Skip to main content Skip to search
15 Feb 2017
8 min 24 sec
Rinchen Dorji
Video Overview
Creators: 
Dawa Tshering, Thinley Dorji

སྤྱི་གཞི་བླ་མའི་བཀྲིས་ཀྱི་སྲུང་ ཧེ་མ་ངོ་མ་སྦེ་འབྱུང་བྱུང་འདི་ ད་རེས་ནངས་པ་ འབྲུག་གི་ ཞིབ་འཚོལ་བ་དང་ གློག་བརྙན་བཟོ་མི་ཚུ་གིས་ གློག་བརྙན་སྦེ་ བཟོ་ཡོདཔ་མ་ཚད་ ཀི་དེབ་སྦེ་ཡང་བཏོན་ཏེ་འདུག། སྲུང་འདི་ནང་ བདུད་ཀྱི་སྤྲུལ་པ་ཨིན་མི་ བླམ་ཅིག་དང་ ཁོ་གི་ སློབ་མ་འཇའ་རོགས་ཨིན་མི་ དགེ་སློང་ཅིག་འདུག། དགེ་བསྙེན་ཁ་ལས་ སྐྱེས་ལོ་ ༧༥ ལངས་མི་ ཨམ་པདྨ་སྒྲོལ་མ་གིས་ སྲུང་འདི་བཏངམ་ཨིན་པས། མོ་གིས་ སྲུང་བཏང་ནི་རྐྱང་ཅིག་མེན་པར་ གཞུང་སྒྲ་དང་ བོད་སྒྲ་འཐེན་ནི་ བློ་ཟེ་དང་ གཙང་མོ་འཐེན་ནི་ནང་ མཁས་དྲགས་ཅིག་ཨིནམ་ད་ མོ་གིས་ སླབ་མི་ནང་ དང་ཕུ་གཞོནམ་སྦེ་སྡོད་པའི་སྐབས་སུ་ དུས་སྟོན་དང་ དགའ་སྟོན་རེ་འབད་བའི་སྐབས་སུ་ ཞབས་བྲོ་འཐེན་ནི་དང་ རྐྱབ་ནི་ནང་ མོ་གིས་ འགོ་ཁྲིདཔ་འབདཝ་ཨིན་ཟེར་མས། ད་རེས་ནངས་པ་ སྲུང་བཏང་ནི་ཚུ་ ཉམས་འགྱོ་དོ་ཡོདཔ་མ་ཚད་ ང་བཅས་ཀྱིས་ ཨང་རྒས་ཨང་རྒས་ སྲུང་བཏང་མི ་མི་མཐོང་པས་ཟེར་ཨིན་པས། 

 

This is an account of Chizhi Lame Tashi’s life, a true story that has recently gained some popularity as researchers and filmmakers from around the country have produced films and books based on it. The two main characters in the story are a lama, or a spiritual teacher, who is believed to be the incarnation of a demon, and his attendant Chizhi Lame Tashi, an intelligent monk who is believed to be a reincarnation of a bodhisattva. Seventy-five-year-old Aum Pema Dolma, the narrator in this video, is a prominent storyteller and expert in folk songs. According to her, this is a story about how the bodhisattva attendant subdued and killed the demonic teacher. Through his intelligence and power, for instance, Tashi manipulated his lama, making him kill a pig, while that was his job as an attendant. In another occasion, while on their way to a village in order to perform a ritual, Tashi and his lama had to spend a night in a cave that had lake just below. Tashi, through his wisdom and ability to read people’s minds, came to know about the lama’s plan of killing him. Therefore, he made his lama’s bed in such a way that in would topple down into the lake. During the night, the lama rolled off the cliff. He displayed then his real demonic form with a fierce face and protruded sharp tusks. Again, the attendant Tashi intelligently manipulated the lama and made him fall into the lake, finally killing him. Thus, this is a humorous and classic folk story that conveys important ideas and concepts related to Buddhist teachings. 

 

Transcript search
No results found for this search
0 of 0
  • པདྨ་སྒྲོལ་མ Pema Dolma
    དང་ཕུ་དིང་ཕུ་ ཏེ་ང་བཅས་ཀྱི་ གཡུས་ཚན་ཅིག་ནང་ལུ་ ཏེ་ཁྱིམ་ ཁྱིམ་ཁོག་ ཁྱིམ་ཅིག་ཡོདཔ་མས། ཁྱིམ་ཕུད་རྡོག་གཅིག ཏེ་ཁྱིམ་འདི་ནང་ལུ་ ཡོད་རུང་མེད་རུང་ བྱཔོ་ཅིག་དང་བྱམོ་ཅིག་ཡོདཔ་མས། བྱཔོ་ཅིག་དང་བྱམོ་ཅིག
  • པདྨ་སྒྲོལ་མ Pema Dolma
    ཏེ་དེ་ལས་ ཨ་ནཱི་བྱཔོ་དེ་དང་བྱམོ་དེ་ལུ་ བྱི་ཅུང་གངམ་ཡོདཔ་མས། ཏེ་དེ་ལས་ ཁོང་ར་ཉི་མ་སྤང་ནང་ཐོན་ ཕྱི་རུ་ཨོ་ཁང་ནང་ལུ་ ཏེ་ཤོ་མོ་(ཤོམ་འདབ་) ཨ་ནཱི་ ང་བཅས་རི་ཁ་ལས་ ཡབ་ཡོད་མེན་ན? ནོར་གྱི་གདན་ཡོད་མེན་ན? འ་ནཱ་འཛུལ་ཉལ། ཏེ་ཉི་མ་སྤང་ནང་ཐོན་སྦེ་ ཏེ་གཟེན་མ་ཟ། ཚལ་མ་ནང་ལས་ཕར་ ཚལ་མ་ཐལ་བ་ཧད་ ཏེ་གཟེན་མ་བསྒྱོམས་ཟ་སྦེ་ སྡོད་དོ་ཡོདཔ་མས།
  • པདྨ་སྒྲོལ་མ Pema Dolma
    ཏེ་ནམ་ཅིག་ཚེ་ བྱཔོ་དེ་དང་བྱམོ་དེ་ ཏེ་ཕྱི་ཐོན་སྦེ་ གཟན་མ་ཟ། བྱི་ཅུང་ཆུང་ཀུ་སྦེ་ འཁྱིད་སྦེ་སྡོདཔ་ཅིག ཡར་གནམ་ཁ་ལས་ཕར་ གཡུ་ཟེར་ ཁྱ་རྒོད་ཡོད་མེན་ན? འ་ནཱི་ཅི་ལི་ལི་ལི་ཅི་ཟེར་འཕུར་ ཏེ་བྱི་ཅུང་འཐུ་ནི་སྦེ་ སྐད་རྐྱབ་འོང་འོངམ་མས། འོངམ་ཅིག་ བྱཔོ་དེ་གིས་སླབ་མས། ཟེར་བས་ལོ། བྱཔོ་གིས་ཁ་སླབ་ཤེསཔ་འདྲས།
  • པདྨ་སྒྲོལ་མ Pema Dolma
    དབའེ་ བྱམོ་མིང་ བྱམོ་སྲིད་ཐར་དཔལམོ་ཟེར། བྱམོ་སྲིད་ཐར་དཔལ་མོ། ཨ་ཡར་ལས་ཕར་ དེམ་འོང་དོ་སྨ་རེད། ང་བཅས་བྱི་ཅུང་ ཁྱ་རྒོད་གིས་འབག་འོང་གོ་ ཟེར་སླབ་སླབ་མས། བྱམོ་དེ་ལུ།
  • པདྨ་སྒྲོལ་མ Pema Dolma
    ཏེ་བྱམོ་དེ་ ཨ་ཁྱོད་ སླབ་ནི་མང་མས། བྱི་ཅུང་ ཁྱ་རྒོད་ག་ཏེ་འབག་ནི་ ང་བལྟ་སྡོད་འོང་བ། ཟེར་བས་ལོ། ཏེ་ཨིན་ན? ཟེར་སླབ་ཅིགན་ བྱ་པོད་ཡར་ལས་ཕར་ གཡུ་འདི་འོངམ་ཅིགན་ བྱི་ཅུང་ག་ར་འཐུ་ ལགས་པར་འ་ནཱི་སྦེ་ རྐང་མའི་སྡེའུ་བཞར་གུ་བཏབ་ དེ་ལས་ཁ་བཏབ་ འབག་ཡར་སོང་ནུག ཏེ་བྱ་པོད་འདི་ ཕར་ཚལ་མ་ནང་སེའུ་ཤིང་ཚང་ནང་ལུ་ མཇུགམ་ཚུར་སྟོན་ མགུ་ཏོ་ཚལ་མ་ནང་བཙུགས་སྦེ་སྡོད་ནུག ཟེར་བས་ལོ།
  • པདྨ་སྒྲོལ་མ Pema Dolma
    ཏེ་བྱམོ་དེ་གིས་ཡང་ བྱ་པོད་དེ་ བྱམོ་དེ་གིས་ དབའེ་ བྱི་ཅུང་མ་འཐོང་ག་ བྱི་ཅུང་མ་འཐོང་ག་ཟེར་ བྱཔོ་དེ་གིས་ ངེ་གི་མཇུག་སྒྲོ་མི་འཐོང་པས་ག? ངེ་གི་མཇུག་སྒྲོ་མི་འཐོང་པས་ག་ཟེར་ ཁོ་རའི་གཟུགས་འདི་ བདག་འཛིན་འབད་ ཨ་ནཱི་འབད་འབདཝ་མས།
  • པདྨ་སྒྲོལ་མ Pema Dolma
    ཏེ་ཁྱོད་མཇུག་སྒྲོ་ བལྟ་བར་བལྟ་ནི་མིན་ནུག ང་བྱི་ཅུང་ག་ཡ་བུཚུ་ཨིན་མས། ཁོང་རའི་བུ་ཚུ་མས། ད་མི་འབད་བ་ཅིན་ འ་ནཱི་ག་ར་ ཁྱ་རྒོད་འབག་ཆི་ཡི་ ཟེར་སླབ་སྦེ་ ཏེ་སྡོད་སྡོདཔ་མས། ཏེ་འ་ནཱི་ བྱི་ཅུང་འབག་ཆི་སྦེ་ ཏེ་དེ་ལས་ ཏེ་ཨ་ནཱི་གཡུ་འདི་གིས་ཡང་ ཏེ་དེ་ལས་ ཏེ་བྱ་པོད་དེ་ཡང་འབག་ཆི་ནུག
  • པདྨ་སྒྲོལ་མ Pema Dolma
    ཏེ་བྱམོ་དེ་ མོ་རང་རྐྱངམ་ཅིག་ སྤང་ནང་ ཁྱིམ་སྟོངམ་དེ་གི་སྒོ་ཁ་ལུ་ གཟན་མ་ཟ། ཐལ་བ་ཧད་སྦེ་ སྒོང་རྡོག་ཕུད་རྡོག་གཅིགཔོ་ མར་ཨོག་ཁ་ནང་རྫས་ ནོར་གྱི་གདན་གུ་ལུ་འབུད་འབད་སྦེ་ ཏེ་མོ་རའི་བུཚུ་ཨིན་ཟེར་ ཏེ་བྱི་ཅུང་འདི་ ཕྱི་རུ་མར་ སྒོང་རྡོག་དེ་གུ་སྤུབས་སྡོད། ཉི་མ་གཟན་མ་ཟ་སྦེ་སྡོད་སྡོདཔ་མས།
  • པདྨ་སྒྲོལ་མ Pema Dolma
    ཏེ་དེ་ལས་ སྤྱང་ཅུང་ཉེ་ཉེ།(ཨ་ལྕོ་ཉེ་ཉེ་)ཅིག་འོང་དེས། ཟེར་བས་ལོ། དབའེ་བྱ་མ་ ང་ཁྱོད་བཟའ་ག? ཟེར་བས་ལོ། འ་་་་ སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ) ཁྱོད་ ང་བཟའ་མ་ད་སྨ་རེད། ང་ཨ་ལོ་ གསོ་བའི་བསྒང་ཨིན། ཟེར་བས་ལོ།
  • པདྨ་སྒྲོལ་མ Pema Dolma
    ཏེ་ཁྱོད་ ཨ་ལོ་གསོ་བ་ ཨ་ལོ་ག་ཏེ་སྨོ? ཟེར་བས་ལོ། ཏེ་ཨ་ལོ་ མར་འོག་ཐོག་ ཨོག་ཁང་ནང་ བྱ་ཕུག་ནང་ལུ་ ཤོ་མོ་(ཤོམ་འདབ་)གུ་ཡོད། ཟེར་བས་ལོ། ཏེ་ད་ངེ་ ང་བཟའ་མ་ད་ ང་ཨ་ལོ་གསོ་དགོ ཟེར་བས་ལོ། འདིན་བཏུབ་པས། ང་ལྟ་མ་ ཁྱོད་འབད་སར་ཐོན་འོང་ ཟེར་སླབ་སླབ་མས།
  • པདྨ་སྒྲོལ་མ Pema Dolma
    ཏེ་འེང་འེང་ ཟེར་སླབ་སྦེ་ ཏེ་བྱ་མ་གིས་ ཁྱིམ་ནང་ལྷོདཔ་ཅིག་ མར་ཕྱི་རུ་གནམ་སྲོཔ་ཅིག་ སྒོང་རྡོག་ཕུད་རྡོག་གཅིགཔོ་དེ་ འཐུ་འབག་ ཡར་ཐོག་ཁར་ ནོར་གི་ཆག་ སུ་མ་གུ་འཛེགས་སྦེ་ ཡར་འཛུལ་སྡོད་ཡོདཔ་མས། ཏེ་སྤྱང་ཅུང་ཉེ་ཉེ་(་ལྕོ་ཉེ་ཉེ་)དེ་ མོ་བཟའ་ནི་འབད་ ཨོག་ཁང་ནང་ལས་ཕར་ ག་ཏེ་འཚོལ་རུང་ མོ་མིན་ནུག་ལོ། སྒོང་རྡོག་ཡང་མིན་ནུག་ལོ།
  • པདྨ་སྒྲོལ་མ Pema Dolma
    ཏེ་དེ་ལས་ དྲོ་པ་བྱམོ་དེ་ ད་རུང་ སྤང་ནང་ཐོནམ་ཅིག་ ཏེ་སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་)དབའེ་ བྱ་མ་ ཁྱོད་ཤོབ་གནམ་མེད་ས་མེད་རྐྱབ་མས། མདངམ་ཕྱི་རུ་ ང་ཁྱོད་ཨོག་ཁང་ནང་སྡོད་འོང་ཟེར་ མར་ག་ཏེ་བཤལ་རུང་ ཁྱོད་མིན་ནུག ཟེར་བས་ལོ། འ་་་་ ང་མདངམ་ཕྱི་རུ་ མར་ཀི་ཤི་ཟ་ ཡར་ནོར་གྱི་ཆག་གི་ནང་ཡར་སྡོད་ཡི། ང་ཡར་ལས་མར་ ཁྱོད་འབོ་ཅི་བོ་ཟེར་ཤོབ་རྐྱབ་སླབ་སླབ་མས། འདིན་ད་རེས་ ཡར་ཐོན་འོང་སྨེ། ཟེར་བས་ལོ།
  • པདྨ་སྒྲོལ་མ Pema Dolma
    ཏེ་ [ད་རེས་འབདན་?] ཡར་ཤོག་རུང་ཤོག་ ང་མར་ཀི་ཤི་ཟཝ་མས་མནོ། ཡར་ཐོག་ཁར་ཨིན། ཟེར་བས་ལོ། ཏེ་དེ་ལས་ཕྱི་རུ་ ད་རུང་ སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་) ཏེ་ཡར་ཐོག་ཁར་འཛེགས་ ཏེ་སུ་མ་ཚང་ནང་ལས་ཕར་འཚོལ་རུང་ བྱམོ་མིན་ནུག སྒོང་རྡོག་ཕུད་རྡོག་གཅིགཔོ་དེ་ཡང་མིན་ནུག་ལོ།
  • པདྨ་སྒྲོལ་མ Pema Dolma
    དེ་ལས་ དེ་གི་ནངས་པར་ སྤང་ནང་ཐོནམ་ད་ བྱམོ་དེ་གཟན་མ་ཐལ་བར་ཧད་ཟ་སྡོདཔ་ད་ བྱམོ་ཁྱོད་ ཤོབ་རང་རྐྱབ་མས་ཟེར་ མདངམ་ཕྱི་རུ་ མར་ཨོག་ཁང་ནང་སོངམ་ད་ ཀི་ཤི་ཟ་ ཡར་འགྱོ་ཡི་གསེས་ ཡར་སྡོདན་གྱང་མས་ དགུན་གྱང་མས་ཟེར་ ཨོག་ཁང་ནང་འགྱོ་ཡི་ཟེར། ཚར་གཅིག་མེན་པས་ གཉིས་མེན་པས་ཟེར་ ཏེ་བྱམོ་དེ་འཐུ་ཟ་དཔ་མས། སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་)གིས།
  • པདྨ་སྒྲོལ་མ Pema Dolma
    ཏེ་དེ་ལསན་ ཏེ་སྒོང་རྡོག་ཕུད་རྡོག་གཅིགཔོ་དེ་ ཏེ་དང་ཕུ་སྲུང་ ཨ་ནཱི་སྦེ་ཨིན་མས། སྒོང་རྡོག་ཕུད་རྡོག་གཅིགཔོ་དེ་ ཏེ་ཚང་ནང་ལས་ཐོན་ཏེ་ ཨའི་འོང་ནི་མིན་ནུག་ཟེར་ ད་ང་ སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་)གིས་ ངེའི་ཨའི་ཟ་ད་ནུག ང་སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་)གསད་ནི་ཟེར། ལས་མི་འཚོལ་བར་འགྱོཝ་ཨིན་ཟེར་ ཏེ་སྒོང་རྡོག་རིལ་རིལ་རིལ་བཏང་ཐོན་འགྱོ་འགྱོཝ་མས་ གདང་རས་སྦུག་ལས་ཕར་ སྒོ་ཁ་ལས་ཕར། ཏེ་དེ་འབདཝ་ད་ ལས་མི་ར་ དགོད་བྲ་བས་ཏེ་ ལས་མི་ ནཱ་ལས་ཕར་སོངམ་ཅིག་ ཚྭ་གཅིག་དང་ མེ་གཅིག་མས། ཟེར་བས་ལོ། ཚྭ་ ཚྭ་དང་མེ།
  • པདྨ་སྒྲོལ་མ Pema Dolma
    ཏེ་ དབའེ་སྒོང་རྡོག་ ཁྱོད་ག་ཏེ་འགྱོ་ནི? ཟེར་བས་ལོ། སྨ་ ང་མདངམ་ཕྱི་རུ་ལས་ཨའི་འོང་ནི་མེད། ངེ་གི་ཨའི་ སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་)གིས་ཟ་ཡི། ང་ལས་མི་ཅིག་དགོ་པས། ང་ཨའི་གི་ ཨའི་གི་སྲོག་ཚབ་ ཨའི་་་་་ ངེའི་ཨའི་སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་)གིས་ཟ་ད་ནུག ང་ལས་མི་འཚོལ་ སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་)གསད་ནི། ད་ ང་ལས་མི་འཚོལ་བ་ཨིན། ཁྱོད་ ངེ་གི་ལས་མི་ཅིག་འབད་ད་ཟེརཝ་ད་ ཨ་་་་་ འཇམ་འཇམ་ སྡི་སེ་སྨ། སྒོང་རྡོག་སྡི་ཆེ་བས། ང་བཅས་ འབད་འོང་ས་སྨ་རེད། ཚ་གྱང་ལང་མི་དགོ་ཁྱོད་ར། ཟེར་བས་ལོ།
  • པདྨ་སྒྲོལ་མ Pema Dolma
    ཏེ་འེང་འེང་ཟེར་ ཏེ༌ནཱ༌ལས་ཕར་ ཚྭ་དང་མེ་སྡོད་སར་ལས་ཕར་འགྱོཝ་ཅིག་ ནོར་གྱི་ཨ་བ་ཅིག་ཕྱདཔ་མས། ཟེར་བས་ལོ། ནོར་གྱི་ཨ་བ། ནོར་གྱི་ཨ་བ་ཡོད་མེད་ན? འ་ནཱི་གདང་རས་སྦུག་ སྒོ་ཁ་ལུ་ནོར་གྱི་ཨ་བ་ཅིག་ ཏེ་དབའེ་ ནོར་གྱི་ཨ་བ་དེ་གིས་ སླབ་སླབ་མས། དང་ཕུ་ནོར་གྱི་ཨ་བ་གིས་ ཁ་སླབ་ནི་འདུག ཏེ་སྨ་ སྒོང་རྡོག་ཁྱོད་ སྔུ་ཡང་སྔུཝ་མས། གདོང་ཡང་ མིག་ཆུ་ཧུ་མ་ལོག་ལོག་མས། སྡི་ཡང་ཆེ་བས། ཟེར་སླབ་སླབ་མས།
  • པདྨ་སྒྲོལ་མ Pema Dolma
    ཏེ་སྒོང་རྡོག་དེ་གིས་སླབ་མས། སྨ་ཁྱོད་ ངེའི་ལས་མི་ཅིག་འབད་ད་ ང་ངེའི་ཨའི་མདངམ་ཕྱི་རུ་ལས་ འོང་ནི་མིན་ནུག སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་)གིས་ཟ་ནུག ཁྱོད་ངེའི་ལས་མི་འབད་ སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་) གསད་དགོ་པས། ཟེར་བས་ལོ། ཨ་་་་ད་འོང་ ད་འོང་། འཇམ་འཇམ་ ཚ་གྱང་ལང་མི་དགོ ང་བཅས་འབད་འོང་། ཁྱོད་ར་སྔུ་ཡང་མི་དགོ ཟེར་བས་ལོ། འེང་འེང་ ཆ་རོགས་འཚོལ་སོང་ཤིག ཟེར་བས་ལོ། ཏེ་ནཱ་ལས་ཕར་སོངམ་ད་ སྒོའི་རྩ་བ་ལས་ རྟས་ཐག་ཅིག་ལོང་སྡོད་ནུག ཟེར་བས་ལོ། དབའེ་སྒོང་རྡོག་ ག་ཅི་འབདཝ་སྨོ་ ཁྱོད་སྔུ་ཡང་སྔུཝ་མས། གདོང་ཡང་ཧུ་མ་ལོག་ལོག་སྦེ།
  • པདྨ་སྒྲོལ་མ Pema Dolma
    སྨ་ ང་མདངམ་ཕྱི་རུ་ལས་ ངེའི་ཨའི་ སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་)གིས་ཟ་ཡི། ང་ཨའི་ཡང་མེད། ད་ སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་) གསད་དགོ་པས་མནོ་ ལས་མི་འཚོལ་བར་ཨིན། ཟེར་བས་ལོ། ཨ་་་་ འཇམ་འཇམ་ འབད་ནི་རང་མམ། ང་བཅས་འབད་འོང་ ཁྱོད་ཚ་གྱང་ལང་མི་དགོ་ ཟེར་སླབ་ད་ ཏེ་ནཱ་ལས་ཕར་སོངམ་ཅིག་ ཕར་སྒོའི་ཕྱི་ལས་ མདའ་ཅིག་དང་གཞུ་ཅིག་འདུག ཟེར་བས་ལོ།
  • པདྨ་སྒྲོལ་མ Pema Dolma
    མདའ་དང་གཞུ་བཀང་སྟེ་ ཏེ་དབའེ་ ག་ཅིག་འབད་སྨོ? སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་) ནཱ་ སྒོང་རྡོག་ ཁྱོད་ག་ཅི་འབད་སྨོ? ཟེརཝ་ད་ སྨ་ ང་ཨའི་མདངམ་ཕྱི་རུ་ལས་ འོང་ནི་མིན་ནུག ངེའི་ཨའི་ སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་)གིས་ཟ་ད་ནུག ད་ ང་ཨའི་་་་ སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་) ནངས་པར་ལས་གསད་ནི་སྦེ་ ང་ལས་མི་འཚོལ་བར་ཨིན། ཟེར་བས་ལོ།
  • པདྨ་སྒྲོལ་མ Pema Dolma
    འེང་འེང་ ཚ་གྱང་ལང་མི་དགོ་ཁྱོད་ར་ ང་བཅས་འབད་འོང་ ཟེར་སླབ་སླབ་མས། ད་རུང་ ནཱ་ལས་ཕར་སོངམ་ཅིག་ སྦྱངམ་སྦྱི་ངནམ་ཅིག་ཨིན་པས། ཟེར་བས་ལོ། སྦྱངམ་དེ་ སྤ་སྤ་་་་ འུང་འུང་ཟེར་ མ་ཉན་ འ་ནཱི་དང་འཕྱད་དགོ་ནི་ཟེར་ ཤོམ་འདབ་གུ་ལས་ཕར་ ཕེག་ཕེག་ཟེར་ ཏེ་མདུང་ར་ འ་ནཱི་སྦེ་རྐྱབ་མས། ཟེར་བས་ལོ།
  • པདྨ་སྒྲོལ་མ Pema Dolma
    དབའེ་ སྦྱངམ་དེ་ ག་ཅི་འབད་སྨོ? སྒོང་རྡོག་ ཁྱོད་སྔུ་མི་དགོ་པས་ས། ང་ཨའི་མདངམ་ཕྱི་རུ་ལས་ སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་)གིས་ཟ་ད་ཡི། ངེའི་ཨའི་གིས་་་ ཨའི་སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་)གསད་ནི་སྦེ་ ལས་མི་འཚོལ་བར་ཨིན། སྦྱང་མ་ཁྱོད་ ངེའི་ལས་མི་འབད་གནང་མེན་ན? ས། འབད་ནི་རང་མམ་ ད་འོང་ ད་འོང་ ཁྱོད་ཚ་གྱང་ལང་མི་དགོ ཁྱོད་སྔུ་ཡང་མི་དགོ ཟེར་བས་ལོ།
  • པདྨ་སྒྲོལ་མ Pema Dolma
    ཏེ་ལས་མི་ཡོད་ག་ས། ཡོད། ཚྭ་གཅིག མེ་གཅིག ལྷེའུ་རྟས་ཐག་གཅིག་ ནོར་གྱི་ཨ་བ་གཅིག མདའ་དང་གཞུ་ དེ་ལས་ ཁྱོད་ཨིན། ཟེར་བས་ལོ། འ་་་་ བཏུབ་པས་ བཏུབ་པས། ཀྲིག་ཀྲི་མས་དེན་ ཟེར་སླབ་སྦེ་ ཏེ་དེའི་ནངས་པར་ སྒོང་རྡོག་དེ་ ཡར་ཡར་ཐབ་ཀྱི་ དང་ཕུ་གི་ཐབ་ཡོད་མེན་ན? འ་ནཱི་གྱི་བར་སྡོད།
  • པདྨ་སྒྲོལ་མ Pema Dolma
    དེའི་ཞོལ་ལས་ ཚྭ་དེ་སྡོད། དེའི་ཞོལ་ལས་ མེ་དེ་སྡོད། ནོར་གྱི་ཨ་བ་དེ་ གྱལ་གྱི་སྦུག་སྡོད། ལྷེའུ་རྟས་ཐག་དེ་ སྒོའི་རྩ་བ་ལས་ལོང་། ཏེ་གཞུ་དང་མདའ་དེ་ ཕར་སྒོའི་ཕྱི་ལས་སྡོད། ཨེ་ཧེ་ཨེ་་་་་ ཏེ་སྦྱངམ་སྦྱི་ངནམ་དེ་ སྒོའི་ཕྱི་ ཕྱི་ལས་སྡོདཔ་ད་ ཏེ་སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་)དེ་ བཟའ་དགོ་མནོ་ ཨ་ནཱི་སྦེ་ ཁ་ཆུ་ལྟེམ་ལྟེ་སྦེ་ ཏེ་ཁྱིམ་སྟོང་མའི་ནང་འཛུལ་ ཏེ་ཡར་ཐབ་པའི་དོང་ནང་ཁ་རྐྱབ་ སྒོང་རྡོག་གཅིགཔོ་དེ་ བཟའ་ནི་འབདཝ་ཅིག་
  • པདྨ་སྒྲོལ་མ Pema Dolma
    ཚྭ་དང་མེ་དེ་གུ་ལས་འགྱེལཝ་ཅིག་ ཏེབ་ ཟེརཝ་ཅིག་ སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་)མིག་ཏོ་ཁར་ཐལཝ་བཏབ་ གོ་ཐལ་བཏབ། སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་)མིག་ཏོ་འཕུར་ཡི་འཕུར་ཡི་འགྱོཝ། གདང་རས་སྦུག་ ནཱ་་་་ ཡར་ཐབ་པའི་སྒོ་ཁ་ལས་ མར་ཨེན་ཏ་གུ་ཐོནམ་ཅིག་ ནོར་གྱི་ཨ་བ་གུ་ལས་འགྱེལ་ཏ་རྐྱབ་ཅིགན་ ལྷེའུ་རྟས་ཐག་གིས་ མགུ་ཏོ་གུ་ཐེངས་ཕོག་གཅིག་མས། ཟེར་བས་ལོ། ལྷེའུ་རྟས་ཐག་དེ་ མགུ་ཏོ་གུ་འཕུར་ཡི་འཕུར་ཡི་སོངམ་ཅིག་ མཆན་ལོགས་གུ་ མདའ་ཕོག་གཅིག་ཨིན་མས་ལོ།
  • པདྨ་སྒྲོལ་མ Pema Dolma
    ནཱ་ལས་ཕར་སོངམ་ཅིག་ སྦྱངམ་སྦྱི་ངནམ་གིས་ མདུང་ཕོག་གཅིག་བུ་ ཏེ་སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་)བསད་ད་ནུག ཏེ་དེ་ལས་ ཨའི་གི་དམིགས་སྐལ་འཇལ་ཚརཝ་མས། ཁོ་ཨའི་ སྤྱང་ཅུང་ཉེ་ཉེ་(ཨ་ལྕོ་ཉེ་ཉེ་)གིས་ཟཔ་ད་ ཏེ་སྒོང་རྡོག་ཕུད་རྡོག་གཅིགཔོ་དེ་གིས་ ཨའི་ལན་རྐྱབ་ད་ནུག ཨ་་་ ཨ་ནཱིམ་ཅིག་ཨིན་མས། སློབ་དཔོན།། །།