Skip to main content Skip to search
04 Dec 2016
3 min 49 sec
Rinchen Dorji
Video Overview
Creators: 
Penchela

The story narrated here by Penjor of Karna village in Bartsha Gewog was about why crows would immidiately start eating if it ever caught a frog. The story was that, a crow catches s frog from a rice filed for a meal. As it flew with the frog to various directions, the frog reasoned he had certain family members in those directions who would know of him being eaten by the crow, which is not appropriate and makes a request to crow to be taken near to a  river where the crow could eat it and drink as well. The crow takes near to a river as requested. while crow was about to begin eating, the frog again makes the crow to pray before eating him for he would need a prayer to die. But while the crow is lost in praying, the frog escapes into the water. Therefore from this lesson it was said that the crows would immidiately start eating if it ever caught a frog, Penjor says.

གློག་བརྙན་འདི་ནང་ དར་དཀར་ན་རྫོང་ཁག་ ཀར་ན་་རྒེད་འོག་ བཱ་ཚ་གཡུས་ཚན་ལས་ དཔལ་འབྱོར་གྱིས་ གསལ་བཤད་འབད་མི་འདི་་ ཨོ་ལ་གིས་ སྦལཔ་བཟུང་ཐོབ་ད་ འདི་འཕྲོ་ལས་ ག་ཅི་སྦེ་ བཟའཝ་ཨིན་ནའི་སྐོར་ལས་ཨིནམ་ད་ སྲུང་འདི་ནང་ ཨོ་ལ་འདི་ལྟོ་འཚོལ་བ་སོངམ་ད་ སྦལ་ཅིག་ཕྱད་དེ་བཟུམ་འབག་འོང་འོངམ་མས། ཏེ་ཨོ་ལ་འདི་ སྦལ་འདི་བཟའ་ནི་སྦེ་ ཕྱོགས་ཁག་ལུ་འཕུར་བའི་སྐབས་ སྦལཔ་འདི་གིས་ ཕྱོགས་འདི་ཚུ་ནང་ ཁོ་གི་ སྤུན་ཆ་ལེ་ཤ་ཡོད་མི་ཚུ་གིས་ ཤེས་འོང་ཟེར་ གནད་དོན་ལེ་ཤ་ཅིག་བཤད་ཞིནམ་ལས་ བཟའ་དགོ་པ་ཅིན་ ཆུའི་མཐའ་མར་འབག་བཟའ་བ་ཅིན་ ཆུ་ཡང་འཐུང་ནི་ཐོབ་ཟེར་ སླབ་ད་ ཨོ་ལ་འདི་གིས་ཡང་ སྦལཔ་གིས་ སླབ་དོ་བཟུམ་སྦེ་ ཨིན་པས་གསེས་ ཆུའི་མཐའ་མར་འབག་སོང་སོང་ཞིནམ་ལས་ དེ་འཕྲོ་ལས་བཟའ་ནི་འབདཝ་ད་ སྦལ་འདི་གིས་ ཁོ་མ་བཟའ་བའི་ཧེ་མ་ ལྟོ་མཆོད་བཏང་དགོ་ ཁོ་ཤི་ཞིནམ་ལས་ སྐྱེསཝ་མི་ལུས་ཐོབ་དགོ་གསེས་ སླབ་སླབ་ཨིན་པས། དེ་ལས་ ཨོ་ལ་འདི་ལྟོ་མཆོད་བཏང་སྡོད་པའི་བར་ན་ སྦལཔ་འདི་ ཆུ་ནང་འབྱང་དཔ་ཨིན་པས། འདི་འབདཝ་ལས་བརྟེན་ ཨོ་ལ་གིས་ སྦལཔ་བཟང་ཐོབ་པའི་སྐབས་འདི་འཕྲོ་ལས་བཟའཝ་ཨིན་ཟེར་ དཔལ་འབྱོར་གྱིས་ སླབ་ཨིན་པས། 

Transcript search
No results found for this search
0 of 0
  • དཔལ་འབྱོར་ Penjor
    དང་ཕུ་ཏེ་ ཨོ་ལ་ ཨོ་ལ་ཕོ་མོ་ཅིག་དང་ དེ་ལས་སྦལཔ་ཡོདཔ་མས་ལགས། དེ་ལས་ཏེ་ ཁོང་ར་ དེམ་འབད་སྦེ་ ཏེ་བསྟུན་གྲོས་འབད་ ཏེ་བསྟུན་འབད་སྦེ་ དེ་ལས་ཨོ་ལ་དེ་གིས་ཏེ་ ཁོ་ཏེ་ ལྟོ་འཚོལ་བར་འགྱོ་སྦེ་འབདཝ་ད་ དེ་ལས་ཏེ་ ཨ་རི་ཁ་ལུ་ ཨ་རི་ནང་མར་ ཏེ་སྤལཔ་ ཏེ་གནམ་བྱཱར་ སྦལཔ་དང་འཕྱད་འཕྱདཔ་མས་ལགས།
    long time ago there was crow and frog. And the crow decided to go and search for the food at the paddy field he met with the frog and he thought that today he got food for his children.
  • དཔལ་འབྱོར་ Penjor
    འུམ་་་་་ ད་རེས་འབདན་ ངེའི་ཨ་ལོ་ཚུ་ལུ་འགྲངམ་ཅིག་གི་ཤ་ཐོབ་ཅི་ཟེར་ཏེ་ དེ་ལས་ ཁོ་སྦལཔ་ སྦལཔ་དེའི་སྦོ་ལོགས་སོང་་་་སྦལཔ་དེའི་སྦོ་ལོགས་འཇར་སྦེ་ དེ་ལས་ སྦལཔ་དེ་འཐུ་འཐུཝ་མས་ལགས་ཁོ། སོ་་་་ སྡེའུ་བཞར་བཏབ་འཐུ་སྦེ་ ཨ་ཙི་ཕར་ ཕར་ལོགས་འབག་སྦེ་ དེ་ལས་སྦལཔ་དེ་གུ་ མགུ་ཏོ་གུ་ལས་མར་ [བཙབ་བཙབ་མས། ཏེ་བཙགཔ་སྦེ་འབདཝ་ད་ སྦལཔ་དེ་གིས་ སླབ་སླབ་མས། དབའེ་ དེ་ཚུན་ཚོད་ ཁྱོད་བླམ་ཆོསཔ་ཅིག་ཨིན་སླབ་པ་ འདི་འཕྲོ་ལས་ཏེ་ ག་ཏེ་བཟའ་ནི་ཡོདཔ་ཟེར་ཏེ།
    Then he went near the frog and picked up him with paw and went to a side. crow try to peck the frog from the head then frog said to crow that your a religious person how can you eat me directly.
  • དཔལ་འབྱོར་ Penjor
    ཏེ་དེ་སྦེ་བཟའ་བ་མི་བཏུབ་ཟེར་ཏེ་ ཏེ་ཤ་ངེའི་ཤ་འདི་བཟའཝ་ད་ ཁྱོད་ལྐོདམ་ཐོགས་འོང་ཟེར་ཏེ་ ཏེ་ཆུ་ཅིག་གི་སྦོ་ལོགས་འབག་སྦེ་ བཟའ་བ་ཅིན་ ག་དེ་འབད་འཚམས་ཟེར་ཏེ་ སླབ་འབདཝ་ད་ ཨ་ཨིན་མས་སྨོ་ཟེར་ཏེ་ ཏེ་ཨོ་ལ་དེ་གིས་ ཏེ་འཐུ་འབག་འགྱོ་འགྱོཝ་མས།
    you can't eat me directly because you will need water otherwise it will stuck. so lets go near by the water and eat me.
  • དཔལ་འབྱོར་ Penjor
    ཁ་ཕར་ ཤར་ཁ་ཐུག་འབག་འགྱོ་ ཁ་ཕར་ཤར་ཁ་ཐུག་འབག་འགྱོ་འགྱོཝ་མས། དེ་ལས་ སྦལཔ་དེ་གིས་སླབ་སླབ་མས། ཨའོ་ད་ ཕར་ཁ་ཤར་ཁ་ཐུག་འབགན་ ཕར་ཡང་དགའཝ་མེད་ཟེར་ཏེ་ ངེའི་ཨའི་ཕར་ཡོད་ཟེར་ཏེ་སླབ་པ་ ཨའོ་་་་ ཕར་ཨའི་གིས་ཤེས་ནི་མས་ཟེར།
    then crow took him to the east then frog replied him that his mother live at the east. it will be bad if she knew about it.
  • དཔལ་འབྱོར་ Penjor
    དེ་ལས་ ལྷོ་ཁ་ཐུག་འབག་འགྱོ་འགྱོཝ་མས། ལྷོ་ཁ་ཐུག་འབག་འགྱོ་བ་གིན་ ཨ་ལྷོ་ཁ་ཐུག་འབགན་ ལྷོ་ཁ་ཐུག་འབག་ཕར་ཡང་དགའཝ་མེད་ཟེར་ཏེ་ ངེའི་ཨ་ཞང་དང་ཨམ་ ཕར་ཡོད་ཟེར་ཏེ་ ད་ཕར་ལྟ་ཡང་ ཁོ་ཨ་ཞང་དང་ཨ་མ་གིས་ཤེས་ནི་སླབ།
    Then the crow took him to the west, frog said his uncle and aunty lives there, they might know.
  • དཔལ་འབྱོར་ Penjor
    དེ་ལས་ཏེ་ ཁ་ནུབ་ཁ་ཐུག་འབག་འགྱོ་འགྱོཝ་མས། ནུབ་ཁ་ཐུག་འབག་འགྱོ་བ་ ད་རུང་ཡང་ སྦལཔ་དེ་གིས་སླབ་སླབ་མས། ཡ་ནུབ་ཁ་ཐུག་འབགན་ ནུབ་ཁ་ཐུག་ཡང་དགའཝ་མེད་ཟེར་ཏེ་ ཡར་ཡང་ ངེའི་སྤུན་སྤུན་ཆ་ག་ར་ ཡར་ནུབ་ཁ་ཐུག་ཡོད་ཟེར་ཏེ་ ད་ཡར་ཡང་ཁོང་སྤུན་ཆ་ཚུ་གིས་ཤེས་ནི་མས་ཟེར།
    then took him to the north. again frog said his all sibilings live there they might know about these and feel bad
  • དཔལ་འབྱོར་ Penjor
    དེ་ལས་ ཁ་བྱང་ཁ་ཐུག་འབག་འགྱོའགྱོཝ་མས། བྱང་ཁ་ཐུག་འབག་འགྱོ་བ་ ངེའི་ཨམ་དང་ཨ་པ་ཕར་ཡོད་ཟེར་ཏེ་ ཟེར་སླབ་སྦེ་འབདཝ་ད་ ཨའོ་ཕར་ཡང་འབག་རུང་ཡང་མི་བཏུབ་ནི་མས་ཟེར་ཏེ་ དེ་ལས་ ཨོ་ལ་དེ་ཏེ་ ག་ཏེ་ཧོངས་མ་ འབག་བཟའཝ་དྲག་ག་ མ་ཤེས་པར་སྡོད་སྡོདཔ་མས།
    then the crow took him to the south., again frog said that his father and anuty are there. then crow got confused where to take him and eat,
  • དཔལ་འབྱོར་ Penjor
    དེ་ལས་ སྦལཔ་དེ་གིས་སླབ་སླབ་མས། ད་ཁྱོད་བླམ་ཆོསཔ་ཅིག་ཨིན། ད་ཁྱོད་ བཟའ་ར་བཟའ་དགོ་པ་ཅིན་ ཆུ་ཅིག་གི་མཐའ་མར་འབག་སྦེ་ མར་ལུང་མར་འབག་སྦེ་བཟའ་ད་ཟེར་ཏེ་ ཏེ་ང་ཡང་བསམ་པ་རྫོགས་འོང་ཟེར་ བླམ་ཆོསཔ་ཨིན་ ཟེར་སླབ་ད་ ཨ་ད་ཨིན་པས་ཟེར་ ཏེ་ཨོ་ལ་དེ་གིས་འཐུ་འབག་ མར་ལུང་མར་ ཆུ་སྦོམ་སར་ ཆུའི་མཐའ་མ་སྦེ་ བཟའ་བ་འབག་འབགཔ་མས།
    there the frog said your a religious person if you really want to eat me then take me near a river and eat me there. then crow took him near the river.
  • དཔལ་འབྱོར་ Penjor
    དེ་ལས་ ཨ་ཙི་ཕར་[ད་བར་?] མཐའ་མར་སྦེ་སྡོད་སྡོདཔ་མས། ཏེ་ཕར་སྡོད་ ཏེ་ཁྱོད་ཆུ་ག་དེ་སྦེ་འཐུང་ནི་སྨོ་ཟེར་ཏེ་ ཨ་ཙི་ཚུར་ སྦོ་ལོགས་སྦེ་ ཆུའི་མཐའ་མར་འཚམས་ཅིག་སྦེ་བཟའ་བ་ཅིན་ཏེ་ ཤ་བཟའཝ་ཨིན་ ངེའི་ཤ་བཟའ་འདི་བཟའ་ཡི་བཟའ་ཡི་ ཁྱོད་ཆུ་འཐུང་ནི་ཡོད་ཟེར་འབདཝ་ད།
    the crow stayed bit far from the river side. there frog said how can you eat me without water. come near to the river and then start eating me.
  • དཔལ་འབྱོར་ Penjor
    དེ་ལས་ཏེ་ ཨོ་ལ་དེ་གིས་ ད་རུང་ཡང་འཐུ་འབག་ ཆུའི་[སྟོང་ཀོའི་རྩ་བར་?] རྡོ་ཅིག་ཡོདཔ་ རྡོ་དེ་གུ་འཛེགས་སྦེ་ [ད་བར་?]དེ་གུ་ རྡོ་དེ་གུ་འཛེགས་སྦེ་ དེ་འཕྲོ་ལས་བཙབ་མས་ལོ་ བཟའ་ནི་སྦེ་ མགུ་ཏོ་གུར་ མཆོ་ཏོ་ཐེངས་ཕོག་ཅིག་རྐྱབ་འབདཝ་ད་ དེ་ལས་ སྦལཔ་དེ་གིས་སླབ་སླབ་མས། དབའེ་ ཏེ་ད་ངནི་ ལས་ཀྱིས་ར་ ཁྱོད་ཁར་ཚུདཔ་ཨིན་ཟེར་ཏེ་ ཏེ་ད་ཁྱོད་ བླམ་ཆོསཔ་ཅིག་ཨིན་ ཟེར་ཏེ་ ང་ཡང་ ཤི་རུང་མི་ལུས་ཅིག་འཐོབ་དགོ་ཟེར་ཏེ་ ཏེ་ལྟོ་མཆོད་ཅིག་གཏང་དགོ་ཟེར་ཏེ་ སླབ་སྦེ་འབདཝ་ད་
    then crow took him on the stone near the river and again started pecking him on his head, the frog said i know im dying and its my faith but let me pray for my rebirth and do morsel.
  • དཔལ་འབྱོར་ Penjor
    དེ་ལས་ཨོ་ལ་དེ་གིས་ཏེ་ རྡོ་དེ་གུ་ཏེ་ རྡོ་སྤྱིན་ཏག་ཏ་འདི་གུ་ཏེ་ སྦལཔ་དེ་ ག་ཕུབ་རྐྱབ་བཞག་ ཁོ་ལགཔ་དང་གཉིས་ཆ་ར་ ཡར་ལས་མར་བགྲད་སྦེ་ ཏེ་ཁོ་ར་ མིག་ཏོ་ཕར་བལྟ་ ཚུར་བལྟ་ ཨ་བེ་ ཨ་བེ་ཟེར་ ལྟོ་མཆོད་བཏང་སྡོད་པའི་བར་ན་སྐོར་ དེ་ལས་ཏེ་ སྦལཔ་དེ་གིས་ མར་ལས་སྤརཝ་ཅིག་ མར་ཆུ་ནང་འཛུལ་སོང་སོངཔ་མས།
    while crow was doing the morsel. the frog jumped into the river and vanished in it.
  • དཔལ་འབྱོར་ Penjor
    དེ་ལས་ ཡར་ལས་བལྟ་རུང་ཡང་མ་ཐོབ་ མར་ལས་བལྟ་རུང་མ་ཐོབ་པར་ དེ་ལས་ཏེ་ ཨོ་ལ་འུ་ར་སྡུག་ ཏེ་ད་ ད་རེས་ནངས་པ་ལུ་ ཨོ་ལ་གིས་ཏེ་ སྦལཔ་ཕྱདཔ་ཅིག་ དེ་འཕྲོ་ལས་ར་བསད་ཟ་མི་འདི་ འ་ནཱི་ཨིན་ཟེར་ སླབ་ཨིན་མས་ལགས།། །།
    then crow tried so much looking for the frog from every side but couldn't reach the frog, so the crow got tired. that's why these days when ever crow sees the frog he kills it and eat it.