Skip to main content Skip to search
21 Jun 2018
14 min 13 sec
Ariana Maki
Video Overview
Creators: 
Yeshi Wangchuk, Dorji Nima

The story of Monkey and Tortoise is narrated by Chozom from Dagphel village in Zhemgang district. This folk story reveals something about deception. The monkey is the main character of the story, and deceives the tortoise. The tortoise is a fisherman and needed bamboo for fishing. The tortoise lied that the bamboo for fishing belonged to his uncles. Even when the tortoise catches some fish, the monkey takes away all the fish and eats them. Thus, the story shows that deceiving others is not a good act. 

གཞལམ་སྒང་རྫོང་ཁག་ བདག་འཕེལ་གཡུས་ཚན་ལས་ ཆོས་འཛོམས་ཀྱིས་ འབྱིད་སྐོར་ཀྱི་སྐོར་ལས་འབད་མི་ སྤྱ་དང་ རུས་སྦལ་ལྟོ་ཚང་གཉིས་ཀྱི་ གཏམ་བརྒྱུད་འདི་ སླབ་ཨིན་པས། གཏམ་བརྒྱུད་འདི་ནང་ སྤྱ་འདི་གིས་ རུས་སྦལ་ མགུ་འབྱིད་རྐྱབ་ཨིནམ་ད་ རུལ་སྦལ་འདི་ཉ་རོགསཔ་ཨིནམ་ལས་ ཉ་བཟུང་ནི་གི་དོན་ལུ་ སྦ་དགོ་དོ་ཡོདཔ་ད་ རུས་སྦལ་འདི་གིས་ སྤྱ་ལུསྦ་འདི་ ཁོ་གི་ཨ་ཞང་གི་ཨིན་གསེས་ ཤོབ་སླབ་སླབ་ཨིན་པས། རུས་སྦལ་གྱི་ ཉ་བཟུམ་མི་འདི་ཆ་མཉམ་ སྤྱ་གིས་འབག་སྟེ་བཟའ་ཡོདཔ་ལས་ སྲུང་འདི་གི་བརྗོད་དོན་འདི་ གཞན་ལུ་མགུ་འབྱིད་རྐྱབ་ནི་འདི་ མི་བཏུབ་ཟེར་སྟོནམ་ཨིན་པས།  

Transcript search
No results found for this search
0 of 0
  • ཆོས་འཛོམས་ Chozom
    དང་ཕུ་འབད་འབདཝ་མས་ ད་རེས་འབད་འབདཝ་མས་ སྤྱ་གཅིག་དང་རུས་སྦལ་གཅིག་སྡོད་སྡོདཔ་མས། ཁོང་གཉིས་ཆ་རོགས་བཟུང་བཟུངམ་མས་ཏེ་ ཁེམ་པ་བཟུང་བཟུང་མས་ ཟེར་སླབ་འོང་བ་ དང་ཕུ་ང་བཅས་ཀྱིས་འབད་བ་ཅིན་ ཆ་རོགས་བཟུང་བཟུངམ་མས་ཁོང་གཉིས་ ཆ་རོགས་བཟུང་སྦེ་ཁོང་གཉིས་ ང་བཅས་གཉིས་ཉ་གཟུང་པར་འགྱོན་ན? ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    འགྱོ་གེ་ཏེ་ ཟེར་འགྱོ་འགྱོཝ་མས་ཉ་གཟུང་པར་ ཉ་གཟུང་པར་འགྱོ་སྟེ་ ཕྱི་རུ་འབདཝ་ད་ སྤྱ་ཁོ་ཉ་ཐོབ་སྦེ་ འབག་སྟེ་ཟ་ཟཝ་མས་ཏེ་ རུས་སྦལ་འདི་ཨ་ནཱི་རང་མ་ཐོབ་པས་ དྲྭཝ་བཟེད་ནི་རང་ ཉ་གཟུང་ནི་གི་འོང་བ་ཏེ་ སྤག་ཤིང་གིས་འབད་དྲྭཝ་བཟོ་ནི་ དྲྭཝ་བཟེད་ནི་ཆུ་ནང་དེ་སྦེ་ འ་ནཱི་བཟོ་ནི་གི་མ་ཐོབ་མས་ཏེ་ཁོ་ དེ་ལས་ ནངས་པར་ཡང་འགྱོ་དོ་མས་ཁོང་གཉིས་ ནངས་པར་འགྱོཝ་ད་སླབ་དོ་མས་ ཏེ།
  • ཆོས་འཛོམས་ Chozom
    སྤག་ཤིང་འཚོལ་དོ་མས་ཁོ་ དྲྭཝ་འཐག་ནི་གི་ སྦ་འཚོལ་བར་འགྱོཝ་ད་ལུ་ སྤག་ཤིང་གཅིག་བརྡུང་བལྟ་དོ་མས་ ཏོང་ཏོང་བཏང་དཀྲོག་བལྟ་དོ་མས་ ཁོ་འབག་ནི་སྦེ་ དེ་འབདཝ་ད་ དབའི་ཁོ་རེ་ ངེའི་ཨ་ཞང་གི་སྦ་ཨིན་སྨ་རེད་ མ་དཀྲོགས་ཤིག་ཟེར་ སླབ་སླབ་མས་སྤྱ་གིས་ མི་བྱིན་དོ་མས་ ཏེ།
  • ཆོས་འཛོམས་ Chozom
    ད་རུང་སོ་སོ་ཅིག་འབད་སར་འགྱོ་སྟེ་ ཏོག་ཏོག་ཏོག་བཏང་འབདཝ་དོ་མས་ དབའི་ཁོ་རེད་ ངེའི་ཨ་ཁུ་གི་སྦ་ཨིན་སྨ་རེད་མ་དཀྲོགས་ཤིག་ ཟེར་སླབ་སླབ་མས། ད་རུང་གཅིག་དཀྲོགས་བལྟ་དོ་མས་ ངེའི་ཨ་པ་གི་སྤག་ཤིང་ཨིན་སྨ་རེད་མ་དཀྲོགས་ཤིག་ཟེར་ སླབ་སླབ་མས་ དེ་སྦེ་སླབ་ཅི་སླབ་ཅི་ མ་བྱིནམ་མས་ ཏེ་དེ་ལས་ ཉ་མ་ཐོབ་མས།
  • ཆོས་འཛོམས་ Chozom
    དེ་ལས་ ཁོ་གིས་རྟིང་བདའ་སྟེ་ ཁོ་གི་སྦ་བཤུབ་སྟེ་བཀོ་བཏང་པའི་ ཚར་ཤུལ་འཐུ་འབག་སྦེ་ མར་བཟེད་བཟེདཔ་མས་ཏེ་ཁོ་གིས་ དེ་བསྒང་ལུ་ཉ་གནམ་མེད་ས་མེད་སྦོམ་ཙང་ཙ་འཁྱིལ་སྡོད་ནུག་ཟེར་ཨིན་པས། ཉ་སྦོམ་སྦོམ་ཐོབ་སྦེ་ ཉ་གསད་མ་ཚུགས་པར་ པོང་པོང་བཏང་བརྡུང་དོ་མས་ཁོ་གིས་ ཆུའི་མཐའ་མར་ དེ་འབདཝ་ད་ སྤྱ་ཀྲང་ཀྲིང་བཏང་བལྟ་བར་ལྷོད་ལྷོདཔ་མས་ ཏེ།
  • ཆོས་འཛོམས་ Chozom
    དབའེ་ག་ཅི་འབད་དོ་ཁྱོད་ ཟེར་སླབ་དོ་མས་ ག་ཅི་པ་ཅ་ལི་པོང་ཅ་ལི་བཏང་བརྡུངམ་སྨོ་ཁྱོད་ ཟེར་སླབ་དོ་མས། པ་ཅ་ལི་ཡང་བརྡུང་འོང་ པོང་ཅ་ལི་ཡང་བརྡུང་འོང་ང་ར་ ཁྱོད་ཀྱི་སྦ་འདིནི་ ཁྱོད་ཀྱིས་མ་བྱིན་ ཟེར་སླབ་སླབ་མས། དེ་ལས་འབད་དོ་མས་ཏེ་ དེ་ལས་ འམ་་་ད་ངེའི་ཨེན་ཏའི་ཁྱིམ་ནང་ཟ་བར་འབག་གེ་སྨེ་ཁོ་རེད་ ཟེར་སླབ་སླབ་མས། མི་དགོ་ང་རའི་ཁྱིམ་རོ་ཁོག་ནང་ཟ་འོང་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    ངེའི་ཨེན་ཏའི་ཁྱིམ་ནང་འབག་གེ་ས་ མི་དགོ་ང་རའི་ཁྱིམ་རོ་ཁོག་ནང་ཟ་འོང་ཟེར་ སླབ་སླབ་མས་ཁོ་གིས་ དེ་ལས་སྤྱ་དྲག་སྟེ་ ཨེན་ཏའི་ཁྱིམ་ནང་འབག་འབགཔ་མས་ཏེ་འབག་འབད་ ཁོ་གིས་འབག་འབད་ ངེའི་ཨ་ཞང་དང་ ཨ་པ་དང་ཨའི་འདི་ཚུ་ འབོ་བར་འགྱོ་ཤིག་ཁྱོད་ཟེར་ སླབ་སླབ་མས་ཏེ་ ཁོ་གིས་སྤྱ་གིས་ བཙོ་མ་ཚརཝ་ལས་རང་ ཨ་ནཱི་ཡར་ཐབ་ཁར་ལས་མ་བཏོནམ་ལས་ སླབ་དོ་མས་ཏེ་ འགྱོ་ཤིག་ངེའི་ཕམ་ཚུ་འབོ་བར་ དེ་འབདཝ་ད་འགྱོ་དོ་མས་ཏེ།
  • ཆོས་འཛོམས་ Chozom
    འགྱོ་དོ་མས་ཁོ་ར་ མར་གཅིག་ཁར་འགྱོ་སྟེ་ ཨོ་འོ་ཨ་ཞང་ཉ་ཟ་བར་ཤོག་ལོ་ཟེར་ སླབ་དོ་མས་ དེ་ལས་ སྐད་རང་མེད་དོ་མས་ ཤོབ་རྐྱབ་དོ་མས་ཏེ་ཁོ་གིས་ ཁའེ་ཁྱོད་ནཱ་རང་ཨིན་པས་ཏེ་ ནཱ་འདི་ག་ཏེ་འོང་ནི་ཏེ་ མར་རང་འགྱོ་མས་ཏེ་ཟེར་ སླབ་སླབ་མས་ མར་རང་འགྱོ་འགྱོཝ་མས་ མར་འགྱོ་སྦེ་ དབའེ་ཨ་ཁུ་ ཨ་ཞང་ཤོག་ལོ་ཉ་ཟ་བར་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    སྐད་རང་མེདཔ་ཨིན་པས་ ཁའེ་ནཱ་རང་ཨིན་པས་ཁྱོད་ཡང་ མར་རང་འགྱོ་ད་ཨ་ཙི་ཅིག་ ཟེར་སླབ་སླབ་མས་ ད་རུང་མར་རང་འགྱོ་འགྱོཝ་མས་ཏེ་ ཁོ་ཐག་རིང་ས་རང་ཐལ་ཐལཝ་མས་སྐད་རྐྱབ་ཅི་རང་ ཨཱ་་་ཉ་བཏོན་འབག་སྦེ་ ཤིང་ཐོག་ཁར་ཟ་བར་འབག་འབགཔ་མས་སྤྱ་གིས་ ཤིང་གི་ཐོག་ཁར་ཟ་བར་འབག་སྦེ་ ཁོ་གིས་ཟ་ཚར་དོ་མས་ཏེ་ཧ་ལམ་ ལོག་སྟེ་འོང་པའི་སྐབས་ལུ་ ཉ་འདི་མིན་འདུག་ལོ་ཏེ་ ཤིང་ཐོག་ཁར་ཟ་བར་འབག་ནུག་ཟེར་ ཨིན་པས་ལོ་ཏེ་ ཨ་ཞང་དང་ཨ་ཁུ་ཚུནི་ག་ནི་མ་འཕྱད་པས་ཏེ་ དེ་ལས་ལོག་འོང་སྦེ་ དེ་ལས་ རྟིང་བདའ་སྟེ་སོང་ནུག་ཏེ་ ཤིང་གི་རྩ་བར་འགྱོ་སྟེ་ ཨའེ་ང་ར་ལུ་ཡང་ བགོ་བཤའ་རྐྱབ་གནང་ ཟེར་སླབ་དོ་མས་ཏེ་ མས་བྱིན་དོ་མས་ཏེ་ཁོ་གིས།
  • ཆོས་འཛོམས་ Chozom
    ཤིང་གི་ཐོག་ཁ་ལུ་ཟ་ཡི་རང་སྡོད་དོ་མས་ཏེ་ དེ་བསྒང་གསེར་སྦྱངམ་འོང་མས་ལོ་ཧེ་མ་རང་ ངེ་རིང་ངེ་རིང་བཏང་སྟེ་ ཨའེ་ཨ་ཅོ་རུས་སྦལ་ག་ཅི་འབད་སྔུཝ་སྨོ་ ཟེར་སླབ་སླབ་མས་ ངེའི་ཉ་འདིནི་ཤིང་གི་ཐོག་ཁར་ཟ་བར་འབག་སོང་ཡི་སྤྱ་གིས་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    ང་འགྱོ་གེ་སྨ་རེད་ཟེར་འགྱོ་སྦེ་ ཁོ་གིས་ ཉ་ཟ་ནི་སྦེ་ འ་ནཱི་སྦེ་སྡོད་པའི་བར་ན་རང་ བརྡུངས་བྱིན་བྱིནམ་མས་ལགཔ་ཁ་རང་ དེ་འབདཝ་ད་ཉ་ཀོག་ཏོ་གཅིག་ཤོར་སོང་སོངཔ་མས་ དེ་ལས་འདི་འཐུ་ཟ་ཟཝ་མས་ཏེ་ས་ཁ་ལས་རུས་སྦལ་འདི་ ད་རུང་ཨ་ཙི་ཅིག་ཁར་སྔུ་སྡོད་སྡོདཔ་མས། དེ་ལས་ སྦྱངམ་པོ་ཏོམ་ཟེར་མི་འདི་འོང་དོ་མས་ འ་ནཱི་གིས་ག་ཅི་འབད་སྔུཝ་སྨོ་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    ངེའི་ཉ་ཤིང་ཐོག་ཁར་ཟ་བར་འབག་ཡི་སྤྱ་གིས་ ཟེར་སླབ་སླབ་མས། ད་རུང་འགྱོ་དོ་མས་ཏེ་ ང་འགྱོ་གེ་སྨ་རེད་ཟེར་འགྱོ་སྦེ་ ད་རུང་བརྡུངས་བྱིན་དོ་མས་ ད་རུང་ཀོག་ཏོ་གཅིག་ཤོར་སོང་སོངཔ་མས་ ཨ་ཙ་ཙ་ ཨ་ཙ་ཙ་འབདཝ་ད་ ཤོར་འགྱོ་དོ་མས་ ཁོ་གིས་ད་རུང་ཁམ་ཏོ་གཅིག་ཟ་ནི་ཐོབ་ཐོབ་མས་ དེ་ལས་ཨ་ཙི་ཅིག་ཁ་ལས་ སྦྱངམ་[འཇིམ་རྔམ་?]གིས་ ངེ་རིང་ངེ་རིང་བཏང་འོང་སྦེ་ ཁྱོད་ག་ཅི་འབད་སྔུཝ་སྨོ་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    ངེའི་ཉ་སྤྱ་གིས་ཤིང་ཐོག་ཁར་ཟ་བར་འབག་ཡར་སོ་ཡི་ ང་ར་འདིནི་ཤིང་གུ་འཛེགས་མ་ཚུགས་ ཟེར་སླབ་སླབ་མས་ ད་རུང་ང་འགྱོ་གེ་སྨ་རེད་ཟེར་ འགྱོ་འགྱོཝ་མས་ཏེ་ ཨཱ་ཁོ་གིས་ རྫམ་བཤེད་ས་གུ་ལུ་བརྡུངས་བྱིན་སྦེ་ ཀ་ལ་རྫམ་དང་སྦྲགས་ཏེ་ ཤོར་སོང་སོངཔ་མས་ཏེ་ ཨཱ་ཤོར་སོང་སྦེ་ དེ་ལས་ཁོ་གིས་འཐུ་སྦེ་ཟ་དོ་མས་ཏེ་ དེ་ཅིག་གི་བར་ན་སླབ་དོ་མས་ ཏེ་དབའེ་ང་ཡང་མ་ཟ་སྨ་རེད་སྒུགས་ཤིག་སྒུགས་ཤིག་ཟེར་ སླབ་དོ་མས་ཏེ་ ཤིང་གུ་ལས་བབས་མ་ཚརཝ་ལས་སྤྱ་གིས།
  • ཆོས་འཛོམས་ Chozom
    དེ་ལས་ འར་འུར་བཏང་རུབ་སྟེ་ཟ་སྦེ་འགྱོ་དོ་མས་ཏེ་ཁོང་གཉིས་ འགྱོ་སྦེ་ཡར་ལྷོདཔ་ད་ལུནི་ ཚལ་ལུ་གི་ཤིང་གཅིག་འཕྱད་འཕྱདཔ་མས་ཏེ་ ཚལ་ལུ་གི་ཤིང་གཅིག་ལྟེམ་ལྟེ་འབད་དེ་བཏགས་བཏགསཔ་ཅིག་འཕྱད་འཕྱདཔ་མས་ཁོང་གཉིས་ ཁོ་གིས་སླབ་དོ་མས་ཏེ་ སྤྱ་གིས་ཡུདཔ་ཐེངས་ཅིག་གི་ནང་ ཤིང་གུ་འཛེགས་ཏེ་ཟ་དོ་མས་ཏེ་ དེ་ལས་རུས་སྦལ་འདི་ཤིང་གུ་འཛེགས་མི་ཚུགས་དོ་མས་ཏེ།
  • ཆོས་འཛོམས་ Chozom
    ཨཱ་ཡར་གྱི་འདི་ང་ལུ་བྱིན་གནང་མས་ ཟེར་སླབ་སླབ་མས་ ཨེའེ་་་་་ཨ་ནཱི་ཡ? ཨ་ནཱི་འདི་ང་ར་ཟ་འོང་སྨེ་ཟེར་ ཁོ་ར་ཟ་ཟཝ་མས་ ད་རུང་ཨ་ཡར་གྱི་འདི་ང་ལུ་གཏང་གནང་མས་ ཟེར་སླབ་སླབ་མས་ ཨེའེ་་་་་ཨ་ནཱི་ཡ? ཨ་ནཱི་འདི་ང་ར་ཟ་འོང་བ་ཟེར་ ད་རུང་ཁོ་ར་ཟ་དོ་མས་ དེ་ལས་ མི་བྱིན་དོ་མས་ཏེ་ མ་བྱིན་པར་ ཁྱོད་ཡང་འོང་ན? ཤིང་ཐོག་ཁར་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    འོང་ནི་ཟེར་ སླབ་སླབ་མས་ཁོ་ར་འདིནི་ སྤྱ་གིས་འབག་སྟེ་ ཤིང་གི་ཐོག་ཁར་བཀལ་བཀཝ་མས་ཏེ་ཁོ་ དེ་ལས་ཤིང་གི་ཐོག་ཁར་བཀལ་སྦེ་ ཤིང་གི་སྦུག་ལུ་སྒྲིང་སྒྲིང་བཏང་ [ལྟིར་?]བཞག་བཞགཔ་མས་རུས་སྦལ་འདི་ དེ་ལས་ ནང་རྡོག་སྟེ་སྡོད་དོ་མས་ཏེ་ སྤྱ་འདི་མཐོང་ས་རང་མེདཔ་སྦེ་ཡར་སོངཔ་མས་ཏེ་ ནང་རྡོག་སྟེ་ག་དེ་སྦེ་འབདན་ན་ཟེར་ ང་འདི་འབབ་མི་ཚུགས་ནི་མས་ཟེར་ དེ་ཅིག་གི་བར་ན་ལུ།
  • ཆོས་འཛོམས་ Chozom
    ཨ་ནཱི་འོང་མས་ཟེརཝ་མས་ལོ་ འགོ་དང་པ་རང་གཟིག་འོང་མས་ཟེརཝ་མས་ལོ་ དབའེ་ཨ་ཅོ་གཟིག་ང་ཕབ་གནང་མས་ཁྱོད་ཀྱིས་ ཟེར་སླབ་སླབ་མས་ ཟ་བཅུག་ག་ཁྱོད་ཀྱིས་ ཟེར་སླབ་སླབ་མས་ ཟ་འདི་མི་བཅུག་ ཟེར་སླབ་སླབ་མས་ ཨཱ་ཟ་མ་བཅུག་པ་ཅིན་ ང་ལས་སྦོམ་པའི་དཔོན་གཅིག་འོང་དེས་ ཨ་ཛའི་ཛའི་ཟེར་ ཡར་སོང་ཡི་ལོ་ དེ་ལས་ཨ་ཙི་ཅིག་ཁ་ལས་འབད་བ་ཅིན་ སེམས་ཅན་སྟག་འོང་དོ་མས་ཏེ།
  • ཆོས་འཛོམས་ Chozom
    དབའེ་ཨ་ཅོ་སྟག་ ང་ཕབ་བྱིན་གནང་ཁྱོད་ཀྱིས་ ཟེར་སླབ་སླབ་མས་ ཟ་བཅུག་ག་ཁྱོད་ར་ ཟེར་སླབ་སླབ་མས་ ཟ་འདི་མི་བཅུག་ ཟེར་སླབ་སླབ་མས་ཏེ་ ཟ་མ་བཅུག་པ་ཅིན་ང་ལས་སྦོམ་པའི་དཔོན་གཅིག་འོང་དེས་སྨེ་ ཨ་ཛའི་ཛའི་ ཟེར་སླབ་སླབ་མས་ དེ་ལས་འདི་གི་ཤུལ་ལས་ སེང་གེ་འོང་དོ་མས་ སེངྒེ་ལུ་ ཨའེ་ཨ་ཅོ་སེངྒེ་ ང་ཕབ་བྱིན་གནང་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    ཟ་བཅུག་ག་ཁྱོད་ར་ ཟེར་སླབ་སླབ་མས་ ཟ་འདི་མི་བཅུག་ ཟེར་སླབ་སླབ་མས་ ཟ་མ་བཅུག་པ་ཅིན་ ང་ལས་སྦོམ་པའི་དཔོན་འོང་དོ་སྨ་རེད་ཟེར་ ད་རུང་འགྱོ་འགྱོཝ་མས་ཏེ་ དེ་ལས་ ཨ་ནཱི་འོང་དོ་མས་ཏེ་ གུང་ གུང་མེན་པར་ཐིག་ ཐིག་འོང་དོ་མས་ ཐིག་འོངམ་ད་ལུ་ ཐིག་གི་ཤ་འབད་བ་ཅིན་ཟ་འོང་ལོ་མེན་ན་ང་བཅས་ཚུ་གིས་ འ་ནཱི་ཐིག་འོངམ་ད་ལུ་ ཨའེ་ཨ་ཅོ་ཐིག་ ང་ཕབ་བྱིན་གནང་ ཟེར་སླབ་དོ་མས་ དེ་འབདཝ་ད།
  • ཆོས་འཛོམས་ Chozom
    ཟ་བཅུག་འོང་ག་ཁྱོད་ར་ ཟེར་སླབ་སླབ་མས་ཏེ་ ཟ་ཡང་བཅུག་འོང་ད་ ཟེར་སླབ་སླབ་མས་ཏེ་ དེ་ལས་ ཕབ་ནི་འདི་མེན་པས་ཏེ་མེན་ན་ མར་ས་ཁར་མཆོང་ནི་འདྲོག་དོ་མས་ཏེ་ཁོ་ རོགས་ཀྱི་ཐོག་ཁར་མཆོང་ནི་འདི་ མ་འདྲོག་དོ་མས་ དེ་ལས་ ཁྱོད་ག་ཕུབ་རྐྱབ་སྟེ་སྡོད་ཤིག་ ང་ཁྱོད་ཀྱི་ཐོག་ཁར་མཆོང་གེ་ ཟེར་སླབ་སླབ་མས་ཏེ་ དུམ་གྲ་ཅིག་ཐིག་འདི་སྦོམ་སྦེ་རང་ཡོད་དོ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ ཁྱོད་ཀྱིས་ཨ་ནཱ་མ་མཆོང་སྨ་རེད་ ཨ་ནཱ་མཆོང་པ་ཅིན་ འ་ནཱ་ལུ་མཆོང་སྨ་རེད་ ཟེར་སླབ་སླབ་མས་ཏེ་ དེ་ལས་ ག་ཕུབ་རྐྱབ་སྟེ་སྡོད་དོ་མས་ཁོ་ ཨཱ་ཁོ་གིས་ ཨ་ནཱ་མཆོང་འོང་ག་ཏེ་ ཨ་ནཱ་རང་མཆོང་མཆོངམ་མས་ཏེ་ ཁོ་ཟ་ནི་ལུ་འདྲོག་སྟེ་ དེ་ལས་ ཨ་ཙི་གུ་མཆོངམ་ད་ ང་བཅས་མི་རང་འབད་རུང་ ཧེད་བཏང་ཤི་འོང་བ་ དེ་ལས་ ཤི་ཤིཝ་མས་ཏེ་ ཁོ་མཆོང་འོངམ་ད།
  • ཆོས་འཛོམས་ Chozom
    ཤི་སྟེ་ བསད་བཞག་བཞགཔ་མས་ཁོ་གིས་ བསད་བཞག་སྦེ་ ཡར་ལྷོད་ལྷོདཔ་མས་ཏེ་ ཁོ་གི་རྟིང་བདའ་སྟེ་འགྱོ་བ་ཅིན་ ཁོ་འདི་མ་འཕྱད་པས་སྤྱ་འདི་ ཡར་ལྷོདཔ་ད་ལུནི་ ཁོང་འབད་བ་ཅིན་ གཡུས་ཅིག་གི་ནང་ གནམ་མེད་ས་མེད་ ཚེས་བཅུ་འབད་དེ་ ག་ཅི་འདེ་འདུག་ལོ་མི་འཛོམས་ཏེ་ ཁོ་འགྱོ་སྦེ་ ཕྱེན་ཐེངས་ཕོག་གཅིག་ པུང་བཏང་ བཏང་བྱིན་བྱིནམ་མས་ལོ་ཁོ་གིས།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ ག་ཤ་འབག་སྟེ་འོང་ཡི་ ག་ཤ་འབག་སྟེ་འོང་ ག་ཤ་འབག་སྟེ་འོང་ཡི་ཟེརཝ་མས་ལོ་རོགས་ཀྱིས་ དེ་འབདཝ་ད་ ང་ཨིན་ང་ ཟེར་སླབ་སླབ་མས་ཁོ་གིས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨའེ་ཤ་ཁ་ནང་ཟེརཝ་ད་ལུ?
  • ཆོས་འཛོམས་ Chozom
    ཤ་འདུག་ཟེར་ སླབ་པར་འོངམ་ད་ཕྱེན་བཏང་ནི་སྡོད་སྡོདཔ་འདྲས་མེན་ན་དང་ཕུ་ འ་ནི་གིས་ཨིན་པས། དེ་འབདཝ་ད་ འགྱོ་དོ་མས་ཏེ་ཁོ་ ཨ་ནཱི་སླབ་དོ་མས་ཏེ་ ང་ཨིན་ང་ཟེར་ དེ་ལས་བྱིན་ཤིག་བྱིན་ཤིག་ཆང་བྱིན་ཤིག་ ཇ་བྱིན་ཤིག་ ལྟོ་བྱིན་ཤིག་ཟེར་ བྱིན་བྱིནམ་མས་ཏེ་ཁོ་ལུ་ ཇ་ལྟོ་བྱིན་སྦེ་ དེ་ལས་ སླབ་དོ་མས་ཏེ་ ཡོད་ག་ཤ་ ཟེར་སླབ་སླབ་མས་ ཡོད་མར་ཚལ་ལུ་ཤིང་གི་རྩ་བར་ ཟེར་སླབ་སླབ་མས་ དེ་ལས་ ག་ཅི་དང་ག་ཅི་རང་འབག་འགྱོ་དགོ་ག་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    ཙེའུ་ སྟ་རེ་ དཔའ་རྟགས་འདི་ཚུ་འབག་དགོ་སྨ་རེད་ ཟེར་སླབ་སླབ་མས་ཁོ་གིས་ དེ་ལས་ འབག་སྟེ་འགྱོ་དོ་མས་ཏེ་ མར་འགྱོ་བ་ཅིན་ ག་ཏེ་སྨོ་ཤ་རུས་སྦལ་ ཟེར་སླབ་སླབ་མས་ མར་རང་འགྱོ་ཤིག་ ཟེར་སླབ་སླབ་མས་ ད་རུང་འགྱོ་དོ་མས་ ད་རུང་ག་ཏེ་སྨོ་ཤ་རུས་སྦལ་ ཟེར་སླབ་སླབ་མས་ མར་རང་འགྱོ་སྨེ་ ཟེར་སླབ་སྟེ་ ད་རུང་འགྱོ་དོ་མས་ ད་རུང་མར་ཨིན་ ཟེར་སླབ་དོ་མས་ཁོ་གིས།
  • ཆོས་འཛོམས་ Chozom
    མར་ཚལ་ལུ་ཤིང་གི་རྩ་བར་ཡོད་ཟེར་ སྟོན་བྱིན་སྦེ་ དེ་ལས་ཤ་བཏོག་སྟེ་ གནམ་མེད་ས་མེད་མི་དགུ་དང་བཅུ་ཐམ་འབད་རུང་ ཨ་ནཱི་ཤ་འབག་མི་ཚུགས་དོ་མས་ཏེ་ གནམ་མེད་ས་མེད་ཤ་ དེ་ལས་འབག་སྦེ་ དེ་ལས་ཁོ་ལུ་ ཏེ་ཁྱོད་ལུ་ཤ་གི་རིན་ག་ཅི་དགོ་ནི་ ཟེར་སླབ་སླབ་མས་ཏེ་ དེ་འབདཝ་ད་ ག་ནི་ཡང་མི་དགོ་ ཟེར་སླབ་ནུག་མེན་ན་ཁོ་གིས་ དེ་ལས་ ཁོ་ལུ་བྱིན་རང་བྱིན་པ་ཅིན་ ཨ་ནཱི་བྱིན་གནང་ཟེར།
  • ཆོས་འཛོམས་ Chozom
    པུ་དོང་ཆེམ་འབད་མི་བྱིན་གནང་ཟེར་ པུ་་་་དོང་་་་ཆེམ་་་པོ་ཏོང་་་ཏི་ལིང་འབད་མི་བྱིན་གནང་ ཟེར་སླབ་སླབ་ཨིན་ལོ་ཁོ་གིས་ འ་ནཱི་བྱིན་བྱིནམ་མས་ཏེ་ དེ་ལས་ པུ་དོང་ཆེམ་ཟེར་མི་འདི་ ཨ་ནཱི་ཨིན་པས་ཏེ་ རོལ་མོ་ རྔ་ དེ་ལས་ དུང་དཀར་ དེ་ལས་ འདི་ཚུ་བྱིན་དོ་མས་ཏེ་ པོ་ཏོང་པ་ ཏི་ལིང་པ་ཚུ་བྱིན་དོ་མས་ཁོ་ལུ་ འ་ནཱི་བྱིན་སྦེ་བཏང་བཏངམ་མས་ རིན་གོང་རང་འ་ནེ་ཅིག་ཨིན་པས་ དེ་ལས་ཡར་སྤོག་ཏོ་གུ་འགྱོཝ་སྦེ།
  • ཆོས་འཛོམས་ Chozom
    པུ་་་དོང་་་་ཆེམ་་་་་པོ་ཏོང་་་་ཏི་ལིང་བཏང་ བཏང་སྡོད་པའི་ལོ་ཁོ་ར་རྐྱངམ་ཅིག་ དེ་འབདཝ་ད་ ཁོ་གི་ཆ་རོགས་ལྷོད་དོ་མས་ཏེ་ད་རུང་ མིག་ཏོ་རང་ཀྲང་ཀྲིང་བཏང་སྦེ་ལྷོད་ཅི་ཟེརཝ་མས་ལོ་ཏེ་ ཛའི་ག་ཏེ་ལས་ཐོབ་ཅི་ཁྱོད་ར་འབདནི་ ཟེར་སླབ་མས་ཟེརཝ་མས་ལོ་ ག་དེ་སྦེ་ཐོབ་ཅི་ ག་གིས་བྱིན་དེས་ ཟེར་སླབ་དོ་མས་སྤྱ་གིས་ དེ་འབདཝ་ད་ སླབ་དོ་མས་ཏེ་ ཁྱོད་ཀྱིས་ང་ཤིང་གུ་བཀོ་བཞག་སྦེ་ ང་འབབ་མ་ཚུགས་པར་སྡོདཔ་ད་ལུ།
  • ཆོས་འཛོམས་ Chozom
    རོགས་ཐིག་འོང་སྟེ་ ཁོ་ཕབ་བཅུག་སྟེ་ ཁོ་གུ་མཆོང་ ཁོ་བསད་དེ་ ཁོ་གི་ཤ་རོགས་ལུ་བྱིན་ཏེ་ འ་ནཱི་གི་རིན་གོང་བྱིན་བྱིནམ་ཨིན་ ཟེར་སླབ་སླབ་མས་ཏེ་ ཤ་གི་རིན་གོང་ཐོབ་ཐོབ་ཨིན་ ཟེར་སླབ་སླབ་མས་ཏེ་ ཨཱ་དེ་འབད་བ་ཅིན་འདི་ ང་ཡང་འགྱོཝ་དྲག་ནི་མས་ཟེར་ དེ་ལས་ཁོ་ཡང་ ཏོར་ཏོ་ལ་གཅིག་ཡར་བདའ་མར་བདའ་འབད་དེ་ ཏོར་ཏོ་ལ་བསད་བཏང་སྦེ་ ཤིང་གི་འདབ་མའི་ནང་ ཤོམ་འདབ་ནང་སྤུར་འབད་བཞག་དོ་མས་ལོ་ཁོ་གིས་ བཞག་སྦེ་ དེ་ལས་
  • ཆོས་འཛོམས་ Chozom
    དེ་ལས་རོགས་མི་དམངས་ཀྱི་སྦུག་ན་འགྱོ་སྦེ་ ཕྱེན་པུང་བཏང་དོ་མས་ལོ་ཁོ་གིས་ཡང་ དེ་འབདཝ་ད་ག་ཤ་འབག་འོང་ག་ ག་ཤ་འབག་འོང་ག་ཟེར་ ང་ཨིན་ང་ཟེར་ འབད་འབདཝ་མས་ལོ་ཁོ་གིས་ དེ་ལས་ ག་ཏེ་ཡོད་ཤ་སྤྱ་འབད་བ་ཅིན་ མར་ཡོད་ཟེར་ སླབ་སླབ་མས་ཏེ་ བྱིན་ཤིག་བྱིན་ཤོག་ཁོ་ལུ་ ལྟོ་བྱིན་ཤིག་ ཇ་བྱིན་ཤིག་ཟེར་ བྱིན་དོ་མས་ཏེ་ད་རུང་།
  • ཆོས་འཛོམས་ Chozom
    ལྟོ་ སྦང་ཆང་འདི་ཚུ་ བྱིན་དོ་མས་ཏེ་ དེ་ལས་ བྱིན་ཟ་སྦེ་ འགྱོ་ཤིག་འགྱོ་གེ་ཟེར་ འགྱོ་དོ་མས་ཏེ་ ག་ཅི་འབག་དགོ་ཟེརཝ་ད་ ད་རུང་ཙེའུ་ དང་འདི་ཚུ་འབག་དགོ་ཟེར་ སླབ་དོ་མས་ཁོ་གིས་ཡང་ འབག་སྦེ་འགྱོ་དོ་མས་ཏེ་ འགྱོ་སྟེ་ མར་ཧ་ལམ་ཅིག་ལྷོད་ལྷོདཔ་མས་ ག་ཏེ་སྨོ་ཤ་སྤྱ་ ཟེར་སླབ་སླབ་མས་ མར་རང་འགྱོ་མས་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    ད་རུང་འགྱོ་དོ་མས་ ཀྱེ་ཤ་སྤྱ་ ཟེར་དོ་མས་ མར་རང་འགྱོ་མས་ ཟེར་སླབ་སླབ་མས་ ཀྱེ་ཤ་སྤྱ་ཟེར་དོ་མས་ མར་རང་འགྱོ་མས་ ཟེར་སླབ་དོ་མས་ ལྟ་མ་ག་ཏེ་ཡང་འཕྱད་ནི་མིན་འདུག་ཁོ་གི་འདི་ ལྟ་མ་འབདཝ་ད་རྐངམ་གི་རྩ་བར་ ཨ་ནཱ་བལྟ་ཤིག་ཟེརཝ་མས་ལོ་ དེ་བསྒང་ལུ་འདབ་མ་གི་ནང་ན་སྤུར་ཏེ་འདུག་ལོ་ནཱ་ལུ་ དེ་ལས་ཏེ་ འམ་ཤ་ཨ་ནཱི་ཨིན་ན་ཟེར་བ་ཅིན་ ཨིན་ཟེར་སླབ་དོ་མས་ཏེ་ དེ་ལས་ཤ་བཀོ་བཞག་སྦེ་ཁོ་ར་ཁྱིམ་ནང་འཁྱིད་སྦེ།
  • ཆོས་འཛོམས་ Chozom
    ཨཱ་་་སྒོ་ག་ར་སྒྲིང་སྒྲིང་བསྡམས་ སྒོ་སྒྲིག་འདི་ཚུ་ག་ར་བསྡམས་སྦེ་ དྲང་བཏང་བཏངམ་མས་ཏེ་ཁོ་ར་ བླ་མ་མཁྱེན་ནོ་ མི་དམངས་འབད་དེ་ དྲང་བཏང་བཏངམ་མས་སྤྱ་འདི་ དེ་སྦེ་དྲངམ་ད་ལུ་ བླ་མ་མཁྱེན་ནོ་ ལྟ་མ་འབདཝ་ད་ པགས་ཀོ་རང་བཤུབ་སྟེ་ འགྱོ་འགྱོཝ་མས་ཏེ་ཁོ་འདི་ པགས་ཀོ་སློང་སྟེ་རང་ དེ་ལས་འགྱོ་དོ་མས་ བཏང་བཏངམ་མས་ཏེ་ བཏང་སྦེ་མཇུག་མ་འདི་ཚུ་ཡང་ སྤུ་ག་ཏེ་ཡང་མེད་པར་ ཅ་ཀྲེང་ཀྲེང་བཏང་ མར་གཟུགས་ཡང་ག་ར་ བཤུབ་འགྱོ་འགྱོཝ།
  • ཆོས་འཛོམས་ Chozom
    དེ་ལས་འགྱོ་དོ་མས་ཏེ་འགྱོ་སྦེ་ ཁོ་རའི་ཨམ་སྲུ་འབད་སར་འགྱོ་དོ་མས་ཏེ་ ཨམ་སྲུ་དང་ཨ་ལོ་ཚུ་ལུ་ ཤ་འབག་དོ་སྨ་རེད་ཆུ་ཚན་བསྐོལ་ཤིག་ ཟེར་སླབ་དོ་མས་ཏེ་ཁོ་གིས་ ཆུ་ཚན་བསྐོལ་ཤིག་ ཤ་འབག་དོ་སྨ་རེད་ཟེར་ འགྱོ་དོ་མས་ཏེ་ ལྟ་མ་འབདཝ་ད་ལུ་ ཨམ་སྲུ་གིས་ཆུ་ཚན་བསྐོལ་སྦེ་བཞག་བཞགཔ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ཁོ་ར་ཆུ་འཁྱུ་ནི་ཨིན་པས་ཏེ་ ཁྲག་འཁྱུ་བཏང་ནི་འབད་ དེ་ལས་ཕར་ལྷོད་དེ་ དེ་ལས་ཨམ་སྲུ་གིས་ ཆུ་བླུགས་དོ་མས་ཏེ་ ཨམ་སྲུ་གིས་ ཆུ་བླུགས་ཅི་བླུགས་ཅི་ ཆུ་ཨ་ཙི་རེ་བླུགསཔ་ད་ ཨ་པ་ནེར་ནེར་བཏང་འབད་དོ་མས་ གཟུགས་ནེར་ནེར་བཏང་བཟོ་དོ་མས་ དེ་འབདཝ་ད་ ད་རུང་བླུགས་དོ་མས་ ད་རུང་ནེར་ནེར་བཏང་བཟོ་དོ་མས་ འཚིགས་དོ་མས་མེན་ན་ཏེ་ དེ་འབདཝ་ད་ ཨ་ལོ་ཚུ་གིས་ ཨ་པ་བགའཝ་མས་ ཨ་པ་བགའ་དེས་ཟེར་ འབད་དོ་མས་ལོ་ ཨ་པ་ནེར་ནེར་བཏང་བཟོཝ་ད་ ཨ་པ་བགའཝ་མས་ ཨ་པ་བགའཝ་མས་ཟེར་འབད་དོ་མས་ལོ་ ཨ་ལོ་ཚུ་གིས།
  • ཆོས་འཛོམས་ Chozom
    ལྟ་མ་འབདཝ་ད་ ནེར་ནེར་བཏང་འབད་བའི་བར་ན་རང་ ཨ་པ་ཤི་ཤིཝ་མས་ཏེ་ ཨ་པ་དེ་ཁར་རང་ ཆུ་ཚན་བླུགས་ཅི་བླུགས་ཅི་རང་འབགཔ་ད་ལུ་ དེ་འབདཝ་ད་ཨ་པ་བགའ་དེས་ཟེར་ ལུས་ལུསཔ་ཨིན་ལོ་ཨ་ལོ་ཚུ་ དེ་ལས་འ་ནེ་ཅིག་ དང་ཕུ་འབད་བ་ཅིན་གཏམ་ ད་ལྟོ་སྲུང་ བྱ་ཀང་ཀུ་རུ་གི་མཇུག་མ་ཕྱེད་ཀ་ཟ་ ཕྱེད་ཀ་བཀོ་ད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    སྲུང་གི་ད་བཅུད་དོན་འབད་བ་ཅིན་ ག་ཅི་ཨིན་ན་སྨོ་ད་ མི་ལུ་མགུ་སྐོར་རྐྱབ་མི་བཏུབ་ཟེར་བའི་དོན་ཨིན་ན?
  • ཆོས་འཛོམས་ Chozom
    ཨིན་པས་ མི་ལུ་མགུ་སྐོར་རྐྱབ་མི་བཏུབ་ ཁོ་གིས་གནམ་མེད་ས་མེད་མགུ་སྐོར་རྐྱབ་ནུག་མེན་ན་ཏེ་ ཁོ་ལུ་བལྟ་ཤིག་ཉ་བཟུང་པ་ཅིན་ སྦ་མ་བྱིན་ སྦ་འབད་བ་ཅིན་ ཁོ་གི་ཨ་ཞང་དང་ ཨ་ཁུ་གི་ཨིན་ཟེར་བཞག་ནུག དེ་ལས་ ཁོ་ཚར་ཤུལ་གྱི་འབད་ ཁོ་གིས་བཀོ་མི་ཚར་ཤུལ་གྱི་འཐག་འབག་སྟེ་འགྱོ།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ལུ་ ཁོ་གིས་ཉ་ཐོབ་ད་ ཁོ་གིས་ཤིང་ཐོག་ཁར་ཟ་བར་འབག་ དེ་ལས་ཁོ་ལུ་མགུ་སྐོར་རྐྱབ་ དེ་ལས་ཏེ་ ཚལ་ལུ་ཕབ་བྱིན་གནང་ཟེར་བ་ཅིན་ ཚལ་ལུ་འདི་ག་ནི་ཡང་ཕབ་མ་བྱིན་པར་ ཨ་ནཱི་ཤིང་ཐོག་ཁར་བསྐྱལ་བཞག་སྦེ་ དེ་སྦེ་མགུ་སྐོར་རྐྱབ་མི་བཏུབ་ མི་ལུ་མགུ་སྐོར་རྐྱབ་མི་བཏུབ་ཟེར་བའི་བློ་ཨིན་པས་ཏེ་ མི་ལུ་ང་རྒྱལ་ཕྲག་དོག་དེ་སྦེ་བསྐྱེད་མི་བཏུབ་ཟེར་ཨིན་པས།། །།