Skip to main content Skip to search
01 Sep 2018
6 min 29 sec
Ariana Maki
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • བཀྲིས་ Tashi
    དང་ཕུ་དིང་ཕུ་ཨཔ་གཅིག་ལུ་ བུམོ་གསུམ་ཡོད་དོ་མས་ལགས་ ཨ་པ་འདི་རྒྱལ་པོ་ཨིན་པས་ དཔོན་ཨིན་པས་ ཉིནམ་གཅིག་མི་སྐད་ཆུ་སྐད་མེད་པའི་བར་ན་ སྦལཔ་གི་སྐད་གཅིག་གོ་ནུག། དབའི་ཟེར་བུམོ་སྦོམ་ཤོས་འདི་ལུ་སླབ་སླབ་མས་ ད་རེས་སྐད་མ་འདྲཝ་ཅིག་རྐྱབ་དེས་ བལྟ་ཤིག་ག་ཅི་འདུག་ག་ཟེརཝ་ད་ ག་ཡང་མ་མཐོང་པས་ ལོག་འོང་སྟེ་ ག་ཡང་མི་འདུག་ཟེར་ཞུ་ནུག་ ད་རུང་ཡབ་ཀྱིས་ བུམོ་བར་ན་སྐོརམ་བཏངམ་ད་ མོ་གིས་ཡང་ ཕགཔ་དང་བྱམོ་ཚུ་མ་གཏོགས་ག་ཡང་མ་མཐོང་པས་ ད་རུང་སྦལཔ་གིས་སྐད་རྐྱབ་ད་ དེ་ལས་ བལྟ་བར་འགྱོ་ནིའི་སྐོར་རྒྱབ་འདི་ བུམོ་ཆུང་ཤོས་འདི་ལུ་ལྷོད་དེ་ མོ་བལྟ་བར་སོངམ་ད་ མོ་གིས་ སྦལཔ་གཅིག་མཐོང་ཞིནམ་ལས་ ཡབ་ལུ་སྐད་རྐྱབ་མི་འདི་ སྦལཔ་འོང་ནི་འདྲས་ཟེར་ཞུ་ནུག་ དེ་ལས་ རྒྱལ་པོ་ཁྲི་གུ་ལས་བཞེངས་ཏེ་ སྦལཔ་ལུ་ ཁྱོད་ནཱ་ག་ཅི་འབད་བར་འོང་ཡི་གོ་ཟེར་དྲིཝ་ད་ ང་ནཱ་རྒྱལ་པོ་གི་བུམོ་མནའམ་སྦེ་ལྷང་པར་འོང་འོངམ་ཨིན་ཟེར་ཞུ་ནུག་ དེ་ལས་ ཡབ་ཀྱིས་ བུམོ་སྦོམ་ཤོས་འདི་ལུ་དྲིཝ་ད་ བུམོ་སྦོམ་ཤོས་ཀྱིས་ ང་ཁོ་གི་མནའམ་སྦེ་འགྱོ་བ་འདི་ དོམ་གི་མནའམ་སྦེ་འགྱོཝ་དྲག་ཟེར་དོམ་དང་ཡར་སོང་ནུག།
    Long ago, there lived a man who had three daughters. Father of three daughters was old and he was king. One day, out of nowhere, heard the sound of frog croaking. And king asked his eldest daughter to go and see who is there. And came back and said “no one is there. Pigs and hens are busy eating something in their own way.” And again frog croaked and father asked his second daughter to go and see who’s there. She also didn’t see anyone there and to father she said “no one is there. Pigs and hens are busy eating something in their own way.” And again the frog croaked and it was turn for youngest daughter to go and see. There she noticed frog and said “there a frog and it must be him who made noise.” Then king rose from throne and asked the frog “why you are here”. Frog replied “I am here to ask for your daughter as my bride” and king snapped “would the frog deserve the bride?” and frog answered “yes, if you are willing to give so.” King asked his eldest daughter “do you want to go with him as his bride?” “I would be happy to be wife to bear rather than his” and went with bear.
  • བཀྲིས་ Tashi
    དེ་ལས་ བུམོ་བར་ན་སྐོརམ་ལུ་དྲིཝ་ད་ མོ་གིས་ཡང་ ང་ཁོ་གི་མནའམ་སྦེ་འགྱོ་བ་འདི་ སྤྱ་དང་འགྱོཝ་དྲག་ཟེར་སྤྱ་གི་ཨམ་སྲུ་སྦེ་ཡར་སོང་ནུག་ དེ་ལས་ མཇུག་རང་བུམོ་ཆུང་ཤོས་འདི་ལུ་ སྦལཔ་གི་མནམ་སྦེ་འགྱོ་དགོ་པའི་བཀའ་གནང་ནུག་ དེ་ལས་ བུམོ་ཆུང་ཤོས་འདི་ ཡབ་ཀྱི་བཀའ་མ་ཆོད་པར་མོ་འགྱོ་གེ་ཟེར་ཁ་བཟེད་ད་ནུག་ དེ་གི་ཤུལ་ལས་ ཡབ་ཀྱིས་ ཆིབས་རྟ་འདི་ཚུ་རྒྱན་ཆ་བཏགས་ཏེ་གྲ་སྒྲིག་ཚུ་འབད་བའི་བར་ན་ ཨ་པ་དང་བུམོ་གཉིས་མ་ཤེསཔ་སྦེ་ བློ་སླབ་ནུག་ བུམོ་གིས་ ག་དེམ་ཅིག་འབད་ ང་སྦལཔ་གི་མནའམ་སྦེ་འགྱོ་བ་ཅིན་ ང་བཅས་རའི་མིང་གཏམ་མེདཔ་འགྱོ་ནི་མས་ཟེར་སླབ་ད་ ཡབ་ཀྱིས་ཐགས་ཆས་ཚུ་བྱིན་ཏེ་ བུམོ་ལུ་སླབ་ནུག་ ཁོ་རྟ་འཁྱིད་དེ་ཁྱོད་ཀྱི་གདོང་ཁར་ལས་འགྱོཝ་ད་ འ་ནཱི་ཐགས་ཀྱི་ཅ་ལུ་ཚུ་ཁོ་གུ་རྐྱབ་སྟེ་ བསད་བཏང་ཞིནམ་ལས་ དེ་ལས་ ཁྱོད་ར་ལོག་ཤོག་ཟེར་སླབ་ནུག།
    And king again asked to his second daughter but even she refused to go with him. She said “I will happy to be with monkey rather than him” and went to be monkey’s wife. And at last he asked his younger daughter to go as a bride to frog and she said “Yes father, there is no way I defy your order. I will go with him” Then father prepared horse for her adorned with saddle for her to leave with frog. Before she left the father and daughter had a secret conversation. “I am going as a bride for frog, it will result in declining of our reputation” said the daughter. Then father gave her weaving tools and said “he will be leading horse before you. You hit him with this weaving tool and kill him. Then you come back to home.”
  • བཀྲིས་ Tashi
    དེ་ལས་ མོ་གིས་ཡབ་ལུ་བཏུབ་ཟེར་ཞུ་སྟེ་ སྦལཔ་དང་མཉམ་ཡར་སོང་ནུག་ དེ་ལས་ ཡབ་ཀྱིས་བཀའ་གནང་དོ་བཟུམ་སྦེ་ ཐགས་ཀྱི་ཅ་ལ་གིས་སྦེ་ སྦལཔ་གུ་ག་དེམ་ཅིག་རང་རྐྱབ་རུང་ རྩ་ལས་ཕོག་མ་ཚུགས་པས། བུམོ་གིས་ཚར་རེ་རྐྱབ་ད་ ངེའི་ཅ་ལ་མར་བུད་སོང་ཡི་ཟེར་སླབ་ལས་ སྦལཔ་གིས་ ངེའི་ཨམ་སྲུ་གི་ཅ་ལ་ཟེར་འཐུ་ཡི་རང་ཕུལ་ནུག་ མ་གཞི་སྦལཔ་འདི་ རྒྱལ་པོའི་སྤྲུལ་པ་ཅིག་ཨིན་པས། དེ་ལས་ ཁོང་གཉིས་འགྱོ་ཡི་འགྱོ་ཡི་རང་གཡུས་སྒོ་གཅིག་ནང་ལྷོད་དེ་ འདི་ན་ལུ་ལྷོདཔ་ད་ མི་སེར་ཚུ་ག་ར་རྒྱལ་པོའི་བཙུན་མོ་ཕེབས་བསུ་ཞུ་ནིའི་དོན་ལུ་ འཛོམས་སྡོད་ནུག་ཟེར་ཨིན་པས། དེ་ལས་ ཁོང་གཉིས་སྦལཔ་གི་ རྒྱལ་ཁབ་ཀྱི་ས་མཚམས་ནང་ན་འཛུལཝ་ཅིག་ར་ སྦལཔ་འདི་ཕོ་སྐྱེས་འཇའ་རིསམོ་གཅིག་ལུ་འགྱུར་སྟེ་ དེ་གི་ཤུལ་ལས་ བཙུན་མོའི་ཁྲི་སྟོན་ཡང་ མ་བཏུབ་བཏུབ་བརྩི་སྲུང་ཞུ་ནུག།
    And she agreed and went with frog. Frog was leading the way and was before her. She tried to hit him but I jumped to another and prevented being killed. And she said “my weaving tool has fallen on the ground” and frog picked and gave her. And she again tried but failed. He was actually the king manifested as Frog. As they went, they reach to a village where people were gathered, prepared for the occasion to receive the bride for their king. And as they reach to boundary of his kingdom, he then turned back to handsome man. Then the kingdom celebrated in arrival of bride and was enthroned as Queen.
  • བཀྲིས་ Tashi
    དོམ་དང་ སྤྱ་གི་ཨམ་སྲུ་འབད་འགྱོ་མི་ ཨ་ཞེམོ་གཉིསཔོ་འདི་ གནམ་མེད་དཀའཝ་་སྤྱད་སྡོད་ནུག་ཟེར་ཨིན་པས། དེ་ལས་ ཉིནམ་གཅིག་ཡབ་འདི་ ཁོ་རའི་སྲསམོ་དང་མཇལ་ཕྲད་གནང་པར་བྱོནམ་པའི་སྐབས་ལུ་ ཡབ་རྒྱལ་པོ་འདི་ སེར་སྦྲེང་དང་བཅས་ཕོ་སྐྱེས་འཇའ་རིསམོ་གཅིག་གིས་ ཕེབས་བསུ་ཞུ་སྟེ་ དེ་ལས་ ཡབ་ཀྱིས་ ཁོང་གཉིས་ལུ་ ཁ་དར་གནང་སྟེ་དགའ་ཏོག་ཏོ་འབད་སྡོད་ནུག་ དེ་ཅིག་གི་བར་ན་བུམོ་འདི་ ཡབ་ཀྱི་ཕྱག་དབང་ལུ་བཅརཝ་ད་སྲསམོ་གིས་ ཡབ་ལུ་ཞུ་ནུག་ ག་དེམ་ཅིག་འབད་ ང་ཡང་ཁོང་ཨ་ཞེམོ་གཉིས་བཟུམ་སྦེ་ སེམས་ཅན་གྱི་མནའམ་འབད་ འགྱོ་འགྱོ་འབད་བ་ཅིན་ དཀའཝ་གནམ་མེད་ས་མེད་སྤྱད་སྤྱདཔ་འོང་ ཨིན་རུང་ང་རའི་ལུང་བསྟན་དང་འཁྲིལ་ཏེ་ སྦལཔ་དང་གཅིག་ཁར་འོང་སྟེ་ ལེགས་ཤོམ་སོང་ནུག་ཟེར་ཞུ་སྟེ་ དེ་ལས་རྟེན་འབྲེལ་ཚུ་བརྩི་སྟེ་ མི་ཚེ་དགའ་ཏོག་ཏོ་སྦེ་མཐར་ཕྱིན་ཕྱིནམ་ཨིན་ལོ་ལགས། ང་བཅས་ར་ག་ཅི་སྨོ་ཟེར་བ་ཅིན་ བློ་བཏད་དགོ་ཟེར་ཨིན་པས་ ལས་གནམ་བསྐོས་ཡོད་པ་ཅིན་ དེ་སྦེ་འབྱུང་སྲིད་ནི་འོང་ནི་མས་ འ་ནཱི་ཅིག་ཞུ་གེ་ལགས།
    The two elder daughter who went as a wife to bear and monkey suffered. And then once the father went to see his daughter and son-in-law and was welcomed the respect, blowing of trumpet and beating drums and was received by handsome prince. Then father offered them scarf for their marriage and lived happily. Younger daughter then said to father that she is lucky to have come with frog as his wife. Otherwise she too would have suffered like them. The moral is we should trust in fate destined for us. Thank You