་ སླབ་སླབ་མས་ཏེ་ཨམ་སྲུ་ལུ་ དེ་སྦེ་སླབ་མས་ཟེར་ དེ་འབདཝ་ད་ལུ་ འགྱོ་ཤིག་མར་འགྱོ་སྟེ་ ཨ་ཞང་བསོད་ན་རིན་ཆེན་ ཉེ་ཉེ་གཡུའི་སྒྲོལ་མ་ཟེར་ ལྕགས་ཀྱི་སོན་ཅིག་ཞུ་གེ་ལགས་ཟེར་ སླབ་པར་འགྱོ་ཤིག་ ཟེར་སླབ་སླབ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ ད་རུང་ཁོ་ར་ག་ཕུབ་རྐྱབ་སྟེ་ ཉལ་སྡོད་སྡོདཔ་མས་ དེ་འབདཝ་ད་ལུནི་ ཟོརཝ་རྙིངམ་ དཔའ་རྟགས་རྙིངམ་ སྟག་རེ་རྙིངམ་འདི་ཚུ་ ཆག་པ་གཅིག་འབག་ནུག་ལོ་ད་རུང་ དེ་ལས་འ་ནཱི་འབག་སྦེ་འགྱོ་དོ་མས་ཁོ་ར་ ག་ཅི་ཡང་བཏོག་ནི་བཟུམ་ཅིག་ཡང་མིན་འདུག་ལོ་ཏེ་ ཨ་ནཱི་དཔའ་རྟགས་དང་སྟག་རེ་གིས་ དེ་ལས་ སླབ་དོ་མས་ཏེ་ ཁྱོད་ར་འགྱོ་སྦེ་ ཞིང་འ་ནེ་ཅིག་བརྫམ་ནི་ཨིན་ཟེར་བཅད་འབད་དེ་ དཔའ་རྟགས་དང་ ཟོརཝ་ དེ་ལས་ སྟག་རེ་ཚུ་མཇུག་ལས་འབད་ཞིབ་བཞག་ཤིག་ཟེར།
  • ཆོས་འཛོམས་ Chozom
    དེ་ལས་ ཁྱོད་ར་ཡར་ལྟག་ལུ་འགྱོ་སྦེ་སྡོད་ཤིག་ ཟེར་སླབ་སླབ་མས་ཏེ་ དེ་ལས་ཏེ་ ཨ་ཙི་ཅིག་ཁ་ལས་ ད་ཀ་ད་ཀ་་་་་་་བཏང་བརྫམ་འབགཔ་མས་ལོ་སྨེ་ བླ་མ་མཁྱེན་ནོ་ཟོརཝ་གིས་ནང་ན་ལས་བརྫམ་ཅི་རང་ དེ་ལས་སྟག་རེ་གིས་ཤིང་བརྡབ་ཅི་རང་ དཔའ་རྟགས་ཀྱིས་ཤིང་བརྫམ་ཏེ་རང་ ཕྱེ་འཐག་འཐག་བཟོ་བཏང་སྟེ་འབགཔ་མས་ལོ་ཏེ་ཁོང་ཆ་ཁྱབ་ཀྱིས་ དེ་ལས་ འ་ནཱ་ཚུན་ཨིན་ཟེར་མི་གི་མཚམས་ཁར་ཁོ་ར་སྡོད་སྦེ་ ཕྱི་རུ་མཇུག་བསྡུཝ་སྦེ་འགྱོ་དོ་མས་ཏེ་ཁྱིམ་ནང་ དེ་ལས་རྫོགས་སོ་ཡི་ལགས་རྒྱལཔོ་ ཟེར་ཞུ་བར་འགྱོ་འགྱོཝ་མས་ཏེ་ད་རུང་།
  • ཆོས་འཛོམས་ Chozom
    རྫོགས་སོ་ཡི་ལགས་རྒྱལ་པོ་ ཟེར་ཞུ་བ་ཅིན་ ད་ནངས་པར་མེ་བཏང་ཤིག་ཟེརཝ་མས་ལོ་ ནངས་པར་མེ་བཏང་པར་ཨིན་སྨ་རེད་ཟེརཝ་མས་ལོ་ དེ་ལས་འགྱོ་ནུག་ད་རུང་ཁོ་ཁྱིམ་ནང་ ཁྱིམ་ནང་འགྱོ་སྦེ་ ད་ག་དེ་སྦེ་གསུང་མས་གོ་རྒྱལཔོ་གིས་ཟེརཝ་ད་ ད་ད་རིས་བརྫམ་མི་ཞིང་འདི་ ནངས་པར་མེ་བཏང་ལོ་ད་ ག་དེ་སྦེ་འཚིག་བཏུབ་ནི་ད་ རླནམ་སྦེ་ ཟེར་སླབ་དོ་མས་ཏེ་ཁོ་གིས།
  • ཆོས་འཛོམས་ Chozom
    ཨམ་སྲུ་ལུ་ དེ་ལས་སླབ་དོ་མས་ཨམ་སྲུ་གིས་ད་རུང་ ད་འགྱོ་ཤིག་ད་རུང་ཨ་ཞང་བསོད་ན་རིན་ཆེན་དང་ ཉེ་ཉེ་གཡུའི་སྒྲོལ་མ་ མེ་གི་སོན་ཅིག་ཞུ་གེ་ལགས་ ཟེར་བར་འགྱོ་ཤིག་ ཟེར་སླབ་སླབ་མས་ཏེ་ དེ་ལས་འགྱོ་འགྱོཝ་མས་ད་རུང་ ནངས་པར་དྲོ་པ་ཧ་སག་སྟེ་འགྱོ་སྦེ་ ད་རུང་སླབ་སླབ་མས་ཏེ་ དེ་འབདཝ་ད་ལུནི་ མེ་རོ་ ང་བཅས་ར་མེ་འཕུཝ་ད་ མེ་རོ་ལུསཔ་མས་མེན་ན་ཏེ་ འ་ནཱི་ཨ་ནེ་ཅིག་བསྐྱལ་བར་འབག་ནུག་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    མེ་རོ་ཙང་ཙ་འ་ནཱི་འབག་སྦེ་འགྱོ་དོ་མས་ཏེ་ དེ་ལས་འདི་བཟུམ་གིས་ ག་དེ་སྦེ་འབར་ནི་ ཟེར་སླབ་སླབ་མས་ཏེ་ཨམ་སྲུ་ལུ་ད་རུང་ ཁྱོད་སྐད་མ་རྐྱབ་པར་ཁྱོད་ར་ཞིང་གི་མཇུག་བདའ་སྟེ་ཤ་ར་ར་ རེ་རེ་འབད་ཞིབ་སྟེ་བཞག་པར་འབག་ཤིག་ ཟེར་སླབ་མས་ལོ་ད་རུང་ཨམ་སྲུ་གིས་ དེ་ལས་འབག་འབགཔ་མས་ཏེ་ ཞིབ་སྟེ་བཞག་པར།
  • ཆོས་འཛོམས་ Chozom
    ཏེ་ ཁྱོད་ར་སྤང་ན་ཐོན་ཏེ་མ་སྡོད་ཤིག་ཟེར་ ཁྱོད་ར་ཆུ་ནང་འཛུལ་ཏེ་སྡོད་ཤིག་ ཟེར་སླབ་ནུག་ཨམ་སྲུ་གིས་ དེ་ལས་འགྱོ་ནུག་ཏེ་ ཞིབ་སྟེ་བཞག་ནུག་སྨ་རེད་ བཞག་སྦེ་ཆུ་ནང་འཛུལ་སྟེ་སྡོད་ནུག་ཁོ་ར་ ཡ་བླ་མ་མཁྱེན་ནོ་ཡུདཔ་ཅིག་ལས་ གནམ་མེད་ས་མེད་ས་ཆ་རང་ལྡིག་ལྡིག་མེ་གནམ་མེད་ས་མེད་འབར་ཏེ་འོངམ་ད་ བླ་མ་མཁྱེན་ནོ་ས་དང་གནམ་ཡང་འཚིག་ནི་བཟུམ་སྦེ་རང་འབད་དོ་མས་ཏེ་ ཁོ་གི་ཞིང་མེ་བཏང་མ་ཚརཝ་ཚུན་ཚོད།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ལུནི་ རྒྱ་མཚོའི་ནང་ན་ལུ་ ཆུ་རང་ཚ་ཏོམ་བཟོ་བཏང་མས་ཟེརཝ་མས་ལོ་ཏེ་ ཆུ་ཚ་ཏོམ་འཚིགས་ཏེ་ དེ་ལས་ ཕྱེ་འཐག་འཐག་ཤིང་འདི་ཚུ་ཡང་ཕུད་རྡོག་གཅིག་འབད་མི་རང་མ་ལུས་པས་ ཟེར་ཨིན་པས་ཏེ་ ལེགས་ཤོམ་སྦེ་ ཕྱེ་འཐག་འཐག་བཟོ་བཏང་ནུག་ ཟེར་ཨིན་པས་ དེ་ལས་ ད་རུང་རྒྱལཔོ་འབད་སར་འགྱོ་ནུག་ཏེ་ ཞིང་མེ་བཏང་ཚར་ཡི་ལགས་རྒྱལ་པོ་ཟེར་ དེ་ལས་སླབ་ནུག་ཏེ་རྒྱལ་པོ་གིས་ད་རུང་།
  • ཆོས་འཛོམས་ Chozom
    ད་ ཁྱོད་དྲག་པའི་མི་ག་ཅི་ཡང་དྲག་ ད་མིང་རང་དྲག་པའི་མི་ཟེར་ སླབ་ནུག་ཁོ་ལུ་ དྲག་པའི་མི་ག་ཅི་ཡང་དྲག་ ད་ཁྱོད་ར་ནངས་པར་འབདནི་ ཡུངས་དཀར་བྲེ་དགུ་གཏོར་སྟེ་ ཚར་གཅིག་གཏོར་ཤིག་ཟེར་ གཏོར་ཞིན་ན་ ལོག་སྟེ་འཐུ་ཤིག་ ཟེརཝ་མས་ལོ་ཏེ་ ལོག་སྟེ་འཐུ་ཤིག་ཟེར་ ད་རུང་ དེ་ལས་ཏེ་ ད་གཏོར་ནི་འདི་ང་གིས་གཏོར་འོང་ འཐུ་ནི་འདི་ང་གིས་ ཚགས་ཁར་མི་ཚུད་ལགས་རྒྱལ་པོ་ ཟེར་ཞུ་ནུག་ཁོ་གིས།
  • ཆོས་འཛོམས་ Chozom
    དེ་འབད་བ་ཅིན་ ཁྱོད་རའི་ཨམ་སྲུ་ང་ལུ་བྱིན་ན་ ཟེར་གསུངས་མས་ལོ་ ཁྱོད་ཀྱི་ཨམ་སྲུ་ང་ལུ་བྱིན་ན་ ཁྱོད་ར་བྱིན་ནི་ཟེར་བ་ཅིན་བཏུབ་ ཁྱོད་ར་གཏོར་བཞག་ཟེརཝ་མས་ལོ་ དེ་ལས་ ད་རུང་ཁོ་དགའཝ་དགའ་སྐྱོ་མེད་པར་ཁྱིམ་ནང་འགྱོ་སྦེ་ ཨམ་སྲུ་གིས་ག་དེ་སྦེ་སླབ་མས་གོ་ ཟེར་དྲི་དོ་མས་ ཨཱ་ཡུངས་དཀར་བྲེ་དགུ་ ད་ནངས་པར་ཉིནམ་གཅིག་ནང་གཏོར་ཏེ་ ད་རུང་ལོག་འཐུ་ཚརཝ་སྦེ་འབད་ལོ་ང་གིས་ ཟེར་སླབ་སླབ་མས་ཏེ།
  • ཆོས་འཛོམས་ Chozom
    ག་དེ་སྦེ་འཐུ་ཚར་ནི་ འཐུ་ནི་ལུ་ཤུགས་འབད་རང་ནང་དོག་ནུག་ཏེ་ཁོ་ དེ་ལས་ སླབ་མས་ལོ་ཨམ་སྲུ་གིས་ ང་དུས་ཚོད་མ་རན་ཟེར་བ་ཅིན་ཁྱོད་ཀྱིས་བཀོ་བཏང་ཡི་ཟེར་ ད་བལྟ་ཤིག་ད་ ཁྱོད་ར་ལུ་ག་དེ་སྦེ་འབདཝ་མས་གོ་ ད་ཁྱོད་ར་དྲོ་པ་འགྱོ་ཤིག་མར་ ཨ་ཞང་བསོད་ན་རིན་ཆེན་དང་ ཉེ་ཉེ་གཡུའི་སྒྲོལ་མ་ཨ་ནཱི་བྱི་ཅུང་གི་སོན་ཅིག་གནང་ཟེར་ ཞུ་བར་འགྱོ་ཤིག་ ཟེར་སླབ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་འགྱོ་ནུག་ཏེ་ཁོ་ འགྱོ་སྦེ་བྱ་གི་སྤུ་རྐྱངམ་ཅིག་ ཀུ་ཏོ་གང་བསྐྱལ་བར་འབག་ནུག་ལོ་སྤུ་ཙང་ཙ་ དེ་ལས་ ཡུངས་དཀར་སོན་འབད་བ་ཅིན་ཁོ་ར་གིས་བཏབ་ བཏབ་སྟེ་འདི་ཐོབ་མེན་ན་ཏེ་ཁོ་ར་གིས་ བཏབ་ཚར་ཏེ་ དེ་ལས་ ཁྱོད་ར་ཡར་ ཚར་གཅིག་བཏབ་སྦེ་ ཁྱོད་ར་ཡར་ལྟག་ལུ་འགྱོ་སྦེ་ བྲེ་ལགཔ་ཁར་འབད་ ཕད་ཅུང་ལགཔ་ཁར་འབད་སྡོད་ཤིག་ ཟེར་སླབ་མས་ལོ་ཨམ་སྲུ་གིས།
  • ཆོས་འཛོམས་ Chozom
    དེ་ལས་འགྱོ་འགྱོཝ་མས་ཏེ་ འགྱོ་སྦེ་ཡུངས་དཀར་འདི་བཏབ་ཚར་ཡི་ལོ་ བཏབ་ཚར་སྦེ་ དེ་སྦེ་འགྱོ་སྟེ་སྡོད་ནུག་ཏེ་ དེ་ཅིག་གི་བར་ན་ལུ་ ཨ་ནཱི་བྱ་གི་སྤུ་ཞིང་གང་གཏོར་བཞག་ཤིག་ ཟེར་སླབ་ནུག་ཨམ་སྲུ་གིས་ ཞིང་གང་གཏོར་བཞག་ནུག་ཁོ་གིས་ དེ་ཅིག་གི་བར་ན་ལྟ་མ་ཡུདཔ་ཐེངས་ཅིག་ལས་ ཅེའུ་ཅེའུ་་་་་་བཏང་བྱ་གི་སྐད་བླ་མ་མཁྱེན་ནོ་བྱ་སྤྱི་རིགས་སྣ་ཚོགས་ག་ར་འཛོམས་ནུག་ལོ་མེན་ན་ཞིང་གང་།
  • ཆོས་འཛོམས་ Chozom
    ཨཱ་་་སློང་ཡི་སློང་ཡི་འཐུ་སྟེ་རང་ བླུགས་པར་འབགཔ་མས་ལོ་ཏེ་ ཕྱག་ཀ་ཕྱག་ཀ་བཏང་ བླུགས་པར་འབག་སྟེ་ དེ་ལས་ གཅིག་ གཉིས་ གསུམ་ བཞི་ཟེར་ འབལ་འབག་ནུག་ཏེ་ བླུགས་ཅི་རང་ ཨ་ནཱི་ཡུངས་དཀར་བྲེ་དགུ་ག་ར་ དེ་འབདཝ་ད་ བྲེ་ཨ་ཙི་ཅིག་ མ་གང་ལོ་ཨ་ནེ་ཅིག་གི་རྩིས་གིས་ དེ་འབདཝ་ད་ ག་གིས་ཡང་མ་འབག་ག་མ་འབག་ཟེརཝ་ད་ལུ་ ག་གིས་ཡང་མ་འབག་མ་འབག་ ཟེར་སླབ་ད་ ལྟ་མ་འབདཝ་ད་ [བྱ་ན་ཛེམ་?] ཟེར་འོང་མས་མེན་ན་ང་བཅས་རའི་བྱཱ་ཟ་བར་འོང་མི།
  • ཆོས་འཛོམས་ Chozom
    འ་ནཱི་གིས་ རྒྱབ་ཁར་ལྦཝ་གི་ནང་ན་ ཅོག་ཏོར་བཏང་ དེ་འབདཝ་ད་ངེའི་ཨ་ལོ་ལུ་འབག་ནི་ ཟེར་སླབ་མས་ལོ་བྱ་ན་ཛེམ་གྱིས་ དེ་འབདཝ་ད་ ང་རྒྱལཔོ་གིས་ མི་བཞག་པས་ཟེརནི་ ཁྱོད་ཨ་ལོ་ལུ་འབག་ནི་ཟེར་ཡ་ཟེར་ ཨོལ་ལྐོག་པད་སྐོར་ཅིག་གཅུ་བཏངམ་ད་ལུ་ བྱ་ནེ་ཛེམ་གྱི་ལྦཝ་ རྒྱབ་ཁར་ཐོན་ཡར་སོ་ལོ་ བྱ་ནེ་ཛེམ་གྱི་ལྦཝ་རྒྱབ་ཁར་ཡོདཔ་ཨིན་ལོ་མེན་ན་ཏེ་ རྒྱབ་ཁར་ཡོདཔ་ཨིན་ལོ་ད་ལྟོ་ རྒྱབ་ཁར་ལྷོད་ལྷོདཔ་མོ་གི་ལྦཝ།
  • ཆོས་འཛོམས་ Chozom
    ཁོ་གིས་གཅུ་བཏང་བཏངམ་མས་ཏེ་ ཙིགཔ་ཟ་སྟེ་ དེ་ལས་ བྲེ་དགུ་ག་ར་དུ་རུ་རུ་བཏང་འཐུ་སྦེ་ ཕྱི་རུ་བསྐྱལ་བར་འབག་འབགཔ་མས་ཏེ་ དེ་ལས་ ད་རྒྱལ་པོ་ ད་བཏབ་སྟེ་ཡང་ཚར་ཡི་ འཐུ་སྟེ་ཡང་ཚར་ཡི་སྨ་རེད་ ཟེར་བྱིན་ནུག་ཏེ་ དེ་འབདཝ་ད་སླབ་མས་ལོ་ཏེ་ ད་ག་ཅི་རང་འབད་རུང་ ཁྱོད་རྒྱལ་སོ་ཡི་ཟེར་ ད་དམག་འཕྱད་ནི་ཨིན་ང་བཅས་གཉིས་ ཟེརཝ་མས་ལོ་ དེ་ལས་ ཕྱད་མདའ་རྐྱབ་ནི་ཨིན་པས་ཏེ།
  • ཆོས་འཛོམས་ Chozom
    ད་ཕྱད་མདའ་རྐྱབ་སྟེ་ ཁྱོད་མ་རྒྱལ་བ་ཅིན་ ཁྱོད་ཀྱི་ཨམ་སྲུ་ང་གིས་འཁྱིད་ནི་ཨིན་ཐད་རི་བ་རི་ དེ་ལས་ཏེ་ ནང་དོག་ནུག་ཏེ་ཁོ་ ད་ནང་དོག་སྟེ་སྡོད་ནུག་ འགྱོ་ནུག་ད་རུང་ཁྱིམ་ནང་ ཁྱིམ་ནང་འགྱོ་སྟེ་ཨམ་སྲུ་ལུ་སླབ་ནུག་ཏེ་ ད་ག་དེ་སྦེ་གསུང་མས་གོ་རྒྱལཔོ་གིས་ ཟེར་སླབ་ནུག་ཨམ་སྲུ་གིས་ ད་ང་བཅས་གཉིས་ག་ཅི་རང་འབད་རུང་ང་རྒྱལ་ཡི་ལོ་ ད་ནངས་པར་དམག་རྐྱབ་ནི་ཨིན་ལོ་ད་ ཟེར་སླབ་ནུག་ཁོ་གིས།
  • ཆོས་འཛོམས་ Chozom
    ག་དེ་སྦེ་འབད་ནི་ད་ ངནི་ང་ར་རྐྱངམ་གཅིག་ཡོད་ ག་དེ་སྦེ་རྒྱལ་ནི་ཨིན་ན་སྨོ་ ཟེར་སླབ་དོ་མས་ཏེ་ དེ་ལས་ སླབ་ནུག་ཏེ་ད་རུང་ཨམ་སྲུ་གིས་ མར་ཆུ་མཐའ་མར་འགྱོ་སྦེ་ ཨ་ཞང་བསོད་ན་རིན་ཆེན་དང་ ཉེ་ཉེ་གཡུའི་སྒྲོལ་མ་ དམག་གི་སོན་ཅིག་ཞུ་གེ་ལགས་ཟེར་ སླབ་པར་འགྱོ་ཤིག་ ཟེར་སླབ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་འགྱོ་འགྱོཝ་མས་ཏེ་ད་རུང་ འགྱོ་སྦེ་ཁོ་ར་ག་ཕུབ་རྐྱབ་སྟེ་ ཉལ་སྡོདཔ་ད་ལུ་ ལྕགས་སྒྲོམ་རྙིངམ་ཅིག་བསྐྱལ་བར་འབག་འོང་ནུག་ལོ་སྦོ་ལོགས་ཁར་ དེ་ལས་ལྕགས་སྒྲོམ་ནང་ན་ ག་ཅི་ཡོདཔ་ཨིན་ན་ཟེར་ མནོ་ནུག་ཏེ་ཁོ་ ག་ཅི་ཡོདཔ་ཨིན་ན་ཟེར་ ཨ་ཙི་ཅིག་ཕྱེ་བལྟ་ནུག་མེན་ན་ཏེ་ དེ་འབདཝ་ད་ ག་གུ་རྐྱབ་ནི་ ག་གུ་རྐྱབ་ནི་ ཟེར་སླབ་མས་ཟེརཝ་མས་ལོ་འདི་ཚུ་གིས་ ག་ཁ་ཐུག་རྐྱབ་ནི་ཟེར།
  • ཆོས་འཛོམས་ Chozom
    དེ་ལས་ རྡོ་གུ་ལུ་རྐྱབ་ཟེར་ སླབ་སླབ་ཨིན་ལོ་ཁོ་ར་གིས་ དེ་འབདཝ་ད་ རྡོ་གུ་ལུ་རྐྱབ་བྱིནམ་ད་ལུ་ ཕྱེ་རང་ཐོ་རོ་རོ་འབག་མས་ཟེར་མས་ལོ་ཏེ་འདི་གིས་ ཐེངས་ཕོག་གཅིག་གུ་ རྡོ་ཡང་ཕྱེ་འཐག་སྟེ་ ཁོང་ཆ་ཁྱབ་ཐོན་འགྱོཝ་ད་ལུ་ དེ་ལས་ཏེ་ ཏོག་ཏོག་བཏང་འབདཝ་ད་ དུར་བཏང་ལོག་སྟེ་འོང་ཡི་ལོ་ དེ་ལས་འབག་སྦེ་འགྱོ་ནུག་ཏེ་ ད་བཏུབ་ནི་མས་ཟེར།
  • ཆོས་འཛོམས་ Chozom
    དེ་ལས་འགྱོ་སྦེ་ ཁྱིམ་ནང་འགྱོ་སྦེ་ ཨམ་སྲུ་དང་ཕྱི་རུ་ལས་ བློ་སླབ་སྦེ་ཉལ་ནུག་ཏེ་ ཁོང་གཉིས་ ཉལ་སྦེ་ནངས་པ་འབདཝ་ད་ ཉི་མའི་རྩེ་དང་བསྟུན་ཏེ་ཨིན་སྨ་རེད་ ཟེར་སླབ་ནུག་མེན་ན་རྒྱལ་པོ་གིས་ ང་བཅས་གཉིས་ཕྱད་མདའ་འ་ནེ་ཅིག་ཁར་རྐྱབ་ནི་ཟེར་ ནངས་པ་དྲོ་པ་འབདཝ་ད་ལུནི་ བླ་མ་མཁྱེན་ནོ་ལྷོད་དེས་ལོ་སྨེ་ ད་ཀ་ད་ཀ་་་་་བཏང་འདྲོག་སི་སི་འབད་ དུ་རུ་རུ་ལྡི་རི་རི་རང་བླ་མ་མཁྱེན་ནོ།
  • ཆོས་འཛོམས་ Chozom
    ཁོང་ཆ་ཁྱབ་ ཀྲོབ་མདའ་རྐྱབ་ནི་ཡོད་པ་ལུ་ རྫས་བམ་རྐྱབ་ནི་ཡོད་པ་ལུ་ འདྲོག་སི་སི་འབད་མི་འདི་ཚུ་ ཨེ་ཁུག་གི་རྩ་བ་རང་ལྷོད་སག་ས་ལྷོད་སག་ས་འབདཝ་ད་ལུ་ སླབ་ནུག་ཏེ་ཁོ་གིས་ སྒྲོམ་ཁབ་ཏོ་ཕྱེ་བཞག་ད་ ཟེར་སླབ་ནུག་ཏེ་ཨམ་སྲུ་གིས་ དེ་ལས་ཁབ་ཏོ་ཕྱེས་ནུག་ཏེ་ཁོ་གིས་ དེ་འབདཝ་ད་ལུ་ ཏར་ར་་་་་འབདཝ་ད་ཐོན་འགྱོ་ནུག་ཏེ་ཁོང་ཆ་ཁྱབ་ ཐོན་འགྱོཝ་ད་ལུ་ ག་གུ་ལུ་རྐྱབ་ནི་ ག་གུ་ལུ་རྐྱབ་ནི་ ཟེར་སླབ་ནུག་ཚར་གཅིག་ཐོན་འགྱོཝ་ད་ལུ།
  • ཆོས་འཛོམས་ Chozom
    རྒྱལ་པོའི་དམག་གུ་ལུ་རྐྱབ་ ཟེར་སླབ་ནུག་ཏེ་ དེ་འབདཝ་ད་ཐེངས་ཕོག་གཅིག་གུ་ དམག་མི་འདི་ཚུ་སྒརཔ་འདི་ཚུ་འབག་ནུག་ དེ་སྦེ་ཞིབ་སྟེ་ ཁོང་གིས་ བསད་ཅི་ར་འབགཔ་ད་ཕྲངམ་ཕྲང་སར་རྒྱལ་པོའི་རྫོང་ནང་ལྷོད་ནུག་ཏེ་ ཁོ་གི་དམག་གིས་ དེ་འབདཝ་ད་ལུ་ རྒྱལ་པོ་སྐུ་ཆེ་སྤྱང་ཀའི་ཨ་ལོ་སྐུ་ཆེ་ སྐུ་ཆེ་ཟེར་ འབད་དགོཔ་ཐོན་སོ་ཡི་ལོ་ཏེ་ ཕྱག་འཚལ་དགོཔ་བྱུང་ཡི་ལོ་སྨེ་ ཏེ་དེ་ལས།
  • ཆོས་འཛོམས་ Chozom
    དེ་ལས་ སྐུ་ཆེ་ང་བཅས་གཉིས་མ་བསད་ཟེར་ རྒྱལ་པོ་དང་ ཨ་ནཱི་རྒྱལ་པོ་གི་ཨམ་སྲུ་མ་བཤད་ཟེར་ སྐུ་ཆེ་སྐུ་ཆེ་འབད་བའི་ལོ་ དེ་ལས་ ཡ་ད་ ང་ལུ་མི་འབད་ག་ད་ ད་ང་ལུ་ག་ནི་ཡང་མི་འབད་ག་ཁྱོད་ཀྱིས་ ཆད་པ་ག་ནི་ཡང་མི་ཨེབ་ག་ཟེར་ སླབ་ཨིན་ལོ་ཏེ་ཁོ་གིས་ དེ་སྦེ་འབད་བ་ཅིན་བཏུབ་ཟེར་ དེ་ལས་ མི་འབད་ཟེར་ ད་རྫོང་ཡང་ཁྱོད་ར་ལུ་བྱིན་ནི་ཨིན་ཟེར།
  • ཆོས་འཛོམས་ Chozom
    ང་རྫོང་ཡང་མི་དགོ་ ཁྱོད་ཀྱི་འོག་ལས་སྦེ་ང་སྡོད་ནི་ཟེར་ སླབ་སླབ་ཨིན་ལོ་ཏེ་རྒྱལཔོ་གིས་ དེ་ལས་ ཕྱག་འཚལ་འཚལཝ་ཨིན་ལོ་ཏེ་ དེ་འབདཝ་ད་རྫོང་ཡང་ག་ར་ཤོར་ཤོར་ཨིན་ལོ་ འོག་ལས་སྡོད་ནི་ ཟེར་སླབ་ནི་དེ་གིས་ ཁོ་ར་ཕགཔ་ལྟོ་བླུགས་མི་སྦེ་ བཞག་བཞགཔ་ཨིན་ལོ་ཏེ་རྒྱལཔོ་ ཁོ་རྒྱལཔོ་བཀལ་བཀལཝ་ཨིན་ལོ་ཏེ་དེ་ལས་ དེ་ལས་ འ་ནེ་ཅིག་ དང་ཕུའི་གཏམ་ ད་རིས་ཀྱི་སྲུང་ རྫོགས་སོ་ཡི་ད།། །།