Skip to main content Skip to search
21 Jun 2018
29 min 11 sec
Ariana Maki
Video Overview
Creators: 
Yeshi Wangchuk, Dorji Nima

In this video, Chozom from Nangkor gewog in Zhemgang district narrates the story of a frog and an old couple. The main theme of the story conveys that animals are very important to human beings. The story says that suddenly a frog came out of an old man’s thigh, and he wanted to kill the frog. The frog apologizes and begs not to be killed, vowing to listen to whatever he says. Later, the frog subdues all the witches, and even became a king in the community. 

གློག་བརྙན་འདི་ནང་ ཞལམ་སྒང་རྫོང་ཁག་ ནང་བསྐོར་རྒོད་འོག་ནང་ལས་ ཆོས་འཛོམས་ཀྱིས་ སྦལཔ་དང་ རྒན་རྒས་གཉིས་ཀྱི་སྐོར་ལས་ སྲུང་བཏང་དོ་ཡོདཔ་ཨིན། སྲུང་གིས་བརྗོད་དོན་འདི་ མི་ཚུ་ལུ་ སེམས་ཅན་ཚུ་ཁག་ཆེ་བའི་སྐོར་ལས་སྟོན་དོ་ཡོདཔ་ཨིན། ཚར་གཅིག་ ཨ་རྒས་ཀྱི་བརླད་དོ་ནང་ལས་ སྦལཔ་གཅིག་འཐོན་འོང་སྟེ་ སྦལཔ་འདི་བསད་ནི་འབདཝ་ད་ སྦལཔ་གི་ ང་མ་བསད་ ཁྱོད་ཀྱི་ག་ཅི་སླབ་མི་འདི་ ང་གིས་ཉན་འོང་ཟེར་སླབ་ཅིག་ཟེར་ཨིན་མས། ཉིནམ་གཅིག་འབདཝ་ད་ སྦལཔ་གིས་ བདུདམོ་ཚུ་གེ་ར་བཏུལ་ཞིནམ་ལས་ ས་གནས་འདི་གིས་ རྒྱལཔོ་ལུ་འགྱུར་ཡི་ཟེར་ཨིན་མས། དེ་འབདཝ་ལས་ གཞན་གིས་འབད་མི་ལཱ་ལུ་ ཡིད་རངས་བསྐྱེད་དགོ་ཟེར་ཨིན་མས། 

Transcript search
No results found for this search
0 of 0
  • ཆོས་འཛོམས་ Chozom
    དང་ཕུ་འབད་འབདཝ་མས་ ད་རེས་འབད་འབདཝ་མས་ཏེ་ ཨ་རྒས་གཅིག་དང་ ཨང་རྒས་གཅིག་སྡོད་སྡོདཔ་མས་ཏེ་ ཨ་རྒས་བརླད་དོ་ནཝ་ན་ས་སྡོད་སྡོདཔ་མས་ཏེ་ ཨ་ཡ་ཟེར་རང་སྡོད་སྡོདཔ་མས་ ཕྱི་རུ་མེད་དྲོ་པ་མེད་པར་བརླད་དོ་ནཝ་ན་ས་རང་ དེ་ལས་ཨང་རྒས་འདི་དབུགས་འགམས་ཏེ་ ག་ཅི་སྨོ་ཁྱོད་ཟེར་ བརླད་དོ་ནཝ་ན་ས་རང་སྡོདཔ་མས་ཟེར།
  • ཆོས་འཛོམས་ Chozom
    ང་ལཱ་སར་འགྱོ་ ཁྱོད་བརླད་དོ་ནཝ་ན་ས་རང་ཨིན་པས་ཟེར་ ཨང་རྒས་དྲན་གོང་བསྣད་དེ་སྡོད་སྡོདཔ་མས་གཟན་སྐྱ་གིས་འབད་ ཨ་དེ་ལས་ ཨང་རྒས་ཙིགཔ་ཟ་སྟེ་ ཨ་རྒས་ཀྱིས་བརླད་དོ་གུ་ གཟན་སྐྱ་གིས་ པཱག་བཏང་བླུགས་བྱིན་བྱིནམ་མས་ཏེ་ ན་ས་གུ་ལུ་རང་ སྲིན་ཐོལ་བཟུམ་སྦེ་ན་སྟེ་སྡོད་སྡོདཔ་མས་ ཨ་རྒས་ཀྱི་བརླད་དོ་ ཨ་དེ་འབདཝ་ད་ སྦལཔ་ པུ་ལུག་བཏང་ཐོན་ཐོནམ་ཨིན་ལོ་ཨ་རྒས་ཀྱི་བརླད་དོ་གི་ནང་ན་ལས།
  • ཆོས་འཛོམས་ Chozom
    དེ་ལས་ སྦལཔ་ཐོན་ཏེ་ ངེའི་བརླད་དོ་ན་བཅུག་མི་ཁྱོད་ར་ཨིན་པས་ཟེར་ ཁྱོད་གསད་ནི་ ཟེར་སླབ་སླབ་མས་ཨང་རྒས་ཀྱིས་ དེ་འབདཝ་ད་ མ་གསད་ཨ་རྒས་དང་ཨང་རྒས་ཟེར་ ང་གིས་ཁྱོད་གཉིས་ལུ་ ཆུ་ཐིག་པ་གཅིག་གིས་ཡང་ཕན་འོང་སྨ་རེད་ ཤིང་འགྱེལ་ལྡུམ་གཅིག་གིས་ཡང་ཕན་འོང་ཟེར་ མ་གསད་ཤིག་ང་མ་གསད་ ཟེར་སླབ་སླབ་ཨིན་ལོ་ཁོ་གིས་ དེ་འབདཝ་ད་ གསད་ནི་ ཟེར་སླབ་སླབ་མས་ མ་གསད་ཟེར་སླབ་སྟེ་ དེ་ལས་ བཞག་བཞགཔ་མས་ལོ་ཏེ།
  • ཆོས་འཛོམས་ Chozom
    བཞག་སྦེ་ དེ་ལས་ རྟིང་ལས་འབདཝ་ད་ཁོ་གིས་ ཨ་རྒས་དང་ཨང་རྒས་ལུ་སླབ་དོཝ་མས་ལོ་ ཨ་རྒས་དང་ཨང་རྒས་ ད་ང་གིས་ མནའམ་གཅིག་འཁྱིད་འོང་ན་ཁྱོད་གཉིས་ལུ་ ཟེར་སླབ་སླབ་མས་ལོ་ དེ་འབདཝ་ད་ ཨའོ་ཁྱོད་བཟུམ་ཅིག་འབད་མི་མི་གིས་ མནའམ་རང་ཐོབ་པ་ཅིན་ ཟེར་སླབ་སླབ་མས་ལོ།
  • ཆོས་འཛོམས་ Chozom
    ཨ་རྒས་དང་ཨང་རྒས་ཀྱིས་ དེ་འབདཝ་ད་ དེ་སྦེ་སླབ་ད་ལུ་ དེ་ལས་ ཐོབ་འོང་དབའེ་ང་གིས་ འགྱོ་གེ་ཟེར་སླབ་དོཝ་མས་ཏེ་ དེ་ལས་ ནངས་པར་ལས་འགྱོ་གེ་ད་ང་ཟེར་ ཁྱོད་གཉིས་ཀྱིས་ ལྟོ་མཛར་རེ་བཅིངས་ད་ ལམ་ཆང་རེ་བཙུགས་ད་ ཟེར་སླབ་དོཝ་མས་ལོ་ དེ་ལས་ ཨང་རྒས་ཀྱིས་ལྟོ་མཛར་བཅིངས་ ལམ་ཆང་བཙུགས་སྦེ་བཏང་དོཝ་མས་ལོ་ཏེ་ རྨགཔ་སྦེ་འགྱོཝ་ཨིན་ལོ་ མནའམ་ལེན་པར།
  • ཆོས་འཛོམས་ Chozom
    རྨགཔ་སྦེ་འགྱོ་མི་འདི་ སྒོན་ཐེ་གི་རྩ་བར་འགྱོ་སྦེ་ སྒོན་ཐེ་བརྒལ་ ལྟོ་མཛར་ཡང་ཟ་ ལམ་ཆང་ཡང་འཐུང་སྦེ་ལོག་འོང་འོངམ་ཨིན་ལོ་ ད་རེས་དུམ་གྲ་ཅིག་ཉིནམ་མ་བཏུབ་པས་ཨ་རྒས་དང་ཨང་རྒས་ ལོག་འོང་ཡི་ང་ ཟེར་སླབ་སླབ་མས་ལོ་ཁོ་གིས། ཁའི་ཁྱོད་ཀྱིས་དེ་སྦེ་འབད་འོང་ཀྲིག་ཀྲི་ར་ ཟེར་སླབ་སླབ་མས། ད་རུང་ནངས་པར་འགྱོ་ནི་ད་ ཟེར་སླབ་སླབ་མས་ལོ་ ད་རུང་ནངས་པར་ཡང་ ལྟོ་མཛར་བཅིང་བཅུག་དོཝ་མས་ལོ་ཁོ་གིས།
  • ཆོས་འཛོམས་ Chozom
    ལྟོ་མཛར་བཅིངས་ དེ་སྦེ་འབད་དེ་བཏང་ ད་རུང་ཨེ་ཁུག་གི་རྩ་བར་འགྱོ་ ལྟོ་ཧིང་སང་ས་ཟ་སྦེ་ ད་རུང་ལོག་འོང་འོངམ་མས་ལོ་ དེ་ལས་ ད་རུང་ག་དེ་སྦེ་སྨོ་ཏེ་ རྨགཔ་སྦེ་འགྱོ་མི་འདི་ ད་རུང་འོང་དེས་ཟེརཝ་ད་ ད་རེས་ཉིནམ་མ་བཏུབ་པས་ ཉིནམ་མ་ལེགས་པས་ ཟེར་སླབ་མས་ལོ་ ཉིནམ་མ་བཏུབ་པས་ཟེར་ སླབ་འོང་ང་བཅས་ཀྱིས་ ག་ཅི་ཨིན་ན་མ་ཤེས་ དེ་ལས་ འགྱོ་དོཝ་མས་ལོ།
  • ཆོས་འཛོམས་ Chozom
    ད་རུང་ནངས་པར་ཡང་འགྱོ་ནི་ཨིན་སྨ་རེད་ ཟེར་སླབ་སླབ་མས་ལོ། ཨའོ་ཁྱོད་ཀྱི་ཤོབ་འོང་ནི་མས་ཁྱོད་ཀྱི་ ཟེར་སླབ་སླབ་མས་ལོ་ ཨ་རྒས་དང་ཨང་རྒས་ཀྱིས། འགྱོ་འོང་ད་ནངས་པར་ལས་ཐད་རི་བ་རི་རང་འགྱོ་འོང་ ཟེར་སླབ་སླབ་མས་ལོ་ ད་རུང་བཅིང་དོཝ་མས་ཏེ་ ཚར་གསུམ་ལོག་འོང་ནུག་མེན་ན་ཏེ་ཁོ་གིས་ ལམ་བར་ན་ལས་ལོག་འོང་ནུག་ད་རུང་ དེ་ལས་ ནངས་པར་འབདན་ཐད་རི་བ་རི་རང་འགྱོ་ནི་སྨ་རེད་ ཟེར་འགྱོ་འགྱོཝ་མས་ལོ།
  • ཆོས་འཛོམས་ Chozom
    འགྱོཝ་ད་ལུ་ ཨ་རྒས་དང་ཨང་རྒས་ཀྱིས་བཏང་དོཝ་མས་ཏེ་ བཏང་སྦེ་ རྟ་གཅིག་གུ་སྦེ་ཅ་ལ་བཀལ་སྦེ་རང་འགྱོ་དོཝ་མས་དེ་བསྒང་འདི་ དེ་ལས་ཕར་འགྱོ་སྦེ་ལམ་ཁར་ལྷོད་དོཝ་མས་ཏེ་ ནཱ་ལས་ལྟཝ་ད་ ཨ་རྒས་དང་ཨང་རྒས་ཀྱི་ཁྱིམ་ནང་ལས་ལྟཝ་ད་ལུ་ ཕར་ལམ་མཐོང་ནི་ཡོད་དོཝ་མས་ཏེ་ དེ་སྦེ་ཕར་ལྷོདཔ་ད་ལུ་ ཨའུ་ཨའུ་རྐྱབ་མས་ཟེར་མས་ལོ་ ཁོ་གིས་སླབ་ནུག་ཏེ་ ང་གིས་ཨའུ་ཨའུ་ཟེར་སླབ་ད་ བལྟ་སྨ་རེད་ ཟེར་སླབ་ནུག
  • ཆོས་འཛོམས་ Chozom
    ཡ་ཡ་ ཟེར་སླབ་ནུག་ ཨ་རྒས་དང་ཨང་རྒས་ཀྱིས། དེ་ལས་ ཁོ་གིས་ཨའུ་ཨའུ་འབད་དོཝ་མས་ཏེ་ མཐོང་ས་ཅིག་ནང་ལྷོདཔ་ད་ ཕར་ལས་ལམ་ཤ་ར་ར་ཡོད་དོཝ་མས་ཏེ་ དེ་ཁ་ལས་འགྱོ་དོཝ་མས་ཏེ་ཁོ་ དེ་བསྒང་སྒརཔ་རྒྱ་ཆེན་གྱི་ཞྭམོ་བཙུགས་ གོ་ལག་རྒྱན་རང་དཀར་སིང་སིང་སྦེ་བཏགས་ཏེ་ སྒརཔ་གཅིག་བཀྱག་ལྷབ་ལྷབ་སྦེ་འགྱོཝ་མས་ཟེརཝ་མས་ལོ་ཏེ་ ཁོང་གཉིས་ཀྱིས་ལྟཝ་ད་ལུ།
  • ཆོས་འཛོམས་ Chozom
    ཨའེ་ང་བཅས་གཉིས་ཀྱི་སྦལཔ་འདིནི་བསྣད་བཏང་བཏངམ་འོང་འདི་གིས་ ཟེར་སླབ་སླབ་མས་ ཨ་རྒས་དང་ཨང་རྒས་ཀྱིས། དེ་ལས་ཕར་ལྷོད་ལྷོདཔ་མས་ཏེ་ རྒྱལཔོ་ཅིག་གི་བུམོ་སྤུན་དགུ་ཡོད་དོཝ་མས་ཏེ་ བུམོ་ཙང་ཙ་སྤུན་དགུ།
  • ཆོས་འཛོམས་ Chozom
    དེ་ལས་ འགྱོ་སྦེ་སྐད་རྐྱབ་དོཝ་མས་ཏེ་ཕྱི་ཁ་ལས་ ཁྱིམ་ནང་མ་འགྱོ་བར། རྒྱལ་པོའི་བུམོ་སྤུན་དགུཔོ་ སྟེང་སྒོ་ (balcony) ཐོན་ཏེ་མི་བལྟ་ག་ ཟེར་སླབ་དོཝ་མས་ དེ་འབདཝ་ད་ དབའེ་ག་སྐད་རྐྱབ་པར་འོང་ཡི་ ཟེར་སླབ་སླབ་མས་ཨ་པ་གིས། དེ་ལས་བལྟ་བར་སོང་ ཨ་ཞེམོ་སྦོམ་ཤོས་སོང་བལྟ་བར་ཟེར་སླབ་ལས་ ཨ་ཞེམོ་སྦོམ་ཤོས་བལྟ་བར་སོང་སོངམ་མས།
  • ཆོས་འཛོམས་ Chozom
    ག་ནི་ཡང་མེད་ཨ་པ་རྟའི་བརླད་དོ་རྐྱངམ་ཅིག་ ཀླེབ་ཏེར་ཀླེབ་ཏེར་བཏང་སྤརཝ་མས་ཟེརཝ་མས་ལོ། དེ་ལས་ ད་རུང་སླབ་དོཝ་མས་ རྒྱལ་པོའི་བུམོ་སྤུན་དགུཔོ་ སྟེང་སྒོ་ལས་ཐོན་ཏེ་མི་བལྟ་ག་ ཟེར་སླབ་སླབ་མས་ ད་རུང་འགྱོ་ཤིག་འགྱོ་ཤིག་བལྟ་བར་ ཟེར་སླབ་སླབ་མས་ ཨ་ཞེམོ་སྦོམ་ཤོས་ཀྱི་འོག་གི་འདི་བལྟ་བར་སོང་ ཟེར་སླབ་སླབ་མས་ ད་རུང་གཅིག་འགྱོ་དོཝ་མས།
  • ཆོས་འཛོམས་ Chozom
    ག་ར་དེ་སྦེ་འབད་དེ་ ག་ནི་ཡང་མིག་གིས་མ་མཐོང་པས་གཞན་མི་ཆ་ཁྱབ་ཀྱིས་འདི་ རྟ་གི་བརླད་དོ་རྐྱངམ་ཅིག་ ཀླེབ་ཏེར་ཀླེབ་ཏེར་བཏང་སྤརཝ་མས་ ཟེར་སླབ་སླབ་མས་ དེ་སྦེ་སླབ་སྦེ་ དེ་ལས་ མ་མཐོངམ་མས་ དེ་ལས་ ད་ནུམོ་རྐྱངམ་ཅིག་ལུས་ལུསཔ་མས་ཏེ་ ནུམོ་ཆུང་ཤོས་རྐྱངམ་ཅིག་ ནུམོ་ལུ་སླབ་སླབ་མས་ད་རུང་ཁོ་གིས་ རྒྱལ་པོའི་བུམོ་སྤུན་དགུཔོ་ སྟེང་སྒོ་ཐོན་ཏེ་མི་བལྟ་ག་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ལུ་ སོང་ཤིག་ད་ ནུམོ་ཆུང་ཀུ་ ཟེར་སླབ་སླབ་མས་ཨ་པ་གིས། ནུམོ་འགྱོ་འགྱོཝ་མས་ཏེ་ ནུམོ་འགྱོ་སྦེ་བལྟ་དོཝ་མས་ དེ་འབདཝ་ད་ ཁོ་གིས་ཕྲང་ཕྲང་སྤལཔ་མིག་གིས་མཐོང་ནུག་མེན་ན་ཏེ་ནུམོ་གིས།
  • ཆོས་འཛོམས་ Chozom
    ཨ་པ་ག་ནི་ཡང་མིན་འདུག་ ཚ་བོ་སྦལཔ་རྐྱངམ་ཅིག་འདུག་ ཟེར་སླབ་མས་ལོ་ རྟའི་བརླད་དོ་གུ་ལུ་ཚ་བོ་སྦལཔ་གཅིག་འདུག་ ཟེར་སླབ་དོ་ཡོདཔ་མས། དེ་འབད་བ་ཅིན་ ཤོག་ཟེར་སླབ་ཤིག་ ཟེར་སླབ་སླབ་མས་ཨ་པ་གིས།
  • ཆོས་འཛོམས་ Chozom
    ཤོག་ཟེར་ འཁྱིད་འོང་འོངམ་མས་ཏེ་ ཁྱིམ་ནང་འཁྱིད་འོང་སྦེ་ ག་ཏེ་འོང་ཡི་ཁྱོད་ ཟེར་སླབ་སླབ་མས་ ང་རྨགཔ་འབད་བར་འོང་འོངམ་ཨིན་ ཟེར་སླབ་སླབ་མས་ཁོ་གིས་ དེ་འབདཝ་ད་ ཁྱོད་བཟུམ་ཅིག་འབད་མི་གིས་ ངེའི་བུམོ་ཐོབ་ག་མ་ཤེས་ ཟེར་སླབ་སླབ་མས་ དེ་འབད་བ་ཅིན་ ང་སྔུ་འོང་ཏེ་ ཟེར་སླབ་སླབ་མས་ཁོ་གིས་ སྔུ་རུང་སྔུ་ཏེ་ཁྱོད་ར་ ས་དང་གནམ་འདིནི་སྔུ་མི་ཚུགས་ ཟེར་སླབ་སླབ་མས་
  • ཆོས་འཛོམས་ Chozom
    ཨ་པ་གིས། དེ་འབདཝ་ད་ ཨའུ་ཨའུ་་་་་བཏང་སྔུ་སྔུཝ་མས་ལོ་ཁོ་ དེ་འབདཝ་ད་ ས་དང་གནམ་ཡང་སྔུཝ་མས་ལོ་ཁོ་སྔུཝ་ད་ལུ་ མ་སྔུ་ མ་སྔུ་སྨ་རེད་སྦལཔ་ བྱིན་གེ་བྱིན་གེ་བུམོ་ ཟེར་སླབ་སླབ་ཨིན་ལོ་ དེ་བསྒང་ལས་ བསྒུགས་དོ་མས་ལོ་ཁོ་གིས་ ད་རུང་འབག་ཤོག་ཏེ་ ཟེར་སླབ་སླབ་མས་ལོ་ འབག་ཤོག་ཏེ་ ཟེར་སླབ་སླབ་ཨིན་ལོ་ཁོ་གིས་ ཁྱོད་བཟུམ་ཅིག་ལུ་ ངེའི་བུམོ་ག་དེ་སྦེ་བྱིན་ནི་ བྱིན་རང་མི་བྱིན་ང་གིས་ཤོབ་སླབ་ཨིན་ ཟེར་སླབ་སླབ་མས་ལོ་ཨ་པ་གིས།
  • ཆོས་འཛོམས་ Chozom
    ད་རུང་ང་གིས་བགའ་འོང་ཏེ་ ཟེར་སླབ་མས་ལོ་དེ་ལས་ བགའ་རུང་བགའ་ཏེ་ ས་དང་གནམ་འདིནི་བགའ་མི་ཚུགས་ ཟེར་སླབ་སླབ་མས་ཏེ་ད་རུང་ དེ་ལས་ ཁོ་ཀེ་ཏེ་ཀེ་ཏེ་བཏང་བགའཝ་ད་ལུ་ ས་དང་གནམ་ཡང་ག་ར་གས་འགྱོ་འགྱོཝ་ཨིན་ལོ་མས། དེ་འབདཝ་ད་ལུ་ མ་བགའ་སྨ་རེད་ མ་བགའ་ཤིག་ ཟེར་སླབ་སླབ་མས་ལོ་ཏེ་ད་རུང་།
  • ཆོས་འཛོམས་ Chozom
    མ་བགའ་ཤིག་ ད་མ་བགའ་ ཟེར་སླབ་སླབ་མས་ལོ་ དེ་ལས་ ད་བྱིན་རང་བྱིན་དགོཔ་ཨིན་པས་སྨོ་ཁྱོད་ལུ་ ཟེར་སླབ་སླབ་མས་ལོ་ ད་ཨ་ཞེམོ་སྦོམ་ཤོས་སོང་ཤིག་ཟེར་ སླབ་སླབ་མས་ལོ་ ཁོ་གི་མནའམ་སྦེ་སོང་ཤིག་ཁྱོད་ ཟེར་སླབ་སླབ་མས་ལོ། དེ་འབདཝ་ད་ཨ་ཞེམོ་སྦོམ་ཤོས་ཀྱིས་ ཁའི་ང་ཁོ་གི་མནའམ་སྦེ་འགྱོ་བ་འདི་ གླངམོ་ཆེ་གི་མནའམ་སྦེ་འགྱོ་དྲག་ཟེར་ མཐོང་ས་ར་མེད་པར་ཡར་སོངཔ་ཨིན་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ ད་ཨ་ནཱི་ག་ཅི་ལོ་ ཨ་ཞེམོ་གི་འོག་གི་འདི་འགྱོ་ཤིག་ ཟེར་སླབ་སླབ་མས་ལོ་ འདི་གི་འོག་གི་འདི་གིས་ཡང་ ཁོ་གི་མནའམ་སྦེ་འགྱོ་བ་འདི་ ང་སེང་གེ་གི་མནའམ་སྦེ་འགྱོ་དྲག་ ཟེར་སོང་སོངམ་མས་ལོ་ དེ་ལས་ འདི་གི་འོག་གི་འགྱོ་ ཟེར་སླབ་སླབ་ཨིན་ལོ་ འདི་གིས་ཡང་ ཁོ་གི་མནའམ་སྦེ་འགྱོ་བ་འདི་ སེམས་ཅན་སྟག་གི་མནའམ་སྦེ་འགྱོཝ་དྲག་ ཟེར་སོང་སོང་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ འདི་གི་འོག་གི་འདི་འགྱོ་ ཟེར་སླབ་སླབ་མས་ སླབ་ད་ལུ་ གཟིག་གི་མནའམ་སྦེ་འགྱོ་བ་ཅིན་དྲག་ ཟེར་སོང་སོངམ་མས་ལོ་ ད་རུང་འདི་གི་འོག་གི་འདི་འགྱོ་ ཟེར་སླབ་ད་ལུ་ ཁོ་གི་མནའམ་སྦེ་འགྱོ་བ་འདི་ སྤྱ་དཀར་གྱི་མནའམ་སྦེ་འགྱོཝ་དྲག་ ཟེར་སོང་སོངམ་མས་ལོ་ དེ་ལས་ ད་རུང་འདི་གི་འོག་གི་སོང་ཟེརཝ་ད་ལུ་ ང་དོམ་གྱི་མནའམ་སྦེ་འགྱོཝ་དྲག་ ཟེར་སོང་སོངམ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ད་རུང་ འདི་གི་འོག་གི་སོང་ཟེརཝ་ད་ལུ་ ང་ཁོ་གི་མནའམ་སྦེ་འགྱོ་བ་འདི་ སྤྱ་གི་མནའམ་སྦེ་འགྱོ་བ་ཅིན་དྲག་ ཟེར་སོང་སོངམ་ཨིན་ལོ་ དེ་ལས་ བུམོ་ཕུད་རྡོག་གཅིག་འབད་མི་ཅིག་ལུས་ལུསཔ་མས་ལོ་ དེ་ལས་ བུམོ་ཆུང་ཤོས་རྐྱངམ་ཅིག་ལུས་ལུསཔ་མས་ལོ་ ད་ཁྱོད་སོང་ཤིག་ ཟེར་སླབ་སླབ་མས་ལོ་ དེ་འབདཝ་ད་ ཁོ་གི་མནའམ་སྦེ་འགྱོ་བ་འདི་ ང་བྱི་ཙི་གི་མནའམ་སྦེ་འགྱོཝ་དྲག་ཟེར་ བྱི་ཙི་དོང་ནང་ན་འཛུལ་འགྱོ་འགྱོཝ་མས་ལོ་བུམོ་འདི།
  • ཆོས་འཛོམས་ Chozom
    དེ་ལས་ ད་གཅིག་ཡང་མེད་པར་བུམོ་ག་ར་རྫོགས་ཚར་ཏེ་ ད་ང་བཅས་ར་གཉིས་འགྱོ་དགོ་ནི་འདྲས་ཟེར་ ཨ་པ་དང་ཨའི་ ད་སྦལཔ་དང་གཅིག་ཁར་ང་བཅས་ར་གཉིས་འགྱོ་དགོ་ནི་འདྲས་ཟེར་ བཅའ་སྒྲིག་རྐྱབ་དོཝ་མས་ཏེ་ ཨ་པ་དང་ཨའི་ཅ་ལ་བསྒྲིགས་ཏེ་འབདཝ་ད་ དེ་ཅིག་གི་བར་ན་ བུམོ་བྱི་ཙི་གི་མནའ་མར་འགྱོ་མི་འདི་ ལོག་སྟེ་འོང་ནུག་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    བྱི་ཙི་འཚོལ་མ་ཐོབ་པར་ལོག་འོང་ནུག་ལོ་མོ་ ང་འགྱོ་གེ་ད་ ཨ་པ་དང་ཨའི་འགྱོ་བ་འདི་ ང་འགྱོ་བ་ཅིན་དྲག་ནི་མས་ཟེར་ མོ་འོང་འོངམ་ཨིན་ལོ་ དེ་ལས་བུམོ་བཏང་དོཝ་མས་ཏེ།
  • ཆོས་འཛོམས་ Chozom
    བཏང་སྟེ་ད་ ཆུ་རྡོ་ཨ་ནེ་ཅིག་འབད་མི་ རྡོ་གནམ་མེད་ས་མེད་ཧུམ་ཆི་ཆི་འབད་མི་གཅིག་བྱིན་བཏང་བཏངམ་མས་ལོ་ བུམོ་འདི་ལུ་ དེ་ལས་ རྟ་གཅིག་བྱིན་བཏང་དོཝ་མས། རྟ་གུ་མོ་ཆིབས་ སྦལཔ་རྟ་འཁྱིད་མི་འབད་ བུམོ་འདི་རྟ་གུ་ཆིབས་སྦེ་འགྱོ་དོཝ་མས་ཏེ།
  • ཆོས་འཛོམས་ Chozom
    འགྱོ་སྟེ་ཨ་པ་ཨའི་བཀོ་བཞག་སྟེ་འགྱོ་ དེ་ལས་ ཧ་ལམ་ཅིག་ཁར་ལྷོད་དོཝ་མས་ལམ་ ཧ་ལམ་ཅིག་ཁར་ལྷོདཔ་ད་ལུ་ མོ་གི་ལགཔ་ཁར་རྡོ་ཡོད་དོཝ་མས་ཏེ་ ལགཔ་ཁར་རྡོ་འབག་ རྟ་གུ་བཞོན་སྦེ་ སྦལཔ་གུ་རྐྱབ་དོཝ་མས་ཏེ་ ཁོ་བསད་བཞག་སྦེ་ལོག་འགྱོ་ནི་སྦེ་ཨིན་པས་མེན་ན་ཏེ།
  • ཆོས་འཛོམས་ Chozom
    བེ་ཡེག་བཏང་ རྐྱབ་དོཝ་མས་མོ་གིས་སྦལཔ་གུ་ལུ་ ཨ་ནཱི་ཏུན་མུ་ལུང་ཟེར་ ང་བཅས་རའི་རང་འཐག་འཐགཔ་ད་ལུ་གཡུ་པ་བརྡབ་ནི་གི་ཆུ་རྡོ་སྡོད་སྡོདཔ་མས་མེན་ན་རྡོ་ལེགས་ཤོམ་ཧུམ་ཆི་ཆི་སྦེ། བེ་ཡེག་བཏང་ བླུགས་བླུགསཔ་མས་ དེ་འབདཝ་ད་ཁོ་གིས་སླབ་དོཝ་མས།
  • ཆོས་འཛོམས་ Chozom
    ཨཱན་ཇོ་ཡེ་་་་ང་ལུ་ ག་གི་ཨ་ལུ་བཱ་བཱ་བུད་འོང་ཡི་ག་ཟེར་ སླབ་སླབ་མས་ཁོ་གིས་ དེ་འབདཝ་ད་ ངེད་ཀྱི་ཨིན་ངེད་ཀྱི་ཚ་བོ་སྦལཔ་འབག་ཤོག་འབག་ཤོག་ ཟེར་སླབ་དོ་མས་ ད་རུང་འཐུ་བཀལ་བཀལཝ་མས་ཁོ་གིས་བཀལ་སྦེ་ ད་རུང་ཕར་ལྷོདཔ་ད་ ད་རུང་རྐྱབ་དོཝ་མས་ཏེ་ ད་རུང་ག་ནི་ཡང་མ་ཕོག་པས་ ད་རུང་ཁོ་གིས་ ག་གི་ཨ་ལུ་བཱ་བཱ་བུད་འོང་ཡི་ག་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    དེ་ལས་ ད་རུང་ལོག་བྱིན་བྱིནམ་མས་ དེ་ལས་ ལྟ་མ་འབདཝ་ད་ལུ་ ལྷོད་དོཝ་མས་ཏེ་ཁྱིམ་ནང་ ཁྱིམ་ནང་ལྷོད་སྦེ་ ཁྱིམ་ནང་ལྷོདཔ་ད་ལུ་ ཨ་རྒས་དང་ཨང་རྒས་ལུ་སླབ་དོཝ་མས་ཁོ་གིས་ མནའམ་འཁྱིད་འོང་དོ་སྨ་རེད་ ཚོགས་ཆང་མར་ཆང་སྒྲིགས་ཤིག་ མནའམ་འཁྱིད་འོང་དོ་སྨ་རེད་ བཅའ་སྒྲིག་རྐྱབ་ཤིག་ ཟེར་སླབ་དོ་མས་ཏེ་ སྐད་རྐྱབ་དོཝ་མས།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ ཤུད་ཨ་ནཱི་སྦལཔ་བཟུམ་ཅིག་གིས་ མནའམ་རང་འཁྱིད་མི་འོང་ ཤོབ་ཨིན་ཟེར་ ཨ་རྒས་དང་ཨང་རྒས་སྒོ་སྒྲིང་སྒྲིང་བསྡམས་ཉལ་སྦེ་ ཁོ་ར་ཤོངམ་ཅིག་ དོང་ཅིག་ཡོད་དོཝ་མས་ འ་ནཱ་ལས་འཛུལ་དོ་འོང་ཁོ་ར་ ཟེར་སྡོད་དོཝ་མས་ཏེ་ཉལ་སྦེ་ དེ་ཅིག་གི་བར་ན་ཁོ་ལྷོད་སྦེ་ སླབ་དོཝ་མས་ཏེ།
  • ཆོས་འཛོམས་ Chozom
    ཡ་་་ང་ར་ཤོང་རུང་མནའམ་མི་ཤོང་ནི་མས་ཟེར་ ཨ་ནཱི་དོང་འདི་ལུ་སེམས་སྡུག་སྟེ་སླབ་དོཝ་མས་ཏེ་ཁོ་ ང་ར་ཤོང་རུང་མནའམ་མི་ཤོང་ནི་མས་ མནའམ་ཤོང་རུང་ སྒ་མི་ཤོང་ནི་མས་ཟེར་ སྒ་ཤོང་རུང་རྟ་མི་ཤོང་ནི་མས་ཟེར་ བུ་རུ་སུ་རུ་སླབ་དོཝ་མས་ལོ་སྦལཔ་གིས།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ རྟ་བགའ་དགོ་མནོ་སྟེ་ ཨི་ཧི་ཧི་་་་བཏང་བགའ་བགའཝ་མས་ལོ་ དེ་འབདཝ་ད་ རྟ་ཨི་ཧི་ཧི་བཏང་བགའཝ་ད་ལུ་ ཨ་རྒས་དང་ཨང་རྒས་ཀྱིས་ བདེན་ལས་ར་འཁྱིད་འོང་འོངམ་ཨིན་པས་སྨ་རེད་ཟེར་ མགྱོགས་པ་མགྱོགས་པ་ཡར་ལོང་ཞིནམ་ལས་ ཨང་རྒས་རླུང་ཐོག་ཁར་འགྱོ་ཞིནམ་ལས་ སྦང་ཆང་ལེན་པར་འགྱོཝ་ད།
  • ཆོས་འཛོམས་ Chozom
    རླུང་ཐོག་གུ་ལས་བུད་འོང་འོངམ་མས་ལོ་ཨང་རྒས་ ཨ་རྒས་ཚོདམ་བཙོ་ནི་སྦེ་ ཤ་བཏོག་དོཝ་མས་ ཤ་བཏོགསཔ་ད་ལུ་ ལགཔ་བཏོག་བཏང་བཏངམ་མས་ལོ་ དེ་ལས་ ལཱ་གནམ་མེད་ས་མེད་ཐོན་ཐོནམ་མས་ལོ་ཁོང་ར་ དེ་ལས་སྡོད་ནུག་མེན་ན་ཏེ་ དེ་གི་ཤུལ་ལས་ ཨ་རྒས་དང་ཨང་རྒས་ཡོད་པའི་ལོ་རྒྱུས་རང་མིན་འདུག་ དེ་ལས་ཕར་འདི།
  • ཆོས་འཛོམས་ Chozom
    དེ་ལས་ བུམོ་ལཱ་སར་རང་ལཱ་སར་འགྱོ་ ལཱ་སར་འགྱོ་ཡི་འགྱོ་ཡི་སྡོད་ ཕྱི་རུ་བུམོ་འདི་ལྷོདཔ་ད་ལུ་ ཁྱིམ་ཕྱག་དར་རྐྱབ་ ཐབ་ཕྱག་ ལེགས་ཤོམ་སྦེ་ཧིང་སང་ས་བཟོ་ ལྟོ་གི་ཆུ་ཅིག་བསྐོལ་སྦེ་བཞག་ནུག་ཟེརཝ་མས་ལོ་ཕྱི་རུ་གཅིག་འབདཝ་ད་ལུ་ ཨའེ་ག་ཡོདཔ་ཨིན་ན་ང་ལུ་ཤ་ཚ་མི་ཟེར་ སླབ་ཅི་རང་ལྟོ་བཟོ་ཞིན་ན་ཟ་སྦེ་ཉལ་དོཝ་མས་ཏེ་ད་རུང་།
  • ཆོས་འཛོམས་ Chozom
    ད་རུང་ནངས་པར་འགྱོ་དོཝ་མས་ཏེ་ དེ་ལས་ནངས་པར་ལས་ལྟོ་བཟོ་ཚོདམ་བཟོ་ སྦང་ཆང་བསྐོལ་ཏེ་ ལེགས་ཤོམ་སྦེ་ གྲ་སྒྲིག་ཏོག་ཏོ་བཟོ་བཞག་ནུག་ཟེརཝ་མས་ལོ་ ད་རུང་ག་ཡོདཔ་ཨིན་ན་ང་ལུ་ཤ་ཚ་མི་ཟེར་ ད་རུང་ཟ་སྦེ་ཉལ་དོཝ་མས་ཏེ་ དེ་ལས་ད་རུང་ནངས་པར་ལས་ མི་གཅིག་འདི་ཚོད་ལྟ་མི་འདུག་རང་འདུག་ཟེར་ འགྱོ་དོ་བཟུམ་མ་འགྱོ་དོ་བཟུམ་སྦེ་ སྒོ་གི་རྒྱབ་ཁར་གཡིབ་སྡོད་སྡོདཔ་ཨིན་ལོ་མོ་ བུམོ་འདི།
  • ཆོས་འཛོམས་ Chozom
    གཡིབ་སྦེ་སྡོདཔ་ད་ལུ་ མོ་གི་སྦལཔ་འགྱོཝ་མས་ཟེརཝ་མས་ལོ་ མོ་གཡིབ་སྦེ་སྡོད་པ་ཅིན་ ཁྱིམ་ནང་ལས་ཐོན་འོང་སྟེ་ སྒོན་ཐེ་གུ་འཛེགས་ཏེ་ གཡིབ་ཅི་གཡིབ་ཅི་ལྟཝ་མས་ལོ་ མར་བབས་འགྱོ་སྦེ་ ཨེ་ཁུག་གི་ཐོག་ཁར་འཛེགས་ཏེ་ སེང་སྟེ་ལྟཝ་མས་ལོ་ ད་རུང་མར་བབས་འགྱོཝ་མས་ལོ་ ཕར་ཙོག་ཕུར་གཅིག་ཡོད་ལོ་ ཁྱིམ་གྱི་ཉེ་འདབས་ལུ་ འ་ནཱི་ཙོག་ཕུར་གུ་འཛེགས་སྦེ་ སེང་ཡི་རང་ལྟཝ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ལོག་འོང་མས་ལོ་ ལོག་འོང་ཞིནམ་ལས་ དེ་ལས་ ཁྱིམ་ནང་འོང་སྦེ་ དཔྱལཝ་གུ་ལས་ མགུ་ཏོ་གུ་ལས་རང་ པོ་ཀོ་ཀོ་་་་་བཏང་གསཔ་མས་ལོ་ཁོ་ གས་སྦེ་ཤུབས་ཕུད་བཏངམ་ད་ལུ་ སྒརཔ་འཇའ་རིསམོ་མ་འདྲཝ་ཅིག་ ལེགསཔ་ཅིག་ཐོན་ཡི་ཟེརཝ་མས་ལོ་ཏེ་ མ་འདྲཝ་འབད་སྦེ་ལེགསཔ་སྒརཔ་གཅིག
  • ཆོས་འཛོམས་ Chozom
    དེ་ལས་ཐོན་སྦེ་ ཕྲང་ཕྲང་རང་ཕྱགསམ་འཐུ་སྦེ་ ཁྱིམ་འཕྱགཔ་མས་ཟེརཝ་མས་ལོ་ཁོ་ ཁྱིམ་འཕྱག་ ཐབ་འཕྱགཔ་མས་ཟེརཝ་མས་ལོ་ ཐབ་འཕྱག་ དེ་ལས་ ལྟོ་འབད་ནི་གི་ཅ་ལ་སྒྲིགཔ་མས་ཟེརཝ་མས་ལོ་ཁོ་འདི་ ཨ་ཏེ་ བུམོ་འདི་མགྱོགས་པ་མགྱོགས་པ་ཐོན་ཞིནམ་ལས་ ཁོ་གི་ཤུབས་གུ་ལུ་བཤེད་ནུག་མེན་ན་ཏེ།
  • ཆོས་འཛོམས་ Chozom
    ད་ང་ ཁྱོད་ཀྱིས་ སེམས་མ་དགའ་མ་དགའ་ དེ་སྦེ་བཞག་སྟེ་ ཁྱོད་དེ་སྦེ་ཉམས་དགའ་སྟེ་ཨིན་པས་ང་ལུ་ཟེར་ ཁྱོད་ཀྱི་ཨ་ནཱི་བཀོ་རང་བཀོ་ནི་ བཏོག་བཏང་ནི་ ཟེར་སླབ་ནུག་ཏེ་མོ་གིས་ དེ་ལས་ མ་བཀོ་ཟེར་ དུམ་གྲ་ཅིག་ང་དུས་ཚོད་མ་རན་ཟེར་ ཁུག་མ་ཚར་ ཁུག་མ་ཚུགས་ ཟེར་སླབ་སླབ་མས་ཁོ་གིས།
  • ཆོས་འཛོམས་ Chozom
    ཏེ་བཀོ་རང་བཀོ་ནི་ཟེར་ ཁྱོད་ཀྱིས་བཀོ་རང་བཀོ་ནི་འབད་བ་ཅིན་ ཛིབ་ཛིབ་་་་བཏང་བཏོག་སྟེ་ ད་ཁྱིམ་ནང་ན་ཡང་གཏོར་ཤིག་ཟེར་ ཐོག་ཁར་ཡང་གཏོར་ཤིག་ འོག་ཐོག་ནང་ན་ཡང་གཏོར་ཤིག་ཟེར་ ཕྱི་ཁར་ཡང་གཏོར་ཤིག་ཟེར་ ངེའི་ཤུབས་ག་ར་གཏོར་ཤིག་ཁྱིམ་གང་ཟེར་ སླབ་སླབ་འདྲས་མེན་ན་ཁོ་གིས།
  • ཆོས་འཛོམས་ Chozom
    དེ་ལས་ ཛིབ་ཛིབ་བཏང་བཏོག་ཞིན་ན་གཏོར་ནུག་ཏེ་ཨམ་སྲུ་གིས། ཁྱིམ་ནང་གཏོར་བ་ཅིན་ ཅ་ལ་ གདན་ མལ་ཆ་ལུ་ གནམ་མེད་ས་མེད་གྱུར་གྱུརཝ་མས་ཏེ་ཕྱུགཔོ་ དེ་ལས་ སྟེང་ཐོག་ནང་ན་གཏོརཝ་ད་ལུ་ ཡར་རྩ་མ་ ཀར་ ནག་ གནམ་མེད་ས་མེད་ཟ་མ་ཚར་ འཐུང་མ་ཚར་གྱུར་གྱུརཝ་མས་ ཕྱི་ཁར་གཏོར་བ་ཅིན་ ནོར་གནམ་མེད་ས་མེད་འཕེལ་འཕེལཝ་མས་ དེ་ལས་
  • ཆོས་འཛོམས་ Chozom
    ཁྲོ་ཟངས་ [བལ་བཟང་?]ག་ར་འཕེལ་འཕེལཝ་མས་ དེ་ལས་ ཕྱུགཔོ་ཐལ་ཐལཝ་མས་ཁོང་གཉིས་ དེ་ལས་ ཁོང་གཉིས་ཨ་པ་དང་ཨའི་ཕྱད་པར་འགྱོ་འགྱོཝ་མས་ཏེ་ཚར་གཅིག་ ཨ་པ་དང་ཨའི་ཕྱད་ནི་སྦེ་དུས་སྟབས་ཀྲིག་ཀྲི་བཟོ་བཟོཝ་མས་ཏེ་ ཕྱད་པར་འགྱོ་དོཝ་མས་ཏེ་ ཨ་པ་དང་ཨའི་འབད་སར་འགྱོ་སྦེ་ ཕྱད་པར་ཕར་འགྱོཝ་ད་ལུ་ ཨ་པ་དང་ཨའི་འབད་སར་ལྷོད་སྦེ་
  • ཆོས་འཛོམས་ Chozom
    དེ་ལས་ ཨ་ཞེམོ་ཚུ་གི་རྨགཔ་དང་ བུམོ་ཚུ་ག་ར་འོང་འོངམ་མས་ འོང་སྦེ་ ཨ་པ་དང་ཨའི་ཤི་ཤིཝ་མས་ཏེ་ ཁོང་ཕར་ཕྱད་པར་འགྱོཝ་ད་རང་ ཨ་པ་དང་ཨའི་ཤི་སྦེ་ དེ་ལས་དགེ་བ་འབད་དེ་བཞག་དོཝ་མས་ཏེ་ དེ་ལས་ གླངམོ་ཆེ་འདི་ ཆུ་དབོག་མི་ལོ་ དེ་ལས་ སེམས་ཅན་སྟག་འདི་ཚུ་ ཐབ་ཚང་པ་ལོ་ དེ་ལས་ ཨ་ནཱི་སེང་གེ་འདི་ ཨ་ནཱི་ལོ་ མ་ཎི་བསྐུལ་མི་ དེ་ལས་
  • ཆོས་འཛོམས་ Chozom
    སྤྱ་དཀར་འདི་དབུ་མཛད་ལོ་ སྤྱ་རྩིས་པ་ལོ་ཟེར་ ག་ར་དེ་སྦེ་འབད་སྦེ་ དེ་ལས་ སྦལཔ་མི་ལུ་བསྒྱུར་མི་ཁོང་གཉིས་འབད་བ་ཅིན་ ཨ་ནཱི་ཨིན་པས་ འགྱེདཔ་ཆ་འདྲཝ་ཕུལ་མི་འབད་ དེ་ལས་ ཨ་པ་དང་ཨའི་གི་དགེ་བ་ལམ་འཇུག་ཚུ་རྐྱབ་སྟེ་འོང་དོཝ་མས་ད་རུང་ལོག་སྟེ་ ལོག་འོངམ་ད་ ང་ནུམོ་གཅིག་ཁར་འགྱོ་ནི་ ཟེར་སླབ་སླབ་མས་ཨ་ཞེམོ་སྦོམ་ཤོས་འདི་གིས།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ ཨའེ་འགྱོ་མི་དགོ་ཨ་ཞེམོ་ཟེར་ མོ་གིས་གོ་ལ་གཅིག་ཕུད་དེ་བྱིན་བྱིནམ་མས་ཏེ་ཨ་ཞེམོ་ལུ་ དེ་ལས་ ཨ་ཕར་ལམ་ཁར་ཚུན་ཚོད་འདི་ འགྱོ་རང་འགྱོ་ནི་ཟེར་ ད་རུང་འོང་དོཝ་མས་ཏེ་ ཨ་ཞེམོ་སྦོམ་ཤོས་གླངམོ་ཆེའི་མནའམ་གིས་ ད་རུང་འགྱོཝ་ད་ ད་རུང་ལོག་འགྱོ་ད་ཟེར་ གོ་ལ་གཅིག་ཕུད་བྱིན་དོཝ་མས་ ད་རུང་ཨ་ཕར་ཚུན་ཚོད་འདི་འགྱོ་རང་འགྱོ་ནི་ཟེར་ ད་རུང་འགྱོ་དོཝ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ ཁོང་གཉིས་ཀྱི་ཁྱིམ་མཐོང་སར་ཚུན་ཚོད་འགྱོ་དོཝ་མས་ཏེ་མོ་ དེ་འབདཝ་ད་ ཁྱིམ་ཡང་གནམ་མེད་ས་མེད་ཁོ་གི་ཤུབས་གཏོར་གཏོརཝ་འབད་ནི་དེ་གིས་ ཧེ་མ་འབད་བ་ཅིན་ སྦ་སྒོར་སྡོད་ནུག་མེན་ན་ཏེ་ ཤུལ་ལས་གནམ་མེད་ས་མེད་རྫོང་ལུ་གྱུར་ནུག་མེན་ན་ དེ་འབདཝ་ད་ རྫོང་དཀརཔོ་སྦེ་མིག་གིས་མཐོངམ་ཅིག་ དེ་ལས་ ལོག་དོཝ་མས་ཏེ་ ཨ་ནཱི་ཨ་ཞེམོ་གིས།
  • ཆོས་འཛོམས་ Chozom
    དེ་ལས་ལོག་འགྱོ་སྦེ་ དེ་ལས་ དེ་ཅིག་གི་བར་ན་ ཨ་ལོ་གཅིག་ཡང་སྐྱེས་ནུག་ཏེ་ ཨ་ལོའི་མིང་སྤྱ་ཟླ་བ་ཟེར་བཏགས་ནུག་ སྤྱ་ཟླ་བ་ དེ་ལས་ ཨ་ལོ་འབག་མི་བུཚ་གཅིག་འཚོལ་ནུག་ ཨ་ནཱི་(མིང་)ཅ་པ་ལི་པཱན་ཅུང་ལོ་ ཀ་པ་ལི་པཱན་ཅུང་ ཟེར་སླབ་འོང་ང་བཅས་ཀྱིས་འདི་ ཀ་པ་ལི་པཱན་ཅུང་མིག་ཐོད་(མིག་ཏོ་ཕྱི་ཁར་ཐོན་ཐོནམ) ཟེར་ དེ་ལས་ ཨ་ལོ་འབག་མི།
  • ཆོས་འཛོམས་ Chozom
    དེ་ལས་ རྒྱལཔོ་འདིནི་དེ་ཅིག་གི་བར་ན་ རྒྱལཔོ་ཕར་སྲིན་པོ་བཏུལ་དགོཔ་ཐོན་ནུག་ཏེ་ དང་ཕུ་འབད་བ་ཅིན་ སྲིན་པོ་བཏུལ་བར་འགྱོ་དགོ་ལོ་མེན་ན་དཔོན་ཚུ་ཡང་ སྲིན་པོ་བཏུལ་བར་ཤོག་ཟེར་ བཀའ་ཤོག་ལྷོད་ལྷོདཔ་མས་ཏེ་ དེ་ལས་ སོང་ནུག་ཏེ་ སོང་ཞིནམ་ལས་ འགྱོ་ནི་འབདཝ་ད་ལུ་ ཨམ་སྲུ་ལུ་ ལོ་གསུམ་འཐུང་ནིའི་ཆུ་ ལོ་གསུམ་མེ་བཏང་ནིའི་ཤིང་།
  • ཆོས་འཛོམས་ Chozom
    དེ་ལས་ ཁྱོད་ཕྱི་ཁར་ཐོན་རང་མ་ཐོན་ཟེར་ ཁྱོད་ཁྱིམ་ནང་ར་སྡོད་ཤིག་ཟེར་ ཨ་ཙི་ཅིག་རང་མ་ཐོན་ཤིག་ཟེར་ སླབ་བཞག་ནུག་ཏེ་རྒྱལཔོ་གིས་ ཁྱོད་ཀ་བལ་གྱི་ལཱ་དེ་སྦེ་འབད་ཤིག་ཟེར་ ཀ་བལ་བཏོན་བཞག་ནུག་ཏེ་ དེ་ལས་ དང་ཕུ་འབད་བ་ཅིན་ ཐགས་ཀྱི་ལཱ་འབདཝ་ད་རང་ ཀ་བལ་དཀྲོག་ནི་སྡོད་ནུག་མེན་ན་ཏེ་ དེ་ལས་ ཀ་བལ་ལཱ་འབད་ཤིག་ཁྱོད་ར་ཟེར་བཞག་སྦེ།
  • ཆོས་འཛོམས་ Chozom
    དེ་ལས་ རྒྱལཔོ་སོང་སོངམ་མས་ཏེ་ སོང་སྦེ་ ཨ་ནཱི་སླབ་བཞག་ནུག་རྒྱལཔོ་གིས་ ཁྱོད་རའི་ཨ་ཞེམོ་ཐོན་འོང་སྨ་རེད་ཟེར་ ཁོ་གིས་མངོན་ཤེས་མཁྱེན་ནུག་མེན་ན་ཏེ་ ཨ་ཞེམོ་ཐོན་འོང་ཟེར་ ཁྱོད་ཀྱི་ཨ་ཞེམོ་འོངམ་ད་ལུ་ འོག་ཐོག་ལུ་འཛུལ་བར་ཐོན་འོང་སྨ་རེད་ཟེར་ ནུམོ་ཚིལ་མ་བཀོ་ཟེར་སླབ་འོང་མས་ཟེར་ ཚིལ་མ་མ་བཀོ་སྨ་རེད་ཟེར་ ནུམོ་སོལ་མོ་བཀོ་ཟེར་ སླབ་འོང་ མ་བཀོ་སྨ་རེད་ཟེར་ འ་ནཱི་འདི་སླབ་ནུག་ཏེ་ཁོ་གིས།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ གོ་ཐལ་དཔྱད་རིག་མ་བཏང་པས་ཏེ་ཁོ་གིས་སླབ་ནི་ དེ་ལས་ རྒྱལཔོ་རྒྱབ་ཐལ་ཞིནམ་ལས་ བདུན་ཕྲག་ ༢ དེ་ཅིག་འགྱོཝ་ད་ལུ་ ལྷོད་ནུག་ཏེ་མོ་ ཨ་ཞེམོ་འདི་ ཨ་ཞེམོ་ལྷོད་སྦེ་ ནུམོ་ཚིལ་མ་འབོ་ད་ཟེར་ནུག་ འོག་ཐོག་ལུ་འོང་སྦེ་ ནང་ན་འཛུལ་ནི་འདི་མེད་དོ་མས་ཏེ་ད་ སྒོ་བསྡམས་བསྡམསམ་མས་སྒྲིང་སྒྲིང་ དེ་ལས་ ཚིལ་མ་འབོ་ཟེརཝ་ད་ མི་དགོ་ང་རྒྱལཔོ་གིས་སླབ་འོང་ རྒྱལཔོ་གིས་ཚིལ་མ་མ་འབོ་ཟེར་སླབ་དེས་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    དེ་ལས་ ནུམོ་སོལ་མོ་བཀོ་ད་ ཟེར་སླབ་སླབ་མས་ མི་དགོ་ང་རྒྱལཔོ་གིས་སླབ་འོང་ རྒྱལཔོ་གིས་མ་བཀོ་ཟེར་ སླབ་དེས་ཟེར་ སླབ་སླབ་མས་ དེ་ལས་ ད་རུང་གོ་ཐལ་བཀོ་ད་ཏེ་ཨ་ཙི་ཅིག་ ཟེར་སླབ་སླབ་མས་ དེ་འབདཝ་ད་ གོ་ཐལ་འདི་རྒྱལཔོ་གིས་མ་སླབ་ཟེར་ མནོ་མནོཝ་མས་ཏེ་མོ་གིས་ རྒྱལཔོ་གིས་མ་སླབ་ཟེར་ གོ་ཐལ་ཨ་ཙི་ཅིག་བཀོ་བཀོཝ་མས་ཏེ་ ཨ་ནཱི་གོ་ཐལ་གུ་བཞོན་ཏེ་ རླུང་ནང་སྦེ་འོང་འོངམ་མས་ཏེ་ ནང་ན་འཛུལ་ཏེ།
  • ཆོས་འཛོམས་ Chozom
    ཨ་ཞེམོ་གིས་ ཨ་ཞེམོ་དུམ་གྲ་ཅིག་སྲིན་མོ་འཚམས་ཅིག་སྡོད་སྡོདཔ་མས་ཏེ་ བདུདམོ་བཟུམ་ཅིག དེ་ལས་འོང་སྦེ་ དེ་ལས་ ནུམོ་ང་བཅས་གཉིས་ཆུ་གི་མཐའ་མར་ཆུ་འཁྱུ་བར་འགྱོ་གེ་ ཟེར་སླབ་སླབ་མས་མོ་གིས།
  • ཆོས་འཛོམས་ Chozom
    མི་འགྱོ་ང་ རྒྱལཔོ་གིས་ག་ཏེ་ཡང་མ་འགྱོ་ཟེར་སླབ་དེས་ ཨ་ནཱི་ཀེ་རེ་ཏེག་པ་ཆུད་ཟེར་ (ཀ་བལ་ཕྱིར་སེལ་རྐྱབ་ནི་) གི་ལཱ་འབད་ཚརཝ་སྦེ་འབད་ཟེར་སླབ་དེས་ ཟེར་སླབ་སླབ་མས་ཏེ་ ཀ་བལ་གྱི་ལཱ་འབད་དེ་སྡོད་སྡོདཔ་མས་མོ་ ལཱ་འབད་དེ་སྡོདཔ་ད་ དེ་ལས་ ང་གིས་ཡང་འབད་གེ་ཟེར་སླབ་སྟེ་ མགྱོགས་པ་རང་འབད་ཚར་ཚརཝ་མས་ ཚར་སྦེ་ད་ ད་རུང་འགྱོ་གེ་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    ཀ་བལ་ཕྱིར་སེལ་རྐྱབ་ཚར་ཡི་ད་འགྱོ་གེ་ ཟེར་སླབ་སླབ་མས་ མི་འགྱོ་ང་རྒྱལཔོ་གིས་སླབ་འོང་ ཟེར་སླབ་སླབ་མས་ ང་ད་ཀ་བལ་ཕུང་ཟེར་ (ཀ་བལ་འཇམ་ཅུག་ཅུ་) བཟོ་ཟེར་སླབ་དེས་ ཟེར་སླབ་སླབ་མས་ དེ་ལས་ ཀ་བལ་འཇམ་ཅུག་ཅུ་བཟོ་ནི་འགོ་བཙུགས་བཙུགསཔ་མས་ཏེ་ ཨ་ཞེམོ་གིས་ རབ་རུབ་བཏང་ དེ་ལས་ བཟོ་ཚར་ཚརཝ་མས་ཏེ་ དེ་ལས་ ད་རུང་འགྱོ་གེ་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    ད་མི་འགྱོ་ང་ ད་མེན་ཁྲཱི་ནི་ཡོད་ཟེར་ (ཅོག་ཙེ་གུ་བཀལ་ཏེ་ཀ་བལ་སྒྲིལ་ནི་ཡོད་) ཟེར་སླབ་སླབ་མས་ ད་རུང་ཀ་བལ་སྒྲིལ་དོཝ་མས་ ད་རུང་སྒྲིལ་ཚར་ཏེ་ ད་རུང་འགྱོ་གེ་སྨ་རེད་ད་ ཟེར་སླབ་སླབ་མས་ མི་འགྱོ་ང་རྒྱལཔོ་གིས་ཚོགས་བརྡ་གཏང་འོང་ ད་ང་ཀ་བལ་འཁལ་ནི་ཡོད་ ཟེར་སླབ་སླབ་མས་ ད་རུང་ཀ་བལ་ཡང་སྒྲིལ་ཤིང་ན་བཙུགས་ཞིན་ན་ འཁལ་ཏེ་ རབ་རུབ་འབད་དེ་རྫོགས་དོཝ་མས་ཏེ།
  • ཆོས་འཛོམས་ Chozom
    ད་རུང་ ད་འགྱོ་གེ་ ཟེར་སླབ་སླབ་མས་ མི་འགྱོ་ད་ང་ཀ་བལ་ཇིན་དང་ཟེར་ (སྤག་ཤིང་ལས་བཟོ་བའི་གུ་) དཀྱི་ནི་ཡོད་ ཟེར་སླབ་སླབ་མས་དེ་ལས་ སྐུདཔ་ལུ་བསྒྱུར་བསྒྱུརཝ་མས་ཏེ་ ད་རུང་ འགྱོ་གེ་སྨ་རེད་ད་ ཟེར་སླབ་སླབ་མས་ མི་འགྱོ་ང་རྒྱལཔོ་གིས་ཚོགས་བརྡ་གཏང་འོང་ ད་ང་སྐུདཔ་རྩི་བཏབ་ནི་ཨིན་ ཟེར་སླབ་སླབ་མས་ཏེ་ སྐུདཔ་རྩི་བཏབ་སྦེ་ ད་འགྱོ་གེ་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    སྐུདཔ་ཡང་རྩི་བཏབ་ཅི་སྨ་རེད་ ཟེར་སླབ་སླབ་མས་ ད་མེན་ད་རུང་སྐུདཔ་སྒོང་ནི་ཡོད་ཟེར་ སྒོང་ཤིང་ན་བཙུགས་ཞིན་ན་སྒོང་དོཝ་མས་ སྒོང་སྟེ་ད་རུང་འགྱོ་གེ་ ཟེར་སླབ་དོཝ་མས་ཨ་ཞེམོ་གིས་ བཞག་རང་མི་བཏུབ་དོཝ་མས་འགྱོ་གེ་ཟེར་ མི་འགྱོ་ང་ད་ཐགས་བྱན་ནི་ཡོད་ ཟེར་སླབ་སླབ་མས་ བྱན་དོཝ་མས་ཏེ་ བྱན་སྦེ་ བྱན་ཚར་སྦེ་ད་རུང་འགྱོ་གེ་ ཟེར་སླབ་དོཝ་མས།
  • ཆོས་འཛོམས་ Chozom
    མི་འགྱོ་ང་ ད་ཐགས་འཐག་ནི་ཡོད་ ཟེར་སླབ་སླབ་མས་ འཐག་དོཝ་མས་ཏེ་ འཐག་སྟེ་ཡང་ཚར་ཚརཝ་མས་ དེ་ལས་ འཐག་ཚར་ཏེ་ག་ནི་ཡང་འབད་མ་ཤེས་པར་མོ་ མ་ཤེས་པར་དེ་ལས་ སོང་ནུག་དགའ་སྐྱོ་མེད་པ་རང་ སོང་སྦེ་ཞིནམ་ལས་ མར་མར་འགྱོ་དོཝ་མས་ མར་འགྱོཝ་ད་ ཆུ་ཆུང་ཀུ་ཅིག་ཕྱད་དོཝ་མས་ འདི་ཁར་ལྷོདཔ་ད་ལུ་ ནཱ་ལུ་སྦེ་འཁྱུ་གེ་ད་བཏུབ་ ཟེར་སླབ་སླབ་མས་ནུམོ་གིས།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ ཁའི་རྒྱལ་པོའི་གསང་ཡུམ་ལོ་ཟེར་ ག་དེ་སྦེ་སྨོ་ཏེ་ ཆུ་ཨ་ནཱི་བཟུམ་ཅིག་ནང་འཁྱུ་ནི་ཡ་ཏེ་ ཆུ་སྦོམ་ཡོད་སར་འགྱོ་དགོ་ ཟེར་སླབ་སླབ་མས་ཨ་ཞེམོ་གིས། དེ་ལས་ འགྱོ་འགྱོཝ་མས་མོ་ འཁྱིད་འགྱོ་འགྱོཝ་མས་ཏེ་ དེ་ལས་ ཆུ་གི་མཐའ་མར་ཆུ་འཁྱུ་དོཝ་མས་ད་རུང་ནུམོ་གིས་(ཨ་ཞེམོ་གིས་) ཁའི་རྒྱལ་པོའི་གསང་ཡུམ་ཟེར་ ག་དེ་སྦེ་སྨོ་ ཆུ་གི་སྦུག་ལུ་ རྡོ་ལེབ་གུ་སྦེ་ ལེགས་ཤོམ་སྦེ་ཆུ་འཁྱུ་ནི་མེན་ག་ཟེར་ སླབ་སླབ་མས།
  • ཆོས་འཛོམས་ Chozom
    དེ་ལས་ འགྱོ་དོཝ་མས་ཏེ་ དེ་ལས་ ཆུ་འཁྱུ་དོཝ་མས་ཁོང་གཉིས་ ཆུ་འཁྱུཝ་ད་ལུ་ སྦུག་ན་འགྱོ་སྦེ་ཆུ་འཁྱུཝ་ད་ ཧེ་མ་རང་ང་ཆུ་འཁྱུ་གེ་སྨ་རེད་ ང་ལུ་དྲེགས་པ་འཕུར་ཤིག་ ཟེར་སླབ་སླབ་མས་ཏེ་ མོ་གི་སྒལ་ཏོ་འཕུར་བཅུག་དོཝ་མས་ཏེ་ དེ་ལས་ ཨ་ཞེམོ་འཁྱུ་སྦེ་ སྒལ་ཏོ་འཕུར་ཚར་སྦེ་ དེ་ལས་ ཨ་ཞེམོ་གོ་ལ་ཡང་གྱོན་ཚར་སྦེ་ ནུམོ་ཆུ་འཁྱུ་དོཝ་མས་ཏེ་ ནུམོ་ཆུ་འཁྱུཝ་ད་ལུ་ ནུམོ་གི་སྒལ་ཏོ་འཕུར་དོ་བཟུམ་སྦེ་ མོ་གིས་ལྷོག་བཀོ་ནི་འབད་དོཝ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ ནུམོ་དུས་ར་ག་ཕུབ་རྐྱབ་འགྱོ་འགྱོཝ་མས་ ཆུ་གི་ཐོག་ཁར་དུས་ར་བུད་འགྱོ་འགྱོཝ་མས། དབའེ་དབའེ་ང་བུད་འགྱོ་ནི་འབད་དོ་ཟེར་སླབ་སླབ་མས་ནུམོ་གིས་ དེ་འབདཝ་ད་ ཨའེ་ངེའི་ནུམོ་བུད་འགྱོ་དེས་སྨ་རེད་ཟེར་ གནས་སྐབས་བཏང་སྟེ་མོ་གིས་བཟུང་དོཝ་མས་ དེ་ལས་ལྟ་མ་མཇུག་ལུ་འབདཝ་ད་ མོ་ར་སེམས་གཡེང་པའི་བར་ན་ ཆུ་ནང་ལྷོག་བཀོ་བཀོཝ་མས་ཏེ་ དེ་ལས་ ནུམོ་ཆུ་གིས་ཕྱག་བདའ་ནུག་ཏེ་ ཆུ་གིས་ཕྱག་འབག་སྦེ་ ནུམོ་གིས་མགྱོགས་པར་མགྱོགས་པར་ཉ་ལུ་སྤྲུལ་ནུག
  • ཆོས་འཛོམས་ Chozom
    ཉ་ལུ་སྤྲུལཝ་ད་ མོ་གིས་སྲམ་ལུ་སྤྲུལ་ཏེ་འོང་ནུག སྲམ་ལུ་སྤྲུལ་ཏེ་ དེ་ལས་ཏེ་མོ་
  • ཡེ་ཤེས་དབང་ཕྱུག་
    Yeshi Wangchuk: ཀྲཱམ་ཟེར?
  • ཆོས་འཛོམས་ Chozom
    ཀྲཱམ་ཟེར་ཉ་ཟ་མི་ ཆུ་གི་ནང་ན་སྡོད་འོང་བ་ ཧུམ་ཆི་ཆི་སྦེ་སྡོད་འོང་། དེ་ལས་ ད་རུང་མོ་གིས་ སྔོ་དྲེག་(moss) གུ་སྤྲུལ་ནུག་ སྔོ་དྲེག་གུ་ལས་ཕར་ ཆུ་གི་སྔོ་དྲེག་ཆགས་ཆགསཔ་གུ་ལས་ཕར་ འ་ནཱ་འབདཝ་ད་ མོ་གིས་ལགཔ་གིས་རལ་བཏང་ད་ནུག་ དེ་ལས་ བྱེམ་ལུ་སྤྲུལ་ནུག་ བྱེམ་ཡང་གཏོར་བཏང་ནུག་ག་ར་བྱེམ་ཡང་ དེ་ལས་མོ་བྱ་ལུ་སྤྲུལ་ཏེ་འགྱོ་ནུག་ ཆུ་བྱ་ལུ་ ཆུ་བྱ་ཆུ་གི་མཐའམ་བདའ་སྟེ།
  • ཆོས་འཛོམས་ Chozom
    འདི་ལུ་སྤྲུལ་ནུག་ འ་ནཱི་མོ་གིས་བདའ་མ་ཟུན་པས་ཏེ་ དེ་ལས་ མོ་ཁྱིམ་ནང་ལོག་འོང་ནུག་ དེ་ལས་ཁྱིམ་ནང་ལྷོད་སྦེ་ ཨ་ལོ་ལུ་ ཨོམ་གུ་ཚིལ་མ་བཏབ་ཅི་བཏབ་ཅི་ཨོམ་བྱིན་ནུག་སྨ་རེད་མོ་གིས་ ཨ་ལོ་གིས་འཐུང་མ་བཏུབ་ མ་བཏུབ་རང་བང་བཙོང་སྟེ་ དེ་ལས་ རྒྱལཔོ་ལྷོད་ནུག་ཏེ་ རྒྱལཔོ་ལྷོད་དེ་ ག་དེ་སྦེ་འབད་ཡི་ གུ་དེ་སྦེ་འབད་ཡི་ཟེརཝ་ད་ ཀ་པ་ལི་པཱན་ཅུང་གི་སླབ་ནུག་མེན་ན་ཏེ་ཕྲང་སྟེ།
  • ཆོས་འཛོམས་ Chozom
    ཆུ་འཁྱུ་བར་དེ་སྦེ་ཡར་སོང་ཡི་ཟེར་ ལོག་སྟེ་མ་ལྷོད་ཟེར་ དེ་ལས་ཁོ་ཆུ་དབོག་པ་རང་འགྱོ་སྟེ་སྡོད་ནུག་ཏེ་བུཚ་འདི་ ཨ་ནཱི་ཨ་ལོ་འབག་མི་ ཆུ་གི་པ་ལང་གཉིས་གཉིས་དེ་རེ་འབག་སྟེ་འགྱོ་འོང་ལོ་ཆུ་དབོག་པར་ ཨ་ནཱི་ཆུའི་གཟར་གཅིག་སྡོད་སྡོདཔ་མས་ འ་ནཱ་འགྱོཝ་ད་ བྱ་གཅིག་འོང་མས་ཟེརཝ་མས་རྟག་བུ་རང་ དེ་ལས་ ཁོ་ལུ་སླབ་མས་ཟེརཝ་མས་ལོ་སྐད་འཐེན་ཏེ།
  • ཆོས་འཛོམས་ Chozom
    ཀ་པ་ལི་པཱན་ཅུང་མིག་ཐོད་ལ་ཟེར་ རྒྱལཔོ་ཁོ་ར་ཕེབས་པ་ཤིག་ དེ་ལས་ ངའི་སྤྲང་ཅུང་ཨ་ལོ་ཅི་ཛ་བ་ དེ་ལས་ ངེའི་ཨ་ལོ་ལེགས་ཤོམ་སྦེ་ཡོད་ག་ཟེར་ དེ་ལས་ རྒྱལཔོ་ཡང་ལྷོད་ཅི་ག་ཟེར་ དེ་ལས་ ཀ་པ་ལི་པཱན་ཅུང་ ཟེར་སླབ་དོ་མས་ཏེ་ དེ་འབདཝ་ད་ ཨ་ཞེམོ་སྲིནམོ་ཤ་ཟ་སྲིནམོ་ ཨ་ཞེ་སྲིན་མོ་གོ་ཐལ་འགམས་ ཟེར་སླབ་མས་ཟེརཝ་མས་ལོ་ ཏེ་གོ་ཐལ་གུ་སྤྲུལ་ཏེ་འོང་ཡི་ ཟེར་སླབ་སླབ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ སྔོ་དྲེག་གུ་སྤྲུལ་ན་ ཧྲལ་ཏེ་བཏང་ཡི་ བྱེ་མ་གུ་སྤྲུལ་ན་ གཏོར་ཏེ་བཏང་ཡི་ ཉ་ལུ་སྤྲུལ་ན་ བསྒྲལ་སྟེ་བཏང་ཡི་ ཉ་འདི་མོ་གིས་བསྒྲལ་བཏང་ད་ནུག་མེན་ན་ཏེ་ སྲམ་ལུ་སྤྲུལ་ཏེ་ བསྒྲལ་བཏང་ད་ནུག་མེན་ན་ དེ་སྦེ་འབདཝ་མས་ཟེར་ དེ་སྦེ་སླབ་ནུག་མོ་གིས་ དེ་ལས་ ཁོ་ཁྱིམ་ནང་འགྱོ་སྦེ་ རྒྱལཔོ་ལུ་ཞུ་ནུག་ཏེ་ ཨ་ནཱི་བྱ་གཅིག་གིས་ དེ་སྦེ་སླབ་དེས་ལགས་རྒྱལ་པོ་ང་ལུ་ཟེར།
  • ཆོས་འཛོམས་ Chozom
    ང་ཆུ་ལེན་པར་འགྱོཝ་ད་ཨ་རྟག་རང་འོང་མས་ ཟེར་ཞུ་ནུག དེ་འབདཝ་ད་ རྒྱལཔོ་གིས་ང་འགྱོ་གེ་ཟེར་འགྱོ་ནུག་ཏེ་ འགྱོཝ་ད་ལུ་ རྒྱལཔོ་འགྱོཝ་ད་ལུ་ བྱ་གིས་འོང་མ་བཏུབ་པས་ཏེ་ མ་འོང་པར་ ཀེ་ང་འབད་སར་ལུནི་མི་འོང་པས་ ཟེར་སླབ་ནུག་རྒྱལཔོ་གིས་ ང་ལུནི་མི་འོང་པས་ ཁྱོད་ལུ་ག་དེ་སྦེ་འོངམ་ཨིན་ན་ཟེར་སླབ་ད་ དེ་འབད་བ་ཅིན་རྒྱལཔོ་ལགས་ གོ་ལ་ག་ར་ངེའི་གོ་ལ་བཞེས་ཏེ་བྱོན་ད་ཁྱོད་ར་ཟེར།
  • ཆོས་འཛོམས་ Chozom
    ངེའི་ཞྭམོ་བཙུགས་ ངེའི་གོ་ལ་གྱོན་ ངེའི་སྐེད་རགས་བཅིང་སྦེ་ ང་བཟུམ་སྦེ་ཆུའི་པ་ལང་གཉིས་འབག་སྦེ་བྱོན་ ཟེར་སྟོན་བྱིན་ནུག་ཁོ་གིས་གནས་སྐབས་ཀ་པ་ལི་པཱན་ཅུང་གིས་ དེ་ལས་སོང་ནུག་ཏེ་ རྒྱལཔོ་བྱོན་སྦེ་ བྱོནམ་ད་ལུ་ ཁོ་ཆུ་བཟེད་དེ་སྡོད་དོཝ་མས་ཏེ་ དེ་འབདཝ་ད་ འདི་བཟུམ་སྦེ་ར་སླབ་མས་ཟེར་ཨིན་པས་ ཀ་པ་ལི་པཱན་ཅུང་མིག་ཐོད་ལ་ ངའི་རྒྱལཔོ་ཁོ་ར་ཕེབས་པ་ཤིག་ ངའི་སྤྲང་ཅུང་ཨ་ལོ་ཅི་ཛ་བ་ཟེར།
  • ཆོས་འཛོམས་ Chozom
    དེ་ལས་ སྔོ་དྲེག་ལུ་སྤྲུལ་པ་ཅིན་ ཧྲལ་ཏེ་བཏང་ བྱེམ་ལུ་སྤྲུལ་ན་གཏོར་ཏེ་བཏང་ཟེར་ ཉ་ལུ་སྤྲུལ་ན་བསྒྲལ་ཏེ་བཏང་ དེ་ལས་ ཨ་ཞེ་སྲིནམོ་ཤ་ཟ་སྲིནམོ་ གོ་ཐལ་འགམས་ཟེར་ དེ་སྦེ་སླབ་སྟེ་ ཨའེ་ངེའི་ཨ་ལོ་གི་ཨའི་ཨིན་ན་ཐད་རི་བ་རི་ར་ ཡ་ཨིན་པ་ཅིན་ཟེར་ ཁོ་སངས་རྒྱས་བཟུམ་ཅིག་སྡོད་ནུག་མེན་ན་ཏེ་ མ་པ་ལས་ སྦལཔ་འདི་ སྦལཔ་སྦེ་སྐྱེས་མི་འདི་ ངེའི་ཨ་ལོའི་ཨའི་ཨིན་ཟེར་བ་ཅིན་ཁྱོད་ ངེའི་འདི་གུ་ཤོག་ཟེར་ ཁོ་གིས་ཤིང་གཅིག་སྟོན་ནུག་ཏེ།
  • ཆོས་འཛོམས་ Chozom
    ཤིང་རིངམོ་ཅིག་སྟོན་སྦེ་ དེ་ལས་ཁོ་ངེའི་ཤིང་གུ་ཆགས་ཤིག་ཁྱོད་ཟེར་ ཤིང་གུ་ཅོག་ཏོར་བཏང་ཆགས་སྦེ་ ཁོ་གིས་ཕབ་སྟེ་ དེ་ལས་བཟུང་སྦེ་ ཧེམ་ཅུང་ནང་བཙུགས་འབག་འོང་ནུག་ཁོ་གིས། ཁྱིམ་ནང་འབག་སྦེ་ ཡར་གནམ་ཁར་ཀུ་ཏོ་ནང་ན་བཙུགས་བཞག་ནུག་ཁོ་གིས་ཐོག་ཁ་ལུ་ ཀུ་ཏོ་ནང་བཙུགས་བཞག་སྟེ་ ནངས་པར་འབདཝ་ད་ལུ་ ནངས་པར་རྟིང་ལས་བལྟཝ་ད་ལུ་ བྱ་མིན་འདུག་ལོ་ག་ཏེ་ཡང་ དེ་ལས་ ཨ་ཞེམོ་གིས་བཏོན་སྦེ་ མེ་བཏང་ཟ་ཟཝ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ ཨ་ཞེམོ་ལུ་དྲི་དོཝ་མས་ཏེ་ཁོ་གིས་ ངེའི་བྱ་མིན་འདུག་ཁྱོད་ཀྱིས་མ་ཤེས་ག་ ཟེར་སླབ་སླབ་མས་ མ་ཤེས་ང་གིས་འདི་ ཟེར་སླབ་མས་ལོ་མོ་གིས། ཁྱོད་ཀྱིས་རང་ཤེས་ གཞན་ག་གིས་ཡང་མི་ཤེས་ ཁྱོད་རང་འོང་ ཟེར་སླབ་སླབ་མས་ཏེ་ དེ་ལས་ མི་ཤེས་ང་གིས་འདི་མི་ཤེས་ ཟེར་སླབ་དོཝ་མས་མོ་གིས་ ཁྱོད་ར་འོང་ག་ཡང་མི་འོང་ ཁྱོད་ཀྱིས་རུ་ཏོ་ག་ཏེ་བཀོ་ཡི་ ཟེར་སླབ་སླབ་མས་ཏེ།
  • ཆོས་འཛོམས་ Chozom
    ཁྱོད་ཀྱིས་རང་ཟ་ཟ་འོང་ རུ་ཏོ་ག་ཏེ་བཀོ་ཡི་ཟེརཝ་ད་ བཀོ་བཀོཝ་འོང་གོ་ཐལ་ནང་ ཟེར་སླབ་མས་ཟེརཝ་མས་ལོ། དེ་ལས་ གོ་ཐལ་ལེགས་ཤོམ་སྦེ་སློང་སྦེ་ བསིགས་བལྟ་ནུག་མེན་ན་ཁོ་གིས་ དེ་བསྒང་རུ་ཏོ་ཨ་ནེ་ཅིག་འབད་མི་གཅིག་དང་ཕྱད་ཅིག་ཟེརཝ་མས་ལོ་ དེ་ལས་རུ་ཏོ་ཨ་ནེ་ཅིག་འབད་མི་ཅིག་ཐོབ་སྟེ་ ད་ཡ་ཟེར་ ཁྱོད་ལོག་སྟེ་རང་ ངེའི་ཨ་ལོའི་ཨའི་ཨིན་ཟེར་བ་ཅིན་ ལོག་སྟེ་རང་མི་སྦེ་བཟོ་ནི་ཨིན་སྨ་རེད་ཟེར།
  • ཆོས་འཛོམས་ Chozom
    དར་གྱི་སྤུར་ཏེ་ སྒྲོམ་ནང་བཙུགས་སྦེ་བཞག་ནུག་ཏེ་རྒྱལཔོ་གིས། བཞག་སྟེ་ད་རུང་གླིང་གེ་སར་རྒྱལཔོ་བཟུམ་སྦེ་རང་ མོ་ཡང་དེ་སྦེ་འབད་དེ་ ཞག་གསུམ་བཞག་བལྟཝ་ད་ དེ་སྦེ་ཐོན་བཅུག་ཤིག་ཟེར་ དེ་སྦེ་བསྒྱུར་བཅུག་ཟེར་བསྒྱུར་ཏེ་ དེ་ལས་ བུམོ་འདི་ཨ་རྟག་ཧ་ལུགས་ མོ་ར་བསྒྱུར་ནུག་ ཁོ་རའི་ཨམ་སྲུ་རང་ངོ་མ་བསྒྱུར་སྦེ་ དེ་ལས་ ཁོ་རའི་སྨོན་ལམ་གང་བཏབ་ཨིན་པས། དེ་ལས་ ཨ་ཞེམོ་ལུ་ཤིག་བལྟ་བཅུག་བཅུག་མས་ལོ་ནུམོ་གིས།
  • ཆོས་འཛོམས་ Chozom
    ཨ་ཞེམོ་ང་ལུ་ཤིག་བལྟ་ཤིག་ཡ་ཟེར་ ཤིག་བལྟ་ཡི་བལྟ་ཡི་འགྱོཝ་ད་ རོགས་ནུམོ་ཨ་ནཱི་རྨ་བཏོན་འབད་བའི་ཤུལ་ཡོད་དོཝ་མས་མེན་ན་ཏེ་ མོ་གིས་ཟ་མི་གི་རྨ་སྐྱོན་ དེ་འབདཝ་ད་ ནུམོ་ཨ་ནཱི་ག་ཅི་འབད་འབདཝ་སྨོ་ཁྱོད་ཀྱི་ ཟེར་སླབ་སླབ་མས་ཏེ་ དེ་བསྒང་དང་ཕུ་ཨ་ཞེ་སྲིནམོ་གིས་ ཟ་ཟཝ་ཨིན་སྨ་རེད་ང་ ཟེར་སླབ་སླབ་མས་ ནུམོ་གིས།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ འདི་གི་རྨ་སྐྱོན་ཨིན་སྨ་རེད་ ཟེར་སླབ་སླབ་ཨིན་ལོ་མེན་ན་ཏེ་ དེ་འབདཝ་ད་ ཨ་ཞེམོ་རྒྱབ་ཁར་གང་རྐྱལ་འགྱོ་འགྱོཝ་ཨིན་ལོ་ མོ་ར་ག་ཅི་ཡང་འབད་མ་ཤེས་པར་ དེ་ལས་ ནུམོ་དེ་འཕྲོ་ལས་ལོངས་འགྱོ་སྦེ་ རྒྱལཔོ་འབད་སར་འགྱོ་འགྱོཝ་ཨིན་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ ཤེས་ཅི་ཟེར་ མནོ་མནོཝ་འདྲས་མེན་ན་ཏེ་མོ་ དེ་ལས་ རྒྱལཔོ་ལུ་གནམ་མེད་ས་མེད་མིག་སེར་འབད་འོང་ལོ་ཏེ་ རྒྱལཔོ་མོ་འབད་ནི་སྦེ་སྡོད་ནུག་མེན་ན་ཏེ་ འཕྱོག་ནི་འབད། དེ་ལས་ རྟག་བུ་རང་ནུམོ་ལུ་མིག་ཏོ་འ་ནེམ་རེ་ཐོན་ཐོན་སར་ཟ་ནི་སྦེ་སྡོད་ནུག་སྨ་རེད་ དེ་ལས་རྒྱལཔོ་གིས་གནས་སྐབས་བཏོན་ཏེ་ དེ་ལས་ དོང་གནམ་མེད་ས་མེད་བརྐོ་སྟེ་ མར་་་་མར་བརྐོ་སྟེ་ ཕར་རྫས་ཚུ་ག་ར་བཀྲམ་ཏེ་ ད་ཁྱོད་ར་ཕར་མཆོངས་ཏེ་ལྷོད་པ་ཅིན་ ཨ་ཕི་ཚུ་ག་ར་ཟ་སྨ་རེད་ཟེར་ ཤ་འདི་ཚུ་ཡང་ཕར་བསྐྱལ།
  • ཆོས་འཛོམས་ Chozom
    དེ་ལས་ ཤིང་འབྲས་འདི་ཚུ་ཡང་ མ་འདྲཝ་མ་འདྲཝ་བསྐྱལ་ ལྟོ་འདི་ཚུ་ཡང་མ་འདྲཝ་བཟོ་སྟེ་བསྐྱལ་ཕར་ལུ་ དེ་ལས་ ནཱ་ལས་མཆོངས་ཏེ་ ཕར་ལྷོད་པ་ཅིན་ཟ་ཤིག་ ཟེར་སླབ་སྟེ་ བཟོ་ནུག་ཏེ་ བཟོ་སྦེ་ དེ་ལས་ མཆོངས་ནུག་མས་མོ་གིས་ མཆོངསམ་ད་ལུ་ མོ་ར་ག་ནི་ཡང་ཟ་ནི་མ་ཐོབ་པར་བུད་སོང་ནུག་ཏེ་མར་ ཨཱ་བུད་འགྱོ་སྦེ་ བུད་འགྱོཝ་ཅིག་ མི་སེར་ཚུ་བཀུག་ཞིནམ་ལས་ ལྡིར་ལྡིར་བཏང་ཨེབ་ཞིན་ན་ དེ་ལས་ ཐོག་ཁ་ལས་རྡོ་ལེབ་ཀྱི་ཨེབ་ ཨེབ་ཞིནམ་ལས་ འདི་གུ་མཆོད་རྟེན་བཞེངས་བཞག་ནུག་ཏེ་ དེ་ལས་ ཨ་ཞེམོ་ཡལ་དོཝ་མས་ཏེ་འདི་ཁར།
  • ཆོས་འཛོམས་ Chozom
    དེ་ལས་ཁོང་གཉིས་ དགའ་ཏོག་ཏོ་ སྐྱིད་ཏོང་ཏོ་སྦེ་ དེ་ལས་ ལེགས་ཤོམ་སོང་ནུག་ཏེ་ཁོང་གཉིས་ འདི་ཁར་རྒྱལཔོ་འབད་དེ་ལུས་སོང་ནུག་ཏེ་ རྒྱལཔོ་དང་ ཨ་ཞེ་འབད་ དེ་ལས་ འ་ནེ་ཅིག་ དང་ཕུ་འབད་བ་ཅིན་གཏམ་ ད་ལྟོ་སྲུང་།། །།